སྒྲུང་དང་མི་ཚེ།(ཞར་བཀོད་བཞི་ཡོད)

ཐོ་ཡོར།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-10-09


ཉིན་ཞག་ཁྲི་ཕྲག་མང་པོའི་ནང་གི་ཉིན་གཅིག
ཚེ་གང་བོར་བྲིས་པའི་སྒྲུང་རིང་ཞིག་དང་འདྲ
བར་སྐབས་ཤིག་ལ
ནུས་ཤུགས་ཟད་པའི་སེམས་ཀྱང
སྒྲུང་རིང་ནང་གི་དགུན་ཁར་གྱུར

སུ་ཞིག་གིས་ཏག་ཏག་ཉིན་ཞག་བརྒྱ་རིང་ལམ་སྒྲོན་བཙུགས
མཐོང་ལམ་དུ་མངོན་པའི་སྐྱེ་དངོས་དག
ཞིབ་ཏུ་བལྟས་ན   སྒྲུང་རིང་ནང་གི་འཆི་བས་བསུབ་བཞིན་འདུག
རླུང་གིས་འཁུར་མི་ནུས་པའི་མྱང་འདས་ནི
སྒྲུང་རིང་གི་མཇུག་མཐའི་ཡིག་ཕྲེང་གཅིག་ཡིན

སྐབས་ཤིག་མི་ནི་ཕ་ཡུལ་ནས་བོར་བའི་བྱིས་པ་ཞིག་སྟེ
ཡིག་འབྲུ་ཁྲི་ཕྲག་གསེང་གི་ཚེག་ཐིགས་ཤིག
སྒྲུང་རིང་གི་སྟོད་སྨད་གང་ནས་ཀྱང
ལམ་ནོར་ཐེབས་སྟེ་ཕྱིར་འོང་མི་སྲིད

                 2017.9.26

               འཁོར་བ།  
             

དལ་བུར་རྒས་བཞིན་པའི་ནགས་ཚལ་དུ
ཡལ་གའི་ཚོགས་ཀྱི་སྨྲ་ལྕེ་ལ་གཟེར་མ་ཐེབས
ཤིན་ཏུ་ལྕི་བའི་གསང་བ་སྣ་ཚོགས་ཀྱིས
མིག་གི་མེ་ལོང་གཅོག་པར་བྱེད

ཡི་གར་འོང་བའི་གཅོང་རོང་གི་འོད་ཟེར
དུས་ཚོད་ཀྱིས་བསྲེགས་པའི་ཐག་པས་ཐག་རིང་དུ་བསྐྱལ
མཐའ་ཡས་པའི་བརྩེ་བའི་བྲག་ཆས
འཚོ་བའི་མེ་སྟག་སྤར་བར་བྱེད

                  2017.9.25

               མུན་པ།
   
ཆེ་ཆུང་ཤོར་བའི་མགོ་ཐོག་གི་སྐར་ཕྲན་ཁྲག་ཁྲིག
རི་དྭགས་གླིང་ཀའི་རླུང་གིས་གཏོར
འབར་སླ་བའི་འཆར་སྣང་གི་བརྡ་རྟགས
སོང་གིན་སོང་གིན་འཁོར་བའི་མཐའ་ལ་སླེབས
ཡུད་ཙམ་རྒྱལ་བའི་རྗེས་ཀྱི་སྨུག་པ
འཕྲུལ་འཁོར་དང་གློག་ཆས་ཀྱི་མཚན་མོར་གྱུར

                     2017.9.25

              ཉིན་མོ་རེ་རེར།  ཡང་ན་མཚན་མོ་རེ་རེར།

མུན་པའི་ནང་དུ་ལག་སྙོབས་བྱས་ན
འུ་ཐུགས་པའི་ངོ་གདོང་མང་པོར་རེག་ཐུབ
ཁྱོད་ཀྱིས་ཟང་ཟིང་གིས་གཙེས་པའི་མི་ཚོགས་ཀྱི་གདོང་ལ
ཁྲག་ཐིགས་ཤིག་གིས་དམར་རྩི་ཕབས

ཡོལ་བ་འདི་ཡི་ཕར་ནང
རྟོག་བཏགས་ཀྱི་རི་མོ་ཞིག
ཕྱོགས་དང་ཕྱོགས་སུ
དྲག་ཆར་ས་རུ་ལྷུང་བའི་འོད་ཀྱིས་གང

དྲན་པ་འཐོར་བའི་མི་ཞིག
རྣམ་ཤེས་ཀྱི་ཕྱི་རོལ་ནས
མྱ་ངམ་ཐང་གི་སྨིག་སྒྱུ་དེད་དེ
ཉིན་ནས་ཉིན་དུ་རྒུད་པའི་ལམ་དུ་ཞུགས

གྲིབ་མའི་གསེང་གི་གར་མའི་སྟང་སྟབས
མཚམས་ལན་རེར་མེ་ཡི་སྙིང་བོས་ཀྱང་གཅིལ་མི་ནུས་པས

རིམ་གྱིས་ས་འོག་ཏུ་ནུབ
དུས་ཚོད་ཀྱི་མདའ་སྣེ་དལ་ཅག་གེར་བསྡད
དེ་ཡང    ཁྱོད་གཞས་གཏོང་བཞིན་ཤི་བའི་སྐབས་ཀྱི་མིག་མདངས་བཞིན

