ཕེབས་ཤོག

སྙན་བུ་རང་དྲིལ།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-10-20


མདུན་ཕྱོགས་ནས་རྟབ་རྟབ་པོར
ཙག་གི་ཁྲབ་རྨོག་གྱོན་པའི་རླུང་བུ་ཞིག་སླེབས་ཡོང

ང་ནི་བཙན་པོའི་ཕོ་ཉ་ཡིན་ཞེས
ལག་གི་མཚོན་ཆ་རྣོན་པོ་དེས་སྐད་ཆ་བཤད་སོང

རླུང་བུ་དེ་དགྱེ་དགྱེ་ཤང་ཤང་བྱེད་ཚུལ་ལ་བལྟས་ན
དཔུང་གྲོགས་མང་པོ་ཞིག་རྗེས་ན་ཡོད་ཚོད་རེད

ས་གཞི་ནི་གཞན་ལ་བསྟུན་ཤེས་པ་ལྟར་གོ་རིམ་མ་འཆོལ་བར
རང་ཉིད་འཁྱག་པས་བསྡམས་ཡང་ངག་མི་སྨྲ

ལོ་མ་འགའ་ཡིས་ད་དུང་རང་གི་བརྟུལ་ཞུགས་འདྲ་བཟུང་བས
རེ་རེ་བཞིན་ཉེས་ཅན་དུ་གྱུར་ཏེ་དམར་གསོད་བྱས་ཀྱང་ངང་ཚུལ་མཛེས

ཁོ་ཚོའི་སྙན་འཇེབས་ཀྱི་སྨྲེ་ངག་ཁྲག་གི་གཙང་བོར་འདྲེས་དུས
ངའི་ལག་གི་པི་ཝང་ཡང་རྒྱུད་སྐུད་ཆད་དེ་རྡོག་བརྫིས་ཐེབས་སོང

ཡིན་ཡང་མི་སྐྱོན་ཏེ   ངས་མྱ་ངན་གྱི་ཚུལ་དུ་རྡོག་བྲོ་འཁྲབས
གཞན་གྱིས་བསླབས་མ་མྱོང་བའི་སྟངས་སྟབས་དུ་མ་བསྒྱུར་བ་མེ་ལྕེ་ལས་ལྷག

མགོ་ཐོག་ནས་ཡང་ཡང་འཕུར་བའི་འདབ་ཆགས་དེ་ཚོར་ཡང
ང་ནང་བཞིན་རྒྱང་རིང་ཞིག་ལ་འབྲོ་འདོད་པའི་བསམ་པ་ཡེ་མི་འདུག

ང་ཚོས་མཉམ་དུ་འཇིག་རྟེན་ལ་གར་དང་སྙན་ཚིག་བསྒྲོན
རང་གི་ང་རྒྱལ་དང་བརྩེ་དུང་གི་ཉི་ཟླ་མཐོ་ནས་མཐོ་རུ་བཏེགས

ས་རུ་འགྱེལ་བའི་བུད་མེད་སྦྲུམ་མ་ཞིག་གི་གཉོམ་སྐད་ལའང
ཞེད་སྣང་གི་དྲི་མ་ཡལ་ཏེ་ལྭ་བ་སྤྲུག་ཙམ་སྤྲུག་ཙམ་བྱེད་བཞིན་སྒལ་གཞུང་བསྲིངས

ཕེབས་ཤོག   དཔའ་བོ་རྒྱ་སྟག་འདྲ་བ
ཕེབས་ཤོག   དཔུང་འཇུག་བྱེད་ན་ལྐོག་ལྐོག་སུད་སུད་གནང་དགོས་མི་འདུག

 

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕེབས་ཤོག

2017-10-20 སྙན་བུ་རང་དྲིལ།(པེ་ཅིང) ཀློག་གྲངས། མཆན ཡོད།


མདུན་ཕྱོགས་ནས་རྟབ་རྟབ་པོར
ཙག་གི་ཁྲབ་རྨོག་གྱོན་པའི་རླུང་བུ་ཞིག་སླེབས་ཡོང

ང་ནི་བཙན་པོའི་ཕོ་ཉ་ཡིན་ཞེས
ལག་གི་མཚོན་ཆ་རྣོན་པོ་དེས་སྐད་ཆ་བཤད་སོང

རླུང་བུ་དེ་དགྱེ་དགྱེ་ཤང་ཤང་བྱེད་ཚུལ་ལ་བལྟས་ན
དཔུང་གྲོགས་མང་པོ་ཞིག་རྗེས་ན་ཡོད་ཚོད་རེད

ས་གཞི་ནི་གཞན་ལ་བསྟུན་ཤེས་པ་ལྟར་གོ་རིམ་མ་འཆོལ་བར
རང་ཉིད་འཁྱག་པས་བསྡམས་ཡང་ངག་མི་སྨྲ

ལོ་མ་འགའ་ཡིས་ད་དུང་རང་གི་བརྟུལ་ཞུགས་འདྲ་བཟུང་བས
རེ་རེ་བཞིན་ཉེས་ཅན་དུ་གྱུར་ཏེ་དམར་གསོད་བྱས་ཀྱང་ངང་ཚུལ་མཛེས

ཁོ་ཚོའི་སྙན་འཇེབས་ཀྱི་སྨྲེ་ངག་ཁྲག་གི་གཙང་བོར་འདྲེས་དུས
ངའི་ལག་གི་པི་ཝང་ཡང་རྒྱུད་སྐུད་ཆད་དེ་རྡོག་བརྫིས་ཐེབས་སོང

ཡིན་ཡང་མི་སྐྱོན་ཏེ   ངས་མྱ་ངན་གྱི་ཚུལ་དུ་རྡོག་བྲོ་འཁྲབས
གཞན་གྱིས་བསླབས་མ་མྱོང་བའི་སྟངས་སྟབས་དུ་མ་བསྒྱུར་བ་མེ་ལྕེ་ལས་ལྷག

མགོ་ཐོག་ནས་ཡང་ཡང་འཕུར་བའི་འདབ་ཆགས་དེ་ཚོར་ཡང
ང་ནང་བཞིན་རྒྱང་རིང་ཞིག་ལ་འབྲོ་འདོད་པའི་བསམ་པ་ཡེ་མི་འདུག

ང་ཚོས་མཉམ་དུ་འཇིག་རྟེན་ལ་གར་དང་སྙན་ཚིག་བསྒྲོན
རང་གི་ང་རྒྱལ་དང་བརྩེ་དུང་གི་ཉི་ཟླ་མཐོ་ནས་མཐོ་རུ་བཏེགས

ས་རུ་འགྱེལ་བའི་བུད་མེད་སྦྲུམ་མ་ཞིག་གི་གཉོམ་སྐད་ལའང
ཞེད་སྣང་གི་དྲི་མ་ཡལ་ཏེ་ལྭ་བ་སྤྲུག་ཙམ་སྤྲུག་ཙམ་བྱེད་བཞིན་སྒལ་གཞུང་བསྲིངས

ཕེབས་ཤོག   དཔའ་བོ་རྒྱ་སྟག་འདྲ་བ
ཕེབས་ཤོག   དཔུང་འཇུག་བྱེད་ན་ལྐོག་ལྐོག་སུད་སུད་གནང་དགོས་མི་འདུག

 

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།