སྡུག་བསྔལ།༼ ཞར་བཀོད་གཉིས་ཡོད ༽


སེམས་ལ་གཏོད་པའི་གཏམ
ཁྲག་གི་རླངས་པ་སྐྱ་བོ
རི་མོ་ཞིག་དང་ཁྱད་པར་མེད་པའི
དངན་པ་རིང་མོ་དེའི་སྒྲ་རླབས
རྒྱང་རིང་གི་ཁྱེད་དང་ཉེ་རུ་འདྲེས

ཁྱེད་ནི་སྒེའུ་ཁུང་ལས་མཐོང་བའི
སྒོ་གསེང་ནས་ཕྲད་པའི
མི་རྟག་སྒྱུ་མའི་རྨི་ལམ
རྣམ་ཤེས་ཚོགས་དྲུག་སྒུལ་བའི
རླུང་བུ་གཤོག་པ་ཅན་གྱི་སྤྲུལ་བ

དེ་དག་ལས་ཐེབས་པའི་བསླུ་བྲིད
ཁ་བ་སྲབ་མོ་སྲབ་མོ་ཞིག་ཉི་འོད་ཀྱི་འོག་ན
དལ་མོར་ཞུ་བཞིན་ཡོད་པའི་མཛེས་སྡུག
སྐད་ཅིག་གློ་བུར་དུ་སྣང་བའི་དུས་ཚོད
སྐྱེ་རྒ་ན་འཆི་དཀྲུགས་བྱེད་ཀྱི་དབྱུག་པ་རོམ་པོ

                                                    འདང་ལ་བཅོལ་བའི་ཡི་གེ

དུས་ཚོད་ཀྱི་རྐང་རྗེས་འཚོལ་ཐབས་བྲལ་བའི
མདུན་གྱི་ལམ་ཕྲན་དེའི་སྣེ་མོ་མཚོ་གཏིང་ལ་ཟུག་ཡོད་དམ

བདག་གི་བརྩེ་དུང་གི་ཉ་མོ་ཆུ་རུ་འཛུལ་ནུས་ཚེ
གཤོག་པ་ཡ་གཅིག་གི་སྟེང་ལ་ཟེགས་མས་གཟུག་གམ

ཁྱེད་ཀྱིས་གདུང་སེམས་ཀྱི་རླབས་རིས་མངོན་ཏེ
རླུང་བུ་བཞིན་ཟེགས་མ་ཕར་ལ་བདའ་འམ

ཤུལ་ཏུ་ལྷག་པའི་ཀོ་གྲུ་ཆུང་ཆུང་གི་གཡོར་མོ
འུ་གཉིས་ཀྱི་མིང་ཡིག་བྲི་སའི་དུར་བྱང་བྱེད་དམ

ཡིག་འབྲུ་དེ་དག་ལས་ཐོབ་པའི་ཕོ་བྲང་སྐྱ་བོ
ཚེ་མཇུག་ལ་འཛུམ་མདངས་ཙམ་སྟོན་སའི
ཡང་ན   ཁ་ཆེམས་ཤིག་འཇོག་སའི
རང་དབང་གི་གནས་མལ་དེ་བྱའམ

རྣམ་ཤེས་ཟུང་སོ་སོར་བྲལ་རྗེས
འུ་གཉིས་ཀྱི་བེམ་པོ་མཉམ་དུ་མེ་རུ་བསྲེག་གམ

མེ་ལྕེའི་རི་མོ་སྣ་ཁ་སྣ་ཚོགས
གྱེན་ལ་མཆེད་དུས་ཕན་ཚུན་མཐོང་ངམ

                                                  འཕྲུལ་བ།

སྣང་བ
སྤྲིན་པ
དཀར་ནག་གི་ཁ་དོག
ཡིད་འོང་གི་ཐོབ་ཤོར
སྒྱུ་མའི་ངོ་བོ
ཕ་རོལ་ཚུར་རོལ

དཀྱིལ་དབུས
མཛེས་སྡུག་མཚོན་པའི་དུས་ཚོད
འཆི་བ་དང་ལང་ཚོ
རྨི་ལམ་གྱི་ཕྱི་ནང
མག་མོག

མུན་པ
གཙང་བོ
ཁེར་རྐྱང་གི་སྒྲ
གདུང་སེམས་ངོ་མ

བདེན་རྫུན
ཐག་པའི་སྣེ་མོ
བར་ཐག་གི་ངལ་བ

ཨ་ཐང་ཆད་པའི་སེམས
ཁྲག་གི་ཕོ་བྲང་གློ་ཁ

མངོན་ལྐོག་གཉིས་ལྡན་གྱི་འཕྲུལ་བ


                                                                                  རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུག་བསྔལ།༼ ཞར་བཀོད་གཉིས་ཡོད ༽