                2017.8.23

               འཕྲུལ་སྣང་།

གློ་བུར་སྣང་བའི་ཡུལ་འདིའི་སྲང་ལམ་དུ།།
ལམ་འཛོལ་བྱུང་བའི་སྐྱེ་བོའི་ཆོ་ངེས་གང་།།
བཙུན་མ་ཞིག་ཀྱང་ཆགས་པའི་ཉི་འོད་གསེང་།།
རྔུལ་ཆུའི་ཐིགས་པ་སྒྲུག་བཞིན་གདུག་སྤོས་བྱུག།
མཚན་ལམ་བརྒལ་པའི་བགྲེས་པོའི་མིག་ལྕིབས་འོག།
རྡུལ་ཕྲན་གཅིག་གི་ཉམ་ངའི་འོ་དོད་ཀྱང་།།
འཆི་འཕོའི་བར་སྐོར་གླིང་ནས་ཡང་ཡང་གྲགས།།
གཟུང་དང་འཛིན་པའི་གྲིབ་མའི་ཡལ་ག་རུ།།
གཟུགས་དང་གཟུགས་མེད་ཆུ་མིག་བརྡོལ་བཞིན་འཐམ།།
སྙན་པའི་སྒྲ་ཡང་ས་ལ་འཐོར་བའི་སྐབས།།
མཚན་མོའི་རླུང་གིས་ཁུར་བའི་གཟུགས་བརྙན་སོགས།།
གཟུགས་ཀྱི་འཁྲི་བའི་སྣམ་བུའི་སྣེ་མོ་རུ།།
གཟུགས་མེད་མེ་ཡིས་འཚིག་པའི་འཕྲུལ་བ་བྱུང་།།

འོན་ཏེ་ཤ་ཁྲག་ཁུར་བའི་སྒྱུ་འཕྲུལ་ཡང་།།
ཡོད་དང་མེད་པའི་རྒྱ་ལས་རྒ་བར་འགྱུར།
འཁོར་བའི་གྲང་ངར་སྣང་བའི་རྒྱབ་ནས་ལྡང་།།
མི་རྣམས་རྩིག་གྱང་ངོས་ཀྱི་ཁེར་རྐྱང་དུ།།
ཇ་སྐོལ་མེ་འབུད་སྡོང་བོ་འཛུགས་མཁན་གྱུར།།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་དང་མི་ཚེ།(ཞར་བཀོད་བཞི་ཡོད)

2017-10-09 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།


ཉིན་ཞག་ཁྲི་ཕྲག་མང་པོའི་ནང་གི་ཉིན་གཅིག
ཚེ་གང་བོར་བྲིས་པའི་སྒྲུང་རིང་ཞིག་དང་འདྲ
བར་སྐབས་ཤིག་ལ
ནུས་ཤུགས་ཟད་པའི་སེམས་ཀྱང
སྒྲུང་རིང་ནང་གི་དགུན་ཁར་གྱུར

སུ་ཞིག་གིས་ཏག་ཏག་ཉིན་ཞག་བརྒྱ་རིང་ལམ་སྒྲོན་བཙུགས
མཐོང་ལམ་དུ་མངོན་པའི་སྐྱེ་དངོས་དག
ཞིབ་ཏུ་བལྟས་ན   སྒྲུང་རིང་ནང་གི་འཆི་བས་བསུབ་བཞིན་འདུག
རླུང་གིས་འཁུར་མི་ནུས་པའི་མྱང་འདས་ནི
སྒྲུང་རིང་གི་མཇུག་མཐའི་ཡིག་ཕྲེང་གཅིག་ཡིན

སྐབས་ཤིག་མི་ནི་ཕ་ཡུལ་ནས་བོར་བའི་བྱིས་པ་ཞིག་སྟེ
ཡིག་འབྲུ་ཁྲི་ཕྲག་གསེང་གི་ཚེག་ཐིགས་ཤིག
སྒྲུང་རིང་གི་སྟོད་སྨད་གང་ནས་ཀྱང
ལམ་ནོར་ཐེབས་སྟེ་ཕྱིར་འོང་མི་སྲིད

                 2017.9.26

               འཁོར་བ།  
             

དལ་བུར་རྒས་བཞིན་པའི་ནགས་ཚལ་དུ
ཡལ་གའི་ཚོགས་ཀྱི་སྨྲ་ལྕེ་ལ་གཟེར་མ་ཐེབས
ཤིན་ཏུ་ལྕི་བའི་གསང་བ་སྣ་ཚོགས་ཀྱིས
མིག་གི་མེ་ལོང་གཅོག་པར་བྱེད

ཡི་གར་འོང་བའི་གཅོང་རོང་གི་འོད་ཟེར
དུས་ཚོད་ཀྱིས་བསྲེགས་པའི་ཐག་པས་ཐག་རིང་དུ་བསྐྱལ
མཐའ་ཡས་པའི་བརྩེ་བའི་བྲག་ཆས
འཚོ་བའི་མེ་སྟག་སྤར་བར་བྱེད

