ཕོ་བྲང་།

འབུམ་ཕྲག༼ ཀན་ལྷོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-27

             ༡
རྒྱང་རིང་གི་ཆེས་ཐག་རིང་གི་ཕོ་བྲང་།
སྤྲིན་ནག་མཐུག་པོ་ཞིག་མཁའ་མཐར་བརྐྱངས་ཤིང་།
གྲིབ་མ་ཟབ་མོ་ཞིག་ཕྱོགས་མཐར་བསྲིངས་འདུག
མཐའ་བསྐོར་དུ་ཅི་ཡང་མི་འདུག་སྟེ།
མཚམས་རེར་རླུང་འཚུབ་ཤེད་ཀྱིས་ལྡང་བས།
སྣང་བ་ཞིག་ལ་ཕོ་བྲང་དེ་རྡུལ་འཚུབ་ཀྱི་ཁྲོད་འཁར་བ་བསྟེན་པའི་བགྲེས་པོ་ཞིག་ལྟར།
འཁྱར་འཁྱོར་བྱེད་བཞིན་ཡོད་དམ་སྙམ།
ཡང་། ཁ་ཆར་སྟོབས་ཀྱིས་འབབ་པའི་ཚེ།
ཕོ་བྲང་དེ་གྲང་ལྟོགས་ཀྱིས་མནར་པའི་བདག་མེད་ཀྱི་སྤྲང་པོ་ཞིག་དང་མཚུངས་པར།
འཁུམས་ཤིང་ཤི་མ་གསོན་དུ་གྱུར་ལ་ཁད་དུ་འདུག་སྙམ།
མཐའ་བསྐོར་དུ་ཅི་ཡང་མི་འདུག
དུ་སྤྲིན་ནམ་སྨུག་པ་མཐུག་པོ་ཞིག་ལས་ཅི་ཡང་མི་འདུག
ཕོ་བྲང་དེའི་ཕྱི་ལ་ཤིན་ཏུ་ནག་པའི་ཚོན་ནག་ཅིག་བྱུགས་པ་བཞིན།
ཤིན་ཏུ་ནག་ལ་ཡིད་ལ་དེ་ནི་མུན་ནག་གི་ཕ་ཁྱིམ་མ་ཡིན་ནམ་སྙམ་པར་བྱེད།
མཐའ་བསྐོར་དུ་ཅི་ཡང་མི་འདུག
ངོ་མ་ཅི་ཡང་མི་འདུག་སྟེ། ཐ་ན་མཚམས་རེར་འོག་གི་ས་གཞི་ཡང་མི་འདུག་པར་སྙམ་ལ།
མཁའ་དབྱིངས་ཤིག་ན་གཡེང་འདུག་སྙམ།
ཕལ་ཆེར་ཕོ་བྲང་ཁོང་ལོ་ངོ་འབུམ་ཕྲག་དུ་མ་ཞིག་ལ་ཁེར་ཧྲེང་དུ་ལུས་སོང་པར་ངེས།
རྒྱ་ཕིབས་ཁོ་ན་ངོས་ཟིན་པ་ལས་དེའི་འོག་གི་རྨང་ཡོད་ཚད་དང་།
དེའི་མཐའ་བསྐོར་གྱི་སྒོར་མོའི་དབྱིབས་ལྟར་ལུས་པའི་རྩིག་པ་དེ་དག་གཏན་ནས་ངོས་ཟིན་ཐབས་མི་འདུག
ཁོ་དངོས་གནས་ལོ་ངོ་འབུམ་ཕྲག་རིང་ཁེར་རྐྱང་དུ་ལུས་སོང་པར་ངེས།
ཕལ་ཆེར་ལོ་ངོ་ཁྲི་སྟོང་རིང་ཉི་ཐིག་ཕྲ་མོ་ཞིག་ཀྱང་ཕོག་མེད་དམ་སྙམ།
ནུབ་ཕྱོགས་སུ་ཡོད་པའི་སྒོ་དར་དེ་ལ་ལྟོས་དང་།
ཤིང་དུམ་ཟད་པོ་ཞིག་ས་ལ་བཙུགས་པ་ཞིག་དང་འདྲ་སྟེ།
ད་ནི་དངོས་གནས་སྒོ་དར་ཞིག་ཡིན་མིནའང་ཤེས་དཀའ་མོ་རེད།
འོན་ཀྱང་། ངས་ནི་སྒོ་དར་ཞིག་ཏུ་ངོས་བཟུང་ཡོད་ལ།
དངོས་གནས་སྒོ་དར་ཞིག་ཡིན་པར་རེ།
༼སྒོ་དར་དུ་འཇོག་ཐབས་བྲལ་ན་ཡང་།༽