2016-08-02 རྡོ། ཀློག་གྲངས། མཆན ཡོད།


སེམས་ལ་གཏོད་པའི་གཏམ
ཁྲག་གི་རླངས་པ་སྐྱ་བོ
རི་མོ་ཞིག་དང་ཁྱད་པར་མེད་པའི
དངན་པ་རིང་མོ་དེའི་སྒྲ་རླབས
རྒྱང་རིང་གི་ཁྱེད་དང་ཉེ་རུ་འདྲེས

ཁྱེད་ནི་སྒེའུ་ཁུང་ལས་མཐོང་བའི
སྒོ་གསེང་ནས་ཕྲད་པའི
མི་རྟག་སྒྱུ་མའི་རྨི་ལམ
རྣམ་ཤེས་ཚོགས་དྲུག་སྒུལ་བའི
རླུང་བུ་གཤོག་པ་ཅན་གྱི་སྤྲུལ་བ

དེ་དག་ལས་ཐེབས་པའི་བསླུ་བྲིད
ཁ་བ་སྲབ་མོ་སྲབ་མོ་ཞིག་ཉི་འོད་ཀྱི་འོག་ན
དལ་མོར་ཞུ་བཞིན་ཡོད་པའི་མཛེས་སྡུག
སྐད་ཅིག་གློ་བུར་དུ་སྣང་བའི་དུས་ཚོད
སྐྱེ་རྒ་ན་འཆི་དཀྲུགས་བྱེད་ཀྱི་དབྱུག་པ་རོམ་པོ

                                                    འདང་ལ་བཅོལ་བའི་ཡི་གེ

དུས་ཚོད་ཀྱི་རྐང་རྗེས་འཚོལ་ཐབས་བྲལ་བའི
མདུན་གྱི་ལམ་ཕྲན་དེའི་སྣེ་མོ་མཚོ་གཏིང་ལ་ཟུག་ཡོད་དམ

བདག་གི་བརྩེ་དུང་གི་ཉ་མོ་ཆུ་རུ་འཛུལ་ནུས་ཚེ
གཤོག་པ་ཡ་གཅིག་གི་སྟེང་ལ་ཟེགས་མས་གཟུག་གམ

ཁྱེད་ཀྱིས་གདུང་སེམས་ཀྱི་རླབས་རིས་མངོན་ཏེ
རླུང་བུ་བཞིན་ཟེགས་མ་ཕར་ལ་བདའ་འམ

ཤུལ་ཏུ་ལྷག་པའི་ཀོ་གྲུ་ཆུང་ཆུང་གི་གཡོར་མོ
འུ་གཉིས་ཀྱི་མིང་ཡིག་བྲི་སའི་དུར་བྱང་བྱེད་དམ

ཡིག་འབྲུ་དེ་དག་ལས་ཐོབ་པའི་ཕོ་བྲང་སྐྱ་བོ
ཚེ་མཇུག་ལ་འཛུམ་མདངས་ཙམ་སྟོན་སའི
ཡང་ན   ཁ་ཆེམས་ཤིག་འཇོག་སའི
རང་དབང་གི་གནས་མལ་དེ་བྱའམ

རྣམ་ཤེས་ཟུང་སོ་སོར་བྲལ་རྗེས
འུ་གཉིས་ཀྱི་བེམ་པོ་མཉམ་དུ་མེ་རུ་བསྲེག་གམ

མེ་ལྕེའི་རི་མོ་སྣ་ཁ་སྣ་ཚོགས
གྱེན་ལ་མཆེད་དུས་ཕན་ཚུན་མཐོང་ངམ

                                                  འཕྲུལ་བ།

སྣང་བ
སྤྲིན་པ
དཀར་ནག་གི་ཁ་དོག
ཡིད་འོང་གི་ཐོབ་ཤོར
སྒྱུ་མའི་ངོ་བོ
ཕ་རོལ་ཚུར་རོལ

དཀྱིལ་དབུས
མཛེས་སྡུག་མཚོན་པའི་དུས་ཚོད
འཆི་བ་དང་ལང་ཚོ
རྨི་ལམ་གྱི་ཕྱི་ནང
མག་མོག

མུན་པ
གཙང་བོ
ཁེར་རྐྱང་གི་སྒྲ
གདུང་སེམས་ངོ་མ

བདེན་རྫུན
ཐག་པའི་སྣེ་མོ
བར་ཐག་གི་ངལ་བ

ཨ་ཐང་ཆད་པའི་སེམས
ཁྲག་གི་ཕོ་བྲང་གློ་ཁ

མངོན་ལྐོག་གཉིས་ལྡན་གྱི་འཕྲུལ་བ


                                                                                  རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།