                  2017.9.25

               མུན་པ།
   
ཆེ་ཆུང་ཤོར་བའི་མགོ་ཐོག་གི་སྐར་ཕྲན་ཁྲག་ཁྲིག
རི་དྭགས་གླིང་ཀའི་རླུང་གིས་གཏོར
འབར་སླ་བའི་འཆར་སྣང་གི་བརྡ་རྟགས
སོང་གིན་སོང་གིན་འཁོར་བའི་མཐའ་ལ་སླེབས
ཡུད་ཙམ་རྒྱལ་བའི་རྗེས་ཀྱི་སྨུག་པ
འཕྲུལ་འཁོར་དང་གློག་ཆས་ཀྱི་མཚན་མོར་གྱུར

                     2017.9.25

              ཉིན་མོ་རེ་རེར།  ཡང་ན་མཚན་མོ་རེ་རེར།

མུན་པའི་ནང་དུ་ལག་སྙོབས་བྱས་ན
འུ་ཐུགས་པའི་ངོ་གདོང་མང་པོར་རེག་ཐུབ
ཁྱོད་ཀྱིས་ཟང་ཟིང་གིས་གཙེས་པའི་མི་ཚོགས་ཀྱི་གདོང་ལ
ཁྲག་ཐིགས་ཤིག་གིས་དམར་རྩི་ཕབས

ཡོལ་བ་འདི་ཡི་ཕར་ནང
རྟོག་བཏགས་ཀྱི་རི་མོ་ཞིག
ཕྱོགས་དང་ཕྱོགས་སུ
དྲག་ཆར་ས་རུ་ལྷུང་བའི་འོད་ཀྱིས་གང

དྲན་པ་འཐོར་བའི་མི་ཞིག
རྣམ་ཤེས་ཀྱི་ཕྱི་རོལ་ནས
མྱ་ངམ་ཐང་གི་སྨིག་སྒྱུ་དེད་དེ
ཉིན་ནས་ཉིན་དུ་རྒུད་པའི་ལམ་དུ་ཞུགས

གྲིབ་མའི་གསེང་གི་གར་མའི་སྟང་སྟབས
མཚམས་ལན་རེར་མེ་ཡི་སྙིང་བོས་ཀྱང་གཅིལ་མི་ནུས་པས

རིམ་གྱིས་ས་འོག་ཏུ་ནུབ
དུས་ཚོད་ཀྱི་མདའ་སྣེ་དལ་ཅག་གེར་བསྡད
དེ་ཡང    ཁྱོད་གཞས་གཏོང་བཞིན་ཤི་བའི་སྐབས་ཀྱི་མིག་མདངས་བཞིན

                2017.8.23

               འཕྲུལ་སྣང་།

གློ་བུར་སྣང་བའི་ཡུལ་འདིའི་སྲང་ལམ་དུ།།
ལམ་འཛོལ་བྱུང་བའི་སྐྱེ་བོའི་ཆོ་ངེས་གང་།།
བཙུན་མ་ཞིག་ཀྱང་ཆགས་པའི་ཉི་འོད་གསེང་།།
རྔུལ་ཆུའི་ཐིགས་པ་སྒྲུག་བཞིན་གདུག་སྤོས་བྱུག།
མཚན་ལམ་བརྒལ་པའི་བགྲེས་པོའི་མིག་ལྕིབས་འོག།
རྡུལ་ཕྲན་གཅིག་གི་ཉམ་ངའི་འོ་དོད་ཀྱང་།།
འཆི་འཕོའི་བར་སྐོར་གླིང་ནས་ཡང་ཡང་གྲགས།།
གཟུང་དང་འཛིན་པའི་གྲིབ་མའི་ཡལ་ག་རུ།།
གཟུགས་དང་གཟུགས་མེད་ཆུ་མིག་བརྡོལ་བཞིན་འཐམ།།
སྙན་པའི་སྒྲ་ཡང་ས་ལ་འཐོར་བའི་སྐབས།།
མཚན་མོའི་རླུང་གིས་ཁུར་བའི་གཟུགས་བརྙན་སོགས།།
གཟུགས་ཀྱི་འཁྲི་བའི་སྣམ་བུའི་སྣེ་མོ་རུ།།
གཟུགས་མེད་མེ་ཡིས་འཚིག་པའི་འཕྲུལ་བ་བྱུང་།།

འོན་ཏེ་ཤ་ཁྲག་ཁུར་བའི་སྒྱུ་འཕྲུལ་ཡང་།།
ཡོད་དང་མེད་པའི་རྒྱ་ལས་རྒ་བར་འགྱུར།
འཁོར་བའི་གྲང་ངར་སྣང་བའི་རྒྱབ་ནས་ལྡང་།།
མི་རྣམས་རྩིག་གྱང་ངོས་ཀྱི་ཁེར་རྐྱང་དུ།།
ཇ་སྐོལ་མེ་འབུད་སྡོང་བོ་འཛུགས་མཁན་གྱུར།།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།