             ༢
མཚན་མོ་སླེབས་ཚེ། ངས་ནི་ཕོ་བྲང་དེ་མཐོང་མི་སྲིད་དམ་སྙམ།
འོན་ཀྱང་དོན་དངོས་ནི་དེ་ལས་ལྡོག་སྟེ། མིག་ལམ་ནས་ཇེ་གསལ་དུ་འགྲོ་ཞིང་།
མཚམས་རེར་ཀེང་རུས་ནག་པོའི་སྤུངས་ཆེན་པོ་ཞིག་ཏུ་སྣང་ལ།
རུས་པའི་གསེང་གི་ཤ་འབུ་ཡང་ནག་པོ་ཡིན་པར་མ་ཟད།
དེ་ཚོ་བར་མེད་དུ་སོག་སོག་ཏུ་འགུལ་བཞིན་འདུག
མཚམས་རེར་དུར་ཁྲོད་དུ་ལུས་པའི་རས་ནག་པོ་ཞིག་བཀབ་པའི་བེམ་རོ་ཆེན་པོ་ཞིག་ཏུ་སྣང་།
འོན་ཀྱང་། བེམ་རོ་དེ་མི་ཞིག་གི་བེམ་རོ་ཡིན་ནམ་ཡང་ན་སྲོག་ཆགས་གཞན་ཞིག་གི་བེམ་རོ་ཡིན་མིན་གཏན་ནས་མི་ཤེས།
དེ་བས་ཁོ་བོས་ཕོ་བྲང་དེ་མིག་གིས་ཡོལ་ཐབས་རྦད་དེ་བྲལ་བ་སྟེ།
མིག་ཟུང་ཤེད་ཀྱིས་བཙུམས་ཀྱང་ཕོ་བྲང་དེ་ཁོ་བའི་མིག་གི་དབང་རྩར་བཏགས་པ་ཡིན།
ཡང་ན་ལུས་ཀྱི་དབང་རྩ་ཡོད་རྒུ་དེ་ལ་འཐམས་པ་བཞིན།
དངོས་གནས། ང་རང་མ་ཤི་བར་དུ་ཕོ་བྲད་དེ་གཏན་ནས་གཏོང་ཐབས་བྲལ་བར་སྙམ།
ཡིན་ཡང་ཁོ་བོས་ནམ་ཡང་མཐོང་ཐབས་བྲལ་བས།
དེ་ནི་སྨྲ་བསམ་བརྗོད་འདས་ཀྱི་གྱོང་གུད་ཅིག་ཅི་ལ་མིན།

