ཉི་མ་ནུབ་རྗེས་སུ་བྲུག་པའི་གཙང་བོ་དམར་ལྗང་།

ཉི་མ་ནུབ
བྱ་ཁྱུས་སང་ཉིན་ཟེར་བཞིན་ཚང་དུ་ལོག
སྟོན་ཁ་སླེབས
ལོ་མས་སང་ལོ་བསམ་བཞིན་རླུང་ལ་འདྲེས

ང་རང་ཁེར་རྐྱང་ཡིན་པས
སྨྲེང་བ་དྲག་པོའི་མེ་འོབས་སུ་ལྷུང
དོ་ནུབ་ཡང
གཏན་དུ་མི་ནུབ་པའི་ཁྱེད་ཀྱི་སྣང་བརྙན
སྒོ་གསུམ་དུ་གསལ་ལེར་འཆར

ང་ཡིས་བསམ་ན
ང་ནི་ཁྱེད་ཀྱི་དྲན་པ་སྦར་མོ་གང་གི་སྐར་ཆ་རེའི་བདག་པོ་སྟེ
རླབས་ཆེ་བའི་བརྩེ་དུངས་གི་རྒྱལ་སྲས་་ཨང

དེ་ལྟར
སྙིང་ཁུ་ཚུར་འདྲ་བོ་འཕག་ཐེངས་རེར
ཁྱེད་ཀྱིས་བཞག་པའི་བསྐལ་བའི་མཛེས་སྡུག
རིགས་དྲུག་སྒུལ་བའི་མཚོ་རླབས་བཞིན་དྲག་ཏུ་འཕྱོ
ང་རང་དེ་རུ་བྱིངས་ནས་དེ་ཡིས་འཁུར་ཏེ
མི་ཡུལ་གྱི
དམྱལ་བ དག་ཞིང དུར་ཁྲོད
ཡང་ན་བར་དོ་སོགས་སུ་སྐྱེ་བ་སྣ་ཚོགས་བླངས
དཀོན་མཆོག་གིས་འདི་ལ
“འཁོར་བའི་གཏིང་རྡོ”་ཞེས་གསུངས་སྐད
ཡིན་ནའང
བཀའ་རྒྱ་དེའི་འགྲོ་བ་འདུལ་མ་ཐུབ
ང་རང་སྐྱོབ་མ་ཐུབ

ད་ནི་བརྗེད་མི་ཕོད་པའི་འདས་དོན་རེ་རེ་ཡིད་ཁམས་ལ་འདྲེན་དུས
ང་ཡི་སྒྱུ་ལུས་ཀྱི་སྣོད་བཅུད་མཐའ་དག་གོ
གནས་ས་བླ་འོག་བརྗེ་འདྲའི་ལྕིག་ལྕིག་གཡོ
བརྩེ་བའི་མི སྙིང་གི་ཁྲག
ཁྱེད་རང་དྲན་པ་ནི་ཇི་འདྲའི་སྡུག་བསྔལ་བའོ

ས་རུབ་སོང
འུག་པ་ཁྱོ་ཤུག་བྲག་ཐེམ་དུ་བུད་དེ
ཕན་ཚུན་གྱི་སྒྲོ་རྩ་འཕྲུག་གིན་དེ་རིང་གི་རྨི་ལམ་གླེང
ང་རང་ཤིན་དུ་གདུང
ཟླ་བ ཟླ་བ
ཁྱེད་རང་ཟླ་བ་རུ་སྤྲུལ་ནས་འོང་བར་རེ་ལྟོས་བྱས
མོག་པོར་གྱུར་བའི་སྐར་མའི་ཚོགས་འདར་ལྷེམ་ལྷེམ
དེ་དག་འདི་ལྟ་སྟེ
སྐར་མ་རེ་རེ་ང་རང་དང ཡང་ན་གཙང་བོ་ཡིན
རེ་རེས་ཁྱེད་རང་དྲན རེ་རེར་ཁྱེད་རང་ཤར
ཐ་མར
ཁྱེད་རང་འོད་དུ་གྱུར རི་མོར་གྱུར

སྐབས་རེར་ང་རང་གཏམ་རྒྱུད་དུ་སིམ
ཤོག་བུའི་མེ་ཏོག་ཅིག་ཏུ་ང་རང་བྲིས་ནས་ཁྱེད་ལ་བསྐུར
དེའི་ཕྱི་ལོར
ཤོག་བུའི་མེ་ཏོག་གིས་མི་གཉིས་ཁུར་ཏེ
ལས་རླང་གི་ཁུད་ནས་གང་སར་རྒྱུ
སྐྱོ་གར་ཡང་མང་པོ་བྱུང

