སེམས་པའི་བཙོན་དུ་འཁྲུངས་པའི་མེ་ཏོག་ལགས།༼ ཞར་བཀོད་གཅིག་ཡོད ༽

གདོན་མིག༼ ལན་ཀྲུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-07


ཐོགས་རེག་མེད་པའི་ལྕགས་རི་དེ་སྤྲིན་པ་ཞིག་ཡིན་མི་སྲིད
ང་རང་དེ་ཡི་བཙོན་པ་རྙིང་བ་ཞིག་ཡིན
བརྩེ་དུང་དང་ཉིན་ཐོ ད་དུང་ལམ་ཡིག་དང་སྐྲ་ལོ་ནི
བཙོན་ཁང་དེ་རུ་སྔ་མོ་ནས་གྲོལ་ཟིན དེ་ནི
ང་རང་གཉིད་མ་ཡོང་བའི་མཚན་མོ་དེ་རེད

ཤོག་བྱ་ཞིག་ཆུ་ལ་མ་ལྕེབས་པའི་སྔ་རོལ་དུ
ནམ་མཁའི་དྭངས་གཙང་གི་བར་སྟོང་དེ་ནས
ངས་ཁྱོད་རང་དྭངས་གཙང་གིས་འབོད་མྱོང འོན་ཏེ
མཚར་སྡུག་མཐའ་དག་གི་ལང་ཚོ་ཡིས ཡང་ན
དོན་སྙིང་ཡོད་ཚད་ཀྱི་མཐའ་མཚམས་ནས
ང་ཡི་མིག་ཟུང་གིས་ཁྱོད་ལ་སྙན་ངག་མང་དུ་བྲིས
དྲང་མོར་བཤད་ན མི་དེ་ང་རང་མིན་ལགས

བལྟས་ཙམ་གྱིས་དགོད་སླ་ལ་འཛུམ་ཡང་སླ་བའི་ཁྱོད་རང
གྲམ་གཞུང་གི་ཆུ་མོ་དེ་བཞིན་མི་རྒྱུག་རོགས
རྡོག་འོག་གི་ལོ་མ་དེ་བཞིན་མི་འཐོར་རོགས
ང་ནི་ཆུང་འདྲིས་ཀྱི་འོ་མའི་རློན་དྲི་དེ་ཡིན
ང་ནི་སེམས་ནང་གི་གཟུགས་མེད་རླབས་རིས་དེ་ཡིན

སྐར་མ་སེར་པོ་ཞིག་བཙོན་དུ་ལྷུང་ཚེ ད་གཟོད
ཟླ་བ་དཀར་པོ་མཛེས་སྡུག་གིས་ཚེས་སྲིད
ཡིན་ནའང རེ་སྒུག་གི་ཆུ་རགས་ཤོར་བའི་དུས་རབས་ག་ཙམ་བཞུད་སོང
རྨི་ལམ་དུ་དབྱར་ཁ་དྲན་ནས་ལོ་ཟླ་ག་ཙམ་འདས་སོང
ཁ་བ་འདི་མུ་ནས་མུ་རུ་འབབ་སྲིད

འཕྲུལ་སྣང་གི་གྲིབ་མ་ཞིག་ལ་འཇུས་ཏེ
ལམ་ལ་ཆས་པའི་སྣང་བརྙན་ཤར རླུང་བུ་གཡུག་བྱུང
རྐང་རྗེས་ནམ་ཡང་ཤུལ་དུ་བསྐྱུར་བས
ཞེན་ཆགས་ཀྱི་རྩེད་ར་ཆུང་ཆུང་དེ་ཡིས ནམ་ཞིག
ཁྱོད་ལ་ཆུང་འདྲིས་ཞེས་འབོད་སྲིད་དམ
ཡང་ན ཁྱོད་ཀྱིས་ཕ་ཡུལ་ཞེས་འབོད་སྲིད་དམ
སེམས་པའི་བཙོན་དུ་འཁྲུངས་བའི་མེ་ཏོག་ལགས

2015/5/6

              སྐྱོ།

གལ་ཏེ ནམ་མཁའ་འདི་ལྭ་བ་ཞིག་ཡིན་ཚེ
ངས་དབུགས་ཐེངས་གཅིག་གིས་ཚལ་བ་ཚལ་བར་གཤགས་ངེས
གལ་ཏེ ས་གཞི་འདི་འཇིག་རྡེའུ་ཞིག་ཡིན་ཚེ
ངས་ཞེ་སྡང་གིས་ཞིབ་མོར་བྱེ་མར་འཐག་སྟེ་རླུང་ལ་སྤུར་ངེས

བྲང་ཁོག་ཏུ་གདུ་བའི་སྲོག་གི་ངར་མ
མེ་ཏོག་ཅིག་གི་དུར་ས་སྐྱ་བོ
འཚོ་བ བདེ་སྐྱིད དགོད་སྒྲ་སོགས་ནི
བརྩམས་ཆོས་ཤིག་གི་ཁ་བྱང་དུ་བཏགས་ཆོག
                    2015/5/6ཉིན།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པའི་བཙོན་དུ་འཁྲུངས་པའི་མེ་ཏོག་ལགས།༼ ཞར་བཀོད་གཅིག་ཡོད ༽

