ཁ་སྤུའི་བད།༼ ཞར་བཀོད་གཉིས་ཡོད ༽

7A6BC6E1gjsljg.jpg

རྡུལ་རྔ་རིང་བོ་གནར་གྱིན་གནར་གྱིན་མི་ཚོགས་སྲང་བཙོག་བརྒལ་ནས་ཁ་སྤུའི་བད་ལ་འཁྱུད
ཁ་སྤུའི་བད་ནི་སྐྱ་བོ    མཐུག་པོ   དར་འཁྱགས   མི་རབས་དགུ་ལ་ཞུ་མི་ཐུབ
ཁ་སྤུ་དག་བཞར་བ་ན    སྐད་ཅིག་ལ་ནག་པོ་ནག་རྐྱང་ལས་བད་ནག་པོར་སྨྱོ
ང་ལ་གསེར་གྱི་ལྡིང་ཁང་སྦྱིན་ཟེར་མཁན་གྱི་ལག་པ་དག་རྣག་གིས་ཟོས་ཚར
མཁར་སྒོ་རྒྱོབས་ཟེར་མཁན་གྱི་ཁོག་པ་ཧྲིལ་བོ་བད་ནག་པོས་ཧྲེ་རློག་རློག་བཙོས
ཁྲུས་རྫིང་དང་བརླ་ཤ་རུ་ཉལ་ཐ་རྨས་མ་སོ་དགུ་ཆུ་འོག་སྐྱ་ནག་ལས་མ་ལོན
ས་ཆ་འདིས་ཀྱང་རང་སྲོག་བཅད་ནས་བདུན་བདུན་ཞེ་དགུ་ལོན་ཚར
བྱིས་པ་སྣབས་ཁ        ཁྱོད་ལ་ཁ་སྤུ་ཡིས་ཅི་བྱེད
ཁ་སྤུ་ནི་ཆགས་སྲེད་ཀྱི་མཚོན་བྱེད་དོ་ཟེར
ཁ་སྤུ་རུ་བད་ཡོད་པ་རེད
བད་ནི་ཡག་མ་གཅེར་བུར་བུད་པ་དག་ལ་ཟེར་རམ
ལག་པ་མི་འཚིག་སླད་ངས་ནི་ཡ་ཁ་དག་མིག་ཆུས་བཀོག་ནས་ཁོ་ཚོར་སྦྱར
འདོམས་ལ་རྨ་བུད་བྱུང་ཟེར     ཚང་མས་གཅིན་སྐྱག་གིས་གཤད་བྱུང་ཟེར
མོའི་གཞང་སྒོར་ཁ་སྤུས་ཟྭ་བརྒྱབ་ཀྱང་ཕྱི་ནང་ལ་བད་སོར་དགུ་ཆགས
ཁྱོད་སོང་རྗེས   དོར་རྗེས   མེད་པར་གྱུར་པས་གྲོང་ཁྱེར་བད་ནད་ཀྱིས་གཡོགས
ཤེས་པ་ནས་མི་ཤེས་པར་གྱུར་པའི་འགྲམ་ཞེང་སྨུག་ནག་དག་ལའང་ང་ཡི་བད་འབྱར
ཞིང་གྲོང   འབྲོག་ཐང་མི་ཚོགས་སུ་གྲོང་ཁྱེར་དུག་བད་ཁ་ཚ་འཕྱུར་པས་ལ་དགུ་ལུང་དགུར་བྲོས
ང་ཡིས   རང་གི་ཁ་སྤུ་དག་ཁྲུས་བྱེད་ཞོར་བད་དག་གཅོང་ནད་དུ་བཙིར་ནས་རང་ལ་ལྡག
ཟས་ཐུན་འཁྱགས་པོ་དག་རུམ་ཁུག་ལས་བླངས་ནས་རང་ཉིད་ཡན་གར་བཏང
ང་ལ་ཁ་སྤུ་མང        ཁ་སྤུ་རུ་བད་ཀྱང་ལྡབ་འགྱུར་བྱོ
མིག་གིས་མིག་ཅིག་བཟོ་བ་ལས་གང་ལ་འགྲོའམ