ལན་རེར་ང་རང་ལྷ་སྒྲུང་ལ་གྱུར
ང་ནི་འགྲོ་བའི་ཁམས་དང་མི་འཚམས་པའི་རང་དབང་གི་ལྷ་ཆེན་ནོ
རི་ར་བ་དང་ཁང་ཁྱིམ་སོགས
ཡུལ་རིས་ཡོད་ཚད་ཀྱི་དབྱིབས་དང་རྣམ་པ ཁ་དོག་སོགས
ཁྱེད་ཀྱི་གཟུགས་བརྙན་ཁོ་ན་རུ་བཞེངས་བསྐྲུན་བྱས
འཁོར་བ་མ་སྟོང་བར
ང་རང་དེ་ལྟར་མཐུ་སྟོབས་ཀྱིས་བཞུགས

ཕ་ཡུལ་ཡིན་ན
ད་ཚོད་དུད་ཁྱིམ་ཚོའི་དགོད་སྒྲ་དང་དཀར་མེ་ལམ་ལམ་གྱི་ཁྲོད་ནའོ
ང་རང་ལྟ་བུའི་ཧྲེང་ཧྲེང་གི་འཁོར་བ་ཞིག་ག་ལ་ཡིན
ང་རང་སླར་ཡང་འཁྲུལ
བཞོ་འབྲུ་མའི་སྣ་རླངས་གིས་བསྲོ་བའི་སྦྲ་འོག་ན
དུངས་ཤ་ལྟ་བུའི་ཨོང་དུད་ཀྱི་མེ་ལྕེ་ལྷབ་ལྷུབ་འབར
དེའི་ཕག་ནས་ཁྱེད་ཀྱིས་ང་ལ་འོ་ཇ་སྐོལ
ད་དུང་སྙིམ་པད་དང་བྲང་ཤའི་བར་ནས
བསམ་པ་རྣམ་དག་གིས་བསྒྲོན་པའི་བྱིན་རླབས་ཀྱི་ཚན་ཁ་ཞིག་ཀྱང་འོད་ལམ་ལམ

ཁྱི་རྒན་བྲེལ་འཚུབ་ཀྱིས་“དབའ” “དབའ”ཟེར་དུས
ཐུ་བ་སྤྲུག་སྤྲུག་བྱེད་པའི་ཁྱེད་ཀྱི་ངང་ཚུལ་དེ་ཇི་འདྲ་ཞིག་ཡིན་ནམ

འཁྲུལ་བ་འདི་མངོན་སུམ་དུ་ཆུག
ཨར་འདམ་དང་འཇེབ་འཁོར་གྱི་དུས་རབས་མེད་ན་མེད
ད་དུང་བརྡ་འཕྲིན་དྲྭ་རྒྱའི་ནམ་མཁའ་དེ་བས་མི་དགོས
རྩྭ་ཐང་ལྟ་བུའི་ཁྱེད་ཁོ་ན་ཡོད་པས
ང་ཡི་མངའ་ཐང་ལ་ཟད་མཐའ་སྲིད་དམ
མི་དང་མིའི་སེམས་པ་ཆེས་ཉེ་ས
ཇི་སྲིད་ཀྱི་ཕ་ཡུལ དེ་སྲིད་ཀྱི་ཁྱེད་རང

ཉེ་འཁོར་གྱི་ཕོ་མོ་སྣ་ཚོགས
མུན་པའི་ཁྲོད་ཀྱི་ནག་ཐིག་ཏུ་གྱུར་ནས་ཡལ
སྲང་ལམ་གྱི་འཁོར་སྒྲ་ཆེ་ཆུང
མཚན་མོའི་མཇིངས་ཀྱི་བྲག་ཅ་རུ་ཐིམ་ནས་འཇགས
ང་ཡིས་ཁྱེད་རང་དྲན་པས རིན་བཞིན་ཐེར་གཟུགས་སུ་འཁུམ

སྙིང་ཉེ་ལགས
གནམ་སའི་བར་ཟུག་པའི་སྨག་ཆར་གྱི་ཕོ་བྲང་དེ་ནི་ང་རང་ཡིན
ཁྱེད་ཀྱི་དུས་གསུམ
ཕྱེ་ལེབ་ག་ཚོད་ལ་སྤྲུལ་ནས་འཕུར་ཤོག་དང
ང་རང་གཟས་ནས་འཕུར་ཤོག་དང
ང་ཡིས་སྨག་ཆར་གྱི་ཕོ་བྲང་ཁྱེད་རང་དགའ་སའི་མེ་ཏོག་གི་ར་བར་སྒྱུར་ཆོག

དེ་ལྟར་ཞག་གཅིག་ལ
མི་ཟད་པའི་འཁོར་བ་དེ་ལས་གཏན་དུ་མ་ཐར་རོ།།

                2014.10.14 (01:49) ནུབ་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་ནུབ་རྗེས་སུ་བྲུག་པའི་གཙང་བོ་དམར་ལྗང་།

2015-10-04 ཁ་བ།༼ ལན་ཀྲུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།