2015-10-07 གདོན་མིག༼ ལན་ཀྲུ ༽ ཀློག་གྲངས། མཆན ཡོད།


ཐོགས་རེག་མེད་པའི་ལྕགས་རི་དེ་སྤྲིན་པ་ཞིག་ཡིན་མི་སྲིད
ང་རང་དེ་ཡི་བཙོན་པ་རྙིང་བ་ཞིག་ཡིན
བརྩེ་དུང་དང་ཉིན་ཐོ ད་དུང་ལམ་ཡིག་དང་སྐྲ་ལོ་ནི
བཙོན་ཁང་དེ་རུ་སྔ་མོ་ནས་གྲོལ་ཟིན དེ་ནི
ང་རང་གཉིད་མ་ཡོང་བའི་མཚན་མོ་དེ་རེད

ཤོག་བྱ་ཞིག་ཆུ་ལ་མ་ལྕེབས་པའི་སྔ་རོལ་དུ
ནམ་མཁའི་དྭངས་གཙང་གི་བར་སྟོང་དེ་ནས
ངས་ཁྱོད་རང་དྭངས་གཙང་གིས་འབོད་མྱོང འོན་ཏེ
མཚར་སྡུག་མཐའ་དག་གི་ལང་ཚོ་ཡིས ཡང་ན
དོན་སྙིང་ཡོད་ཚད་ཀྱི་མཐའ་མཚམས་ནས
ང་ཡི་མིག་ཟུང་གིས་ཁྱོད་ལ་སྙན་ངག་མང་དུ་བྲིས
དྲང་མོར་བཤད་ན མི་དེ་ང་རང་མིན་ལགས

བལྟས་ཙམ་གྱིས་དགོད་སླ་ལ་འཛུམ་ཡང་སླ་བའི་ཁྱོད་རང
གྲམ་གཞུང་གི་ཆུ་མོ་དེ་བཞིན་མི་རྒྱུག་རོགས
རྡོག་འོག་གི་ལོ་མ་དེ་བཞིན་མི་འཐོར་རོགས
ང་ནི་ཆུང་འདྲིས་ཀྱི་འོ་མའི་རློན་དྲི་དེ་ཡིན
ང་ནི་སེམས་ནང་གི་གཟུགས་མེད་རླབས་རིས་དེ་ཡིན

སྐར་མ་སེར་པོ་ཞིག་བཙོན་དུ་ལྷུང་ཚེ ད་གཟོད
ཟླ་བ་དཀར་པོ་མཛེས་སྡུག་གིས་ཚེས་སྲིད
ཡིན་ནའང རེ་སྒུག་གི་ཆུ་རགས་ཤོར་བའི་དུས་རབས་ག་ཙམ་བཞུད་སོང
རྨི་ལམ་དུ་དབྱར་ཁ་དྲན་ནས་ལོ་ཟླ་ག་ཙམ་འདས་སོང
ཁ་བ་འདི་མུ་ནས་མུ་རུ་འབབ་སྲིད

འཕྲུལ་སྣང་གི་གྲིབ་མ་ཞིག་ལ་འཇུས་ཏེ
ལམ་ལ་ཆས་པའི་སྣང་བརྙན་ཤར རླུང་བུ་གཡུག་བྱུང
རྐང་རྗེས་ནམ་ཡང་ཤུལ་དུ་བསྐྱུར་བས
ཞེན་ཆགས་ཀྱི་རྩེད་ར་ཆུང་ཆུང་དེ་ཡིས ནམ་ཞིག
ཁྱོད་ལ་ཆུང་འདྲིས་ཞེས་འབོད་སྲིད་དམ
ཡང་ན ཁྱོད་ཀྱིས་ཕ་ཡུལ་ཞེས་འབོད་སྲིད་དམ
སེམས་པའི་བཙོན་དུ་འཁྲུངས་བའི་མེ་ཏོག་ལགས

2015/5/6

              སྐྱོ།

གལ་ཏེ ནམ་མཁའ་འདི་ལྭ་བ་ཞིག་ཡིན་ཚེ
ངས་དབུགས་ཐེངས་གཅིག་གིས་ཚལ་བ་ཚལ་བར་གཤགས་ངེས
གལ་ཏེ ས་གཞི་འདི་འཇིག་རྡེའུ་ཞིག་ཡིན་ཚེ
ངས་ཞེ་སྡང་གིས་ཞིབ་མོར་བྱེ་མར་འཐག་སྟེ་རླུང་ལ་སྤུར་ངེས

བྲང་ཁོག་ཏུ་གདུ་བའི་སྲོག་གི་ངར་མ
མེ་ཏོག་ཅིག་གི་དུར་ས་སྐྱ་བོ
འཚོ་བ བདེ་སྐྱིད དགོད་སྒྲ་སོགས་ནི
བརྩམས་ཆོས་ཤིག་གི་ཁ་བྱང་དུ་བཏགས་ཆོག
                    2015/5/6ཉིན།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།