             ༣
ནང་དུ་ཅི་ཡོད་དམ།
ཕོ་བྲང་དེའི་ནང་དུ་ཅི་ཡོད་དམ།
ཁོ་བོར་མཚོན་ན་འདི་ནི་འཇིག་རྟེན་འདིའི་ཆེས་བཙུན་པའི་གསང་བ་རེད།
ཁོ་བོའི་རྣམ་ཤེས་ཀྱི་གྲག་ཅས་ཕོ་བྲང་འདི་ནི་མིའི་རིགས་ཀྱི་རང་གཟུགས་དང་།
ལོ་རྒྱུས་ཀྱི་མེ་ལོང་། རིག་གནས་ཀྱི་མཚོན་བྱེད་ཡིན་ཟེེར།
འོན་ཀྱང་། ངས་ཅི་ཡང་མཐོང་ཐབས་མི་འདུག་སྟེ།
ལོ་ངོ་འབུམ་ཕྲག་དུ་མའི་རིང་ཁེར་རྐྱང་དུ་ལུས་པའི་ཕོ་བྲང་འདིའི་ནང་ཅི་ཡོད་དམ།
ང་ཚོས་དངོས་གནས་ཚོད་དཔག་བྱ་ཐབས་བྲལ་ལ།
ཐ་ཚིག་དང་སྡོམ་ཚིག་དེ་བས་ཀྱང་ངོ་།།
ག་དུས་ཡིན་རུང་དུ་སྤྲིན་གྱིས་བཏུམས་ཤིང་།
གསལ་ལ་མི་གསལ་བའི་དངོས་པོ་འདིའི་ནང་ཅི་ཡོད་དམ།
ང་ཚོས་དངོས་གནས་ཐག་གཅོད་ཐབས་བྲལ།
ནག་རོག་རོག་གི ཁེར་ཧྲེང་ངང་བཙན་གྱིས་ཡར་ལངས་པ་འདྲ་བའི་ཕོ་བྲང་འདིའི་ནང་ཅི་ཡོད་དམ།
ངས་ནི་སྒོ་ཆེན་ཀྱང་ཕྱོགས་གང་ན་ཡོད་པ་གཏན་ནས་མཐོང་མི་བཏུབ་ལ།
སྒེའུ་ཁུང་ཡོད་མེད་ཀྱང་ཤེས་མི་བཏུབ་པས།
ང་རང་ཕོ་བྲང་དེ་དོན་དངོས་ཐོག་གནས་སྲིད་དམ་མི་སྲིད།
ཡང་ན་དངོས་པོ་འདི་ཕོ་བྲང་ཞིག་ཡིན་སྲིད་དམ་མི་སྲིད་ལ་ཤིན་ཏུ་དོགས་ཟ།
ཡིན་ཡང་། ང་ཚོ་སུ་ཡིན་ཡང་མཁར་རྫོང་དེ་ལ་བཅར་ཐབས་བྲལ་བས།
ཐ་ན་རྨི་ལམ་དང་དངོས་ཡོད་གཉིས་གོ་བརྗེ་བརྒྱབ་ཀྱང་།
ཡང་ན་རྨི་ལམ་ཡོད་ཚད་དངོས་ཡོད་དུ་འགྱུར་ཡང་།
ང་ཚོ་ནི་ཆེས་ཅི་བྱ་གཏོལ་མེད་གྱུར་བའི་སྲོག་ཆགས་སུ་འགྱུར་བ་ལས་འོས་ཡོད་མི་སྲིད།
དེ་བས། དེ་དག་ནི་རྗེས་དཔག་གི་ཁོངས་སུ་འཇོག་པ་ལས་འོས་པ་མི་འདུག
ཡིན་ན་ཡང་། ཕོ་བྲང་དེ་ཁོ་བོས་གཏན་ནས་ཕྱིར་ཕུད་ཐབས་མི་འདུག་གོ།།

རྣམ་ཤེས་བཙན་གྱིས་བསྡུས་ཀྱང་།
ཤེས་བྱ་ཡོད་རྒུ་ཁོང་དུ་ཆུད་སྲིད་ན་ཡང་།
ལོ་ངོ་འབུམ་ཕྲག་དུ་མར་འཚོ་བཞེས་གནང་ཐུབ་ཀྱང་།
ཡོད་ཚད་སྟོང་བསམ་རེད།

             2015/7/1ཉིན་འགྲུབ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་བྲང་།

2015-11-27 འབུམ་ཕྲག༼ ཀན་ལྷོ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།