སྒྱུ་རྩལ་བ།


ཁྱེད་རང་མཚོན་བྱེད་ཀྱི་འདྲ་པར་དེས
འདྲ་པར་ངོས་ཀྱི་ཤེལ་ལེབ་ལ་ཐོག་རེག་མེད་པར
རྒྱ་མཚོའི་ཁ་གཏད་ཀྱི་སྒེའུ་ཁུང་དེ་ལན་གསུམ་བརྡུངས

ཁྱེད་ཀྱི་སྐྲ་ལོ་གཞན་ལས་སྐྱེས་པ་མགྱོགས་པས
རང་ཁོ་ནའི་སྐྲ་གསེང་དུ་ལྡུམ་བུ་སྐྱེ
ཁྱོད་ཀྱི་ལུས་དྲོད་ཀྱིས་བསྲོས་པའི་ས་གཞིས་ཁྱོད་རང་ཡང་ཡང་བཏུམས
རླངས་པ་ཐོལ་ཐོལ་གྱིས

ཁ་ངོ་ཡོངས་རྫོགས་མེ་ལྟར་འབར་བའི་སྐྲེ་དཀྲིས་ཀྱིས་བཏུམས་ཚེ
མཛེས་སྡུག་གི་སྤྱང་མོ་ཁྱུ་ཞིག་གིས
ལུག་ཁྱུའི་སྐྲག་འཇིགས་དང་ཞེད་སྣང་ལ
ལྕེ་ལྡག་དང་སྣོམ་སྣོམ་བྱེད

གཡང་ལ་ལྷུང་བའི་བུ་མོ་དེའི་ཨག་སྐད་ཀྱིས
མིག་དབང་བརྡོལ་བའི་མིག་ཟུང་ཀུན་ལས་འོད་སྣང་བྲུས
འོན་ཀྱང་ཁྱེད་ཀྱི་མིག་ཟུང་ལ་རྩུད་སྐུད་ནག་པོས་ཁ་སྦྲེལ་བས
འོད་སྣང་གི་ཚབ་ཏུ་འདོད་སྲེད་བརྙན་ཐུང་དགུ་ཕྱོགས་སོར་བཀྲམ

སའི་གོ་ལའི་ཚངས་ཐིག་ལ་དཀར་ཡོལ་ཞིག་སིལ་བུར་ཆག་པའི་ཆ་ཤས་ལས་མེད་དེ
རོ་མའི་ཡུགས་མོ་ཞིག་གིས་གསུང་རབ་གྱི་རྐང་ལག་བཅད་ནས
ཁྱེད་ལ་ཆ་མི་འགྲིག་པའི་ཨམ་ཅོག་གཉིས་བཟོས་པས
སྒེའུ་ཁུང་འགྲམ་གྱི་བྱེའུ་དེ་གསལ་ལ་མི་གསལ་བའི་དྲ་ཡོལ་གྱིས་བསྒྲིབ་པར་འདོད

གཞན་གང་ཡང་མིན་ཏེ དྲོད་འཁྱག་གཉིས་ཀ་མཉམ་དུ་སྐྱེ་བས
རི་བོ་དེ་ལྟེ་བ་བྱས་ན ཐབ་ཚང་ལོགས་ཀྱི་ཁྱེད་རང་ནང་བཞིན
ཉི་མས་ཉིན་རེར་ཕལ་ཆེར་སྐོར་བ་བཅུ་ཕྲག་རེ་རྒྱག་དགོས
ཀྱེ ཁྱེད་ཀྱིས་གསོས་པའི་རི་དྭགས་དེས་ཁྱེད་ཀྱི་ལག་པ་བཏིངས་པའི་ལམ་ཕྲན་ལ་རྡུལ་དམར་འཁོར་དུ་བཅུག་སོང

