གད་མོ།(ཞར་བཀོད་གཉིས་ཡོད)

སྐྱིད་དར་འཛོམས།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-10-28


ཕྱི་ལ་ཆར་པ་སིམ་སིམ
ནང་ལ་དགོད་སྒྲ་ལྷང་ལྷང
ཀློག་བཞིན་ཀློག་བཞིན
རང་དབང་མེད་པར
ཧ་ཧ་ཧ་་་་་་ཞེས་གད་མོ་ཤོར
ཚང་མས་མིག་ལྡིར་ལྡིར་གྱིས་ངར་ལྟས
ངས་ཁོང་ཚོ་ལ་ཁ་ཡ་མི་བྱེད་པར
མུ་མཐུད་༼   པར་མིག༽ལ་རོལ
རོལ་བཞིན་རོལ་བཞིན
གློག་བརྙན་ཞིག་ཏུ་གྱུར་སོང
ངས་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་སྦྲེལ་ནས
ལྷ་མོ་སྒྲོན་དང་ཉི་མ་འོད་ཟེར་འོ་བྱེད་པའི་དུས་སུ
གློ་བུར་དུ
རྒྱབ་ནས་ངའི་མགོ་ལ་‘ཏག’ཅེས་ཞུས་པས
ངའི་ཚོར་བ་ཡོངས་སུ་བཀྲོགས་སོང
ད་མུ་མཐུད་རོལ་ཡང་སྔོན་གྱི་ཚོར་བ་དེ་མ་སླེབས
ཡིན་ཡང
“ང་རང་བརྩེ་དུང་ལ་ཡིད་མི་ཆེས”
“ད་འགྲིག་སོང  ད་འགྲིག་སོང”
“བརྙན་ལེན་བཞིན་གསལ་བོར་མཐོང་བྱུང”ཞེས
མགོ་བར་མཇུག་གསུམ་དུ
ངའི་དགོད་སྒྲ་དེ་མ་ཡལ
གོད་སྒྲ་དེ་༼  པར་མིག༽དང་མཉམ་དུ་བསྲེས་སོང་།
 
                                                                                  ༢༠༡༦-- ༥ --༡༤ཉིན།
                                   བདག་གི་སློབ་སྤུན་འཕྲིན་ལས་བཟོད་པའམ་ཀླད་ཀོར་གྱི་བརྩམས་སྒྲུང་༼   པར་མིག ༽  བཀླགས་རྗེས་བྲིས།

              དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ།

དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
ལོ་སྔར་སོང་གི་རྨི་ལམ་དེ་མིན
དེ་ནི་ང་ཚོ་མི་རབས་འདི་ལ་དབང་བ་ཞིག་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
ཤུལ་མེད་པའི་ཕོ་བྲང་ཕྱིང་བ་སྟག་རྩེ་དེ་མིན
ལྔ་པ་མཆོག་གི་འཁྲུངས་ཡུལ་དེ་མིན
དེ་ནི་ང་ཚོ་ལ་དབང་བའི་ལོ་རྒྱུས་ཀྱི་རྨི་ལམ་དེ་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ་
ཟླ་བ་སྒྲོལ་མའི་ཕ་ཡུལ་གཅིག་པོར་དེ་མིན
དེ་ནི་ང་དང་འདྲ་བའི་ལང་ཚོ་ཚོའི་རྨི་ལམ་དེ་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
བཙན་པོའི་བང་སོ་གཅིག་པོར་དེ་མིན
དེ་ནི་ང་ཚོ་བཙན་པོའི་རུས་རྒྱུད་ཀྱི་དྲན་གསོ་དེ་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
རྨི་ལམ་གཅིག་པོར་མིན
དེ་ནི་བཙན་པོ་ཚོའི་རྨི་ལམ
དེ་ནི་ན་གཞོན་ཚོའི་སྙན་ངག
དེ་ནི་བོད་ཆེན་པོ་འདིའི
རྨི་ལམ་ངོ་མ་དེ་ཡིན།

                                          ༢༠༡༧-༧-༢༩ འཕྱོངས་རྒྱས་སུ།

               རྒྱ་མཚོའི་རྨི་ལམ།

དཔྱིད་ཀྱི་དྲི་མ་རྒྱ་མཚོའི་ངོས་ནས་བྲོ་དུས
མཚོ་རླུང་དང་དཔྱིད་རླུང་མཉམ་དུ་བསྲེས
རྒྱ་མཚོ་དང་ནམ་མཁའ་མཉམ་དུ་བསྲེས
དཔྱིད་ཟླ་བཞི་པའི་རྒྱ་མཚོ་མཐོང་བ་ཐེངས་དང་པོ
རྒྱ་མཚོ་དང་ལུས་གཅིག་དུ་འདྲེས་པ་ཐེངས་དང་པོ
གོམ་པ་ཐེངས་དང་པོ་དེ་སྤོས་མ་ཐག
ཡིད་ལ་འཁོར་བ་ནི
ཁ་སང་ཀུན་དགས་ལབ་པའི་བརྩམས་སྒྲུང
"ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན"
ཞེས་པ་དེ་རེད་འདུག
ངས་མིག་བཙུམས
དབུགས་སྒོམ་ནས
མདུན་དུ་གོམ་པ་རེ་རེ་སྤོས
སྐབས་དེ་ང་ཡང་རྒྱ་མཚོ་ལ་དབང་བའི་ཉ་ཞིག
རྒྱ་མཚོའི་རོལ་དབྱངས་འོག
གར་ལ་མཁས་པའི་ཉ་ཞིག་ཏུ་གྱུར་ཟིན
རྒྱ་མཚོའི་རྨི་ལམ་འོག
ནམ་ཡང་མདུན་སྐྱོད་ཀྱི་ཉ་ཞིག་ཏུ་གྱུར་ཟིན
ཡིན་ཡང
རྒྱ་མཚོའི་སྙིང་དང་ཐག་ཇེ་ཉེ་ཇེ་ཉེ་རུ་ཕྱིན་དུས
ངའི་གོམ་པ་ཇེ་ཆུང་ཇེ་ཆུང་དུ་སོང
ངས་མིག་གདངས་ནས་རང་ཉིད་ལ་བལྟས་པས
ང་ནི་སྔར་བཞིན་སྐམ་ས་ལ་དབང་བའི་མི་ཞིག་ལས
རྒྱ་མཚོ་ལ་དབང་བའི་ཉ་ཞིