ཉི་འོད།༼ ཞར་བཀོད་དྲུག་ཡོད ༽

                     ཉི་འོད། 

ང་ནི་མུན་པ།
ཁྱེད་ཀྱིས་ཉི་འོད་ཁྱེར་ཤོག     
ཐག་རིང་གི་ཉི་འོད།

ང་ནི་ཆབ་རོམ།      
ཁྱེད་ཀྱིས་ཉི་འོད་ཁྱེར་ཤོག      
དབྱར་གྱི་ཉི་འོད།

ང་ནི་ཤོར་པ།         
ཁྱེད་ཀྱིས་ཉི་འོད་ཁྱེར་ཤོག         
འཇིག་རྟེན་གྱི་ཉི་འོད།

               2016/6/3-/10

                         མི་ཚེ།
ངུ་ཆོག་ཚེ།          
ངུས་ན་ཆོག
མིག་ཆུ་ང་མིན་པས།          
འགྲོ་དགོས་འདུག་དགོས་མི་ཤེས།

བགད་ཆོག་ཚེ།          
བགད་ན་ཆོག          
འཛུམ་མདངས་ཁྱོད་མིན་པས།          
འདུག་དགོས་འགྲོ་དགོས་མི་ཤེས།

              2016/06/11-12

                     སྨུག་པ།

ཁྱེད་འོང་བ།  
གློ་བུར།  
ངའི་གཡབ་མོ་མིན།

ཁྱེད་བཞུད་པ།  
གློ་བུར།
ངའི་རྫོངས་བ་མིན།

               2016/06/15--16

                      རྒྱང་རིང་དང་བྱིས་སྒྲུང་།

ཁྱེད་ཀྱིས་ང་ལ་བྱིས་སྒྲུང་ཞིག་བཤད།
བྱིས་སྒྲུང་ན་རྒྱང་རིང་ཡོད།
རྒྱང་རིང་ན་བྱིས་སྒྲུང་ཡོད།

ངས་ཁྱེད་ལ་བྱིས་སྒྲུང་ཞིག་བཤད།
བྱིས་སྒྲུང་ན་རྒྱང་རིང་མེད།
རྒྱང་རིང་ན་བྱིས་སྒྲུང་མེད།

               2016/6/20-21

                        དགུང་སྔོན་ན་འཕུར་བའི་ཁྲུང་ཁྲུང་།

ཉི་འོད་ཀྱི་དྲོད་སྣང་།   
ངས་ཡུན་རིང་སྨོན་ན།
ནམ་མཁའ་དང་ས་གཞིའི་བར་ཐག
ག་དུས་འཇལ།

ཁྲུང་ཁྲུང་གི་འཕུར་སྟངས།
ངས་ཡུན་རིང་སྒུག་ན།
དཔྱིད་ཀ་དང་སྟོན་ཁའི་སྣང་བརྙན།
ག་དུས་བཙལ།

ཉི་འོད་བཞུད་པ་ལྟར།
ནམ་མཁའ་སྐྱ་མདོག་ཅིག
ཁྲུང་ཁྲུང་རྨས་པ་བཞིན།
མགྲིན་གླུ་ཟ་ཟི་ཞིག

           2016/6/17-20

                      མཚན་མོར་ཉུལ་བ།

ཟླ་བ་གང་ན།   
བཙལ་བཙལ་རྗེས།   
སྨག་རུམ་སྟུག་པའི་མཚན་མོ་ཞིག

ལྷ་གང་ན།
སྒུག་སྒུག་རྗེས།
མིག་ཆུ་སྐམ་པའི་ལྷ་ཞིག

རྨི་ལམ་གང་ན།    
དྲན་དྲན་རྗེས།    
ཆར་བས་གཤེར་བའི་རྨི་ལམ་ཞིག

               2016/6/21

                         ཁྱེད་ཀྱི་འཇིག་རྟེན་ལ་ཆར་བ་འབབ་བམ།

སྦྲང་མའི་འཕུར་སྟངས།
གཞན་ཞིག་རེད།
མ་འཕུར་ན་བསམ་བསམ།
ངའི་སེམས་ལ་མ་དབང་།

ཆར་བའི་ཤག་སྒྲ།   
ཁྱེད་ཀྱི་འཇིག་རྟེན་ན་ཆར་བ་འབབ་བམ།

ལྷག་པའི་མེ་ཏོག
སུ་ཡི་མཛེས་སྡུག་ཡིན།   
མ་འཐོར་ན་བསམ་བསམ།   
ངའི་སྨོན་ལམ་དང་ཨེ་འཕྲད།

                       2016/6/22


                                                                 རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད།༼ ཞར་བཀོད་དྲུག་ཡོད ༽

                     ཉི་འོད། 

ང་ནི་མུན་པ།
ཁྱེད་ཀྱིས་ཉི་འོད་ཁྱེར་ཤོག     
ཐག་རིང་གི་ཉི་འོད།

ང་ནི་ཆབ་རོམ།      
ཁྱེད་ཀྱིས་ཉི་འོད་ཁྱེར་ཤོག      
དབྱར་གྱི་ཉི་འོད།

ང་ནི་ཤོར་པ།         
ཁྱེད་ཀྱིས་ཉི་འོད་ཁྱེར་ཤོག         
འཇིག་རྟེན་གྱི་ཉི་འོད།

               2016/6/3-/10

                         མི་ཚེ།
ངུ་ཆོག་ཚེ།          
ངུས་ན་ཆོག
མིག་ཆུ་ང་མིན་པས།          
འགྲོ་དགོས་འདུག་དགོས་མི་ཤེས།

བགད་ཆོག་ཚེ།          
བགད་ན་ཆོག          
འཛུམ་མདངས་ཁྱོད་མིན་པས།          
འདུག་དགོས་འགྲོ་དགོས་མི་ཤེས།

              2016/06/11-12

                     སྨུག་པ།

ཁྱེད་འོང་བ།  
གློ་བུར།  
ངའི་གཡབ་མོ་མིན།

ཁྱེད་བཞུད་པ།  
གློ་བུར།
ངའི་རྫོངས་བ་མིན།

               2016/06/15--16

                      རྒྱང་རིང་དང་བྱིས་སྒྲུང་།

ཁྱེད་ཀྱིས་ང་ལ་བྱིས་སྒྲུང་ཞིག་བཤད།
བྱིས་སྒྲུང་ན་རྒྱང་རིང་ཡོད།
རྒྱང་རིང་ན་བྱིས་སྒྲུང་ཡོད།

ངས་ཁྱེད་ལ་བྱིས་སྒྲུང་ཞིག་བཤད།
བྱིས་སྒྲུང་ན་རྒྱང་རིང་མེད།
རྒྱང་རིང་ན་བྱིས་སྒྲུང་མེད།

               2016/6/20-21

                        དགུང་སྔོན་ན་འཕུར་བའི་ཁྲུང་ཁྲུང་།

ཉི་འོད་ཀྱི་དྲོད་སྣང་།   
ངས་ཡུན་རིང་སྨོན་ན།
ནམ་མཁའ་དང་ས་གཞིའི་བར་ཐག
ག་དུས་འཇལ།

ཁྲུང་ཁྲུང་གི་འཕུར་སྟངས།
ངས་ཡུན་རིང་སྒུག་ན།
དཔྱིད་ཀ་དང་སྟོན་ཁའི་སྣང་བརྙན།
ག་དུས་བཙལ།

ཉི་འོད་བཞུད་པ་ལྟར།
ནམ་མཁའ་སྐྱ་མདོག་ཅིག
ཁྲུང་ཁྲུང་རྨས་པ་བཞིན།
མགྲིན་གླུ་ཟ་ཟི་ཞིག

           2016/6/17-20

                      མཚན་མོར་ཉུལ་བ།

ཟླ་བ་གང་ན།   
བཙལ་བཙལ་རྗེས།   
སྨག་རུམ་སྟུག་པའི་མཚན་མོ་ཞིག

ལྷ་གང་ན།
སྒུག་སྒུག་རྗེས།
མིག་ཆུ་སྐམ་པའི་ལྷ་ཞིག

རྨི་ལམ་གང་ན།    
དྲན་དྲན་རྗེས།    
ཆར་བས་གཤེར་བའི་རྨི་ལམ་ཞིག

               2016/6/21

                         ཁྱེད་ཀྱི་འཇིག་རྟེན་ལ་ཆར་བ་འབབ་བམ།

སྦྲང་མའི་འཕུར་སྟངས།
གཞན་ཞིག་རེད།
མ་འཕུར་ན་བསམ་བསམ།
ངའི་སེམས་ལ་མ་དབང་།

ཆར་བའི་ཤག་སྒྲ།   
ཁྱེད་ཀྱི་འཇིག་རྟེན་ན་ཆར་བ་འབབ་བམ།

ལྷག་པའི་མེ་ཏོག
སུ་ཡི་མཛེས་སྡུག་ཡིན།   
མ་འཐོར་ན་བསམ་བསམ།   
ངའི་སྨོན་ལམ་དང་ཨེ་འཕྲད།

                       2016/6/22


                                                                 རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།