རྨ་འོད་ཀྱི་སྙན་ངག་གསར་བ། ང་ཚོའི་ལམ་དེ་གང་ན་ཡོད།

རང་ས་ནས་སེམསས་ལྷོད་ཅག་གེར་ལག་པ་བྲང་ལ་བཞག་ན
རང་གི་ཉེ་འཁོར་ནས་འགྲོ་རྒྱུག་གི་འཚུབ་ཆ་དེ་མཐོང་ན
རང་གིས་ཀྱང་ངེས་པར་དུ་ལམ་ཞིག་གདམ་དགོས་པ་དྲན་ན
ང་ཚོའི་ལམ་དེ་གང་ན་ཡོད་སྙམ་ན 
ཚོད་ཚོད་ལ་ལམ་དྲན་ནས་སྙིང་མི་བསྲེག་ག་མེད་རེད

ང་ཚོའི་ལམ་དེ་གང་ན་ཡོད 
མལ་ཁྲི་ནས་བལྟས་ཚོད་དུ་སྒོ་འགྲམ་ན་ཡོད་ཡོད་འདྲ་ཡང  
སྒོར་འབྱོར་དུས་ཁྱིམ་གྱི་འགྲོ་ལམ་དེ་ཡང་མཐོང་ས་མི་འདུག 
དོན་དངོས་སུ་ང་ཚོའི་ལམ་དེ་མིག་གིས་འཚོལ་དགོས་ཞིག་ཡིན་ནམ ཡང་ན་སེམས་ཀྱིས་བཞེངས་དགོས་པ་ཞིག་ཡིན

དུས་རྒྱུན་དུ་སེམས་རྟ་རྒོད་འདྲ་བ་དེ
ཁ་རིང་གློད་ཐུང་གློད་ཀྱིས་བཏང་ཡང 
རྨིག་རྗེས་གོར་གོར་ཅིག་ད་བར་མཐོང་ས་མི་འདུག
ང་ཚོའི་ལམ་དེ་གང་ན་ཡོད 
གནམ་སྔོན་པོའི་མཐའ་ན་ཨེ་ཡོད
ས་ནག་པོའི་གཏིང་ན་ཨེ་ཡོད

གནམ་སའི་བར་དེ་ལམ་ཞིག་ཡིན་ཟེར་ན
ཆེ་ཆེ་འདྲ་ལ་ཆུང་ཆུང་ཡང་འདྲ་སོང
དེ་ནི་ཕར་བལྟས་ཚོད་དུ་ཡངས་ཡངས་འདྲ་བ་ཞིག་རེད
བགྲོད་ན་ཉག་ཕྲ་བ་ཕྲ་བ་ཞིག་ཀྱང་རེད
མི་མང་པོ་ཞིག་གིས་འཚོལ་འཚོལ་ནས་རྙེད་ཡོད་ཟེར་སྲིད
དོན་དམ་དུ་སུས་ཀྱང་མ་རྙེད་པའི་གསང་བ་རིལ་རིལ་དེ་ཡིན

ལོ་ངོ་འདི་དག་ཏུ་ཆུ་བཏུལ་བ་ཁག་ཅིག་མཐོང་ཡོད
རི་སྙོམས་པ་ཁག་ཅིག་མཐོང་ཡོད
དེ་བཞིན་ཆུ་ལམ་དང་རི་ལམ་ནས
རང་ལ་ཚང་བཅའ་མཁན་ཁག་ཅིག་ཀྱང་མཐོང་ཡོད
གལ་སྲིད་མིའི་རིགས་འདི་བྱ་བྱེའུ་བཞིན
ཚང་འཚོལ་མཁན་ཞིག་ཡིན་ཟེར་ན  
མཚན་གཅིག་གི་གནས་མལ་རྙེད་ཡོད་ས་རེད
དོན་དམ་དུ་ང་ཚོའི་ལམ་དེ་གང་ན་ཡོད 

གོམ་གང་སྔུན་ལ་སྤོས་རྗེས 
ང་ཚོའི་ལམ་དེ་གང་ན་ཡོད
མགོ་བོ་དགྱེ་ཙམ་བྱས་རྗེས
ང་ཚོའི་ལམ་དེ་གང་ན་ཡོད
ལམ་ཁོ་ནར་གཟབ་གཟབ་ནས་གོམ་ཁ་གཡོན་སོང་ཟེར་ན
ལམ་ཁོ་ནར་དམིགས་དམིགས་ནས་སྙིང་ཁ་ཟགས་སོང་ཟེར་ན
རྐང་བ་འགྱེལ་དུས རུས་པ་དག་བྱེ་མར་འཐག་དུས
ཚེ་སྲོག་དེ་ཡང་དུས་རྩོད་ཀྱི་མདའ་མགོ་བཞིན་ཐག་སེ་ཆད་དུས
ང་ཚོའི་ལམ་དེ་གང་ན་ཡོད

                       ༢༠༡༦•༤•༢༣ཧང་ཀྲུའུ་ནས།

                                                                               རྩོམ་སྒྲིག་པ། དབང་མོ།

                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འོད་ཀྱི་སྙན་ངག་གསར་བ། ང་ཚོའི་ལམ་དེ་གང་ན་ཡོད།

2016-04-28 ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།