                            ༢༠༡༥-༠༦-༠༦ 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་རྩལ་བ།

2015-12-18 ཤིང་བཀྲ ཀློག་གྲངས། མཆན ཡོད།


ཁྱེད་རང་མཚོན་བྱེད་ཀྱི་འདྲ་པར་དེས
འདྲ་པར་ངོས་ཀྱི་ཤེལ་ལེབ་ལ་ཐོག་རེག་མེད་པར
རྒྱ་མཚོའི་ཁ་གཏད་ཀྱི་སྒེའུ་ཁུང་དེ་ལན་གསུམ་བརྡུངས

ཁྱེད་ཀྱི་སྐྲ་ལོ་གཞན་ལས་སྐྱེས་པ་མགྱོགས་པས
རང་ཁོ་ནའི་སྐྲ་གསེང་དུ་ལྡུམ་བུ་སྐྱེ
ཁྱོད་ཀྱི་ལུས་དྲོད་ཀྱིས་བསྲོས་པའི་ས་གཞིས་ཁྱོད་རང་ཡང་ཡང་བཏུམས
རླངས་པ་ཐོལ་ཐོལ་གྱིས

ཁ་ངོ་ཡོངས་རྫོགས་མེ་ལྟར་འབར་བའི་སྐྲེ་དཀྲིས་ཀྱིས་བཏུམས་ཚེ
མཛེས་སྡུག་གི་སྤྱང་མོ་ཁྱུ་ཞིག་གིས
ལུག་ཁྱུའི་སྐྲག་འཇིགས་དང་ཞེད་སྣང་ལ
ལྕེ་ལྡག་དང་སྣོམ་སྣོམ་བྱེད

གཡང་ལ་ལྷུང་བའི་བུ་མོ་དེའི་ཨག་སྐད་ཀྱིས
མིག་དབང་བརྡོལ་བའི་མིག་ཟུང་ཀུན་ལས་འོད་སྣང་བྲུས
འོན་ཀྱང་ཁྱེད་ཀྱི་མིག་ཟུང་ལ་རྩུད་སྐུད་ནག་པོས་ཁ་སྦྲེལ་བས
འོད་སྣང་གི་ཚབ་ཏུ་འདོད་སྲེད་བརྙན་ཐུང་དགུ་ཕྱོགས་སོར་བཀྲམ

སའི་གོ་ལའི་ཚངས་ཐིག་ལ་དཀར་ཡོལ་ཞིག་སིལ་བུར་ཆག་པའི་ཆ་ཤས་ལས་མེད་དེ
རོ་མའི་ཡུགས་མོ་ཞིག་གིས་གསུང་རབ་གྱི་རྐང་ལག་བཅད་ནས
ཁྱེད་ལ་ཆ་མི་འགྲིག་པའི་ཨམ་ཅོག་གཉིས་བཟོས་པས
སྒེའུ་ཁུང་འགྲམ་གྱི་བྱེའུ་དེ་གསལ་ལ་མི་གསལ་བའི་དྲ་ཡོལ་གྱིས་བསྒྲིབ་པར་འདོད

གཞན་གང་ཡང་མིན་ཏེ དྲོད་འཁྱག་གཉིས་ཀ་མཉམ་དུ་སྐྱེ་བས
རི་བོ་དེ་ལྟེ་བ་བྱས་ན ཐབ་ཚང་ལོགས་ཀྱི་ཁྱེད་རང་ནང་བཞིན
ཉི་མས་ཉིན་རེར་ཕལ་ཆེར་སྐོར་བ་བཅུ་ཕྲག་རེ་རྒྱག་དགོས
ཀྱེ ཁྱེད་ཀྱིས་གསོས་པའི་རི་དྭགས་དེས་ཁྱེད་ཀྱི་ལག་པ་བཏིངས་པའི་ལམ་ཕྲན་ལ་རྡུལ་དམར་འཁོར་དུ་བཅུག་སོང

                            ༢༠༡༥-༠༦-༠༦ 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།