                                                                 201508.21

                        ཤའམ་རུས་སམ་ཁྲག་སྲད་པ།

ང་ཡི་ཁྱོད་ཆུས་རྒྱང་ལ་ཁྱེར
སྡར་ཁྱི་ཡིས་རྨུགས
མུ་གེས་ཟོས
ནད་ཐུམ་ཐོག་བརྩེགས་དགུ་བ་ནས་རླུང་སྤུ་རྐྱ་གཅིག་ཏུ་ཟགས་ལ་ཉེ
གྲིབ་མ་དག་ང་ཡི་གདོང་ལ་གཡོགས་པས་ནུ་མ་ཤི་བོ་དག་འཁྱགས་ཕྱིད་ཐེབས
སྒྲོག་གུ་གཅིག་ལྷུང་སོང་ཡང་སྒྲོག་གུ་གཞན་ཞིག་ང་ཡི་མཁྲིས་པ་ལས་བསྐྱུགས
ང་ཡི་སེན་མོ་དག་སྲ་དྲགས་པས་རང་ལ་བྲད་ནས་ཤི་སྨྱོས་བྱེད་ཚུལ་རུས་སུ་ཟུག
དུས་ཚོད་འཚིག་ཤུལ་ནས་ཉལ་ཐ་འདིས་ང་ཡི་རུས་པ་དག་ནག་པོར་བཤམས
དུས་ཚོད་གཅིག    གཉིས    གསུམ   བཞི་ཡིས་འཐགས་འཁྲུལ་སྤར་མོ་འགམ
ས་ལ་འགྱེལ་རྗེས            ང་རང་ཉལ་ཐ་ནག་པོ་སླེ་མོ་གང་ངོ

                                                             2015.08.23

                           རླངས་འཁོར་ལས་འཁོར་བ།

སྐག་ཚོས་ཀྱིས་སྐག་ཚོས་སུ་བསྒྱུར་པའི་དངོས་པོ་དག་རླངས་འཁོར་ལ་བུད་ཚར
ལྭ་བ་ཡིས་ལྭ་བར་བསྒྱུར་པའི་ལྭ་བས་རླངས་འཁོརAརྟགས་ཅན་ཁྱོད་དང་ང་ཡི་མིག་ཐོག་ཏུ་བསྐོར
གང་ལའང་མ་ཐོན       ང་ཡིས་ས་ཁེམ་བུ་གང་ཀློག་པའི་ལམ་ཙམ་ཡང་མ་ནོན
མགོ་ཡོམ་འཁོར་ཞིང་བསྐྱུགས་བསྐྱུགས་མཐར་འབུ་རྒན་རོག་སྡི་ལྷ་སར་སོང་བ་སྐྱོ་བས་གདུང
བསྐྱུགས་ལུད་ཀྱིས་བརྫད་པའི་ལྭ་བ་དག་ཁང་བ་ཧྲལ་ཧྲུལ་སྲ་མོ་ཞིག་ལ་འཐོགས་ནས་གཅིར
མགོ་བོ་ཅི་ཙམ་དགྱེ་ཡང་སྒུར་ཞིང་དཀྱོགས་འཁོར་དུ་ནག་རིལ་རིལ་རྔ་མར་སྐྱེས
པགས་ལྷམ་ཁོ་ནས    ང་ཁོ་ན་ལ་ས་ཞིང་ཟེར་བའི་དཔེ་དེབ་ཅིག་སློག་ཏུ་བཅུག
མཆི་མས་བརྫིས་པའི་ང་རང་ཤུབས་ནག་སྡོམ་ཚང་དུ་དྲུད     སྐྱག་ལུད་དུ་ཁྱེར
ང་ཡི་ནད་རྙིང་གིས་ང་ཡི་མལ་ཁྲི      ང་ཡི་ཁ་བ       ང་ཡི་ཙག་རླུང་རྨས

                                                                      2015.08.27

                                                                               རྩོམ་སྒྲིག་པ། སྐྱ་བོ།

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་སྤུའི་བད།༼ ཞར་བཀོད་གཉིས་ཡོད ༽

2016-01-30 འཕྱན་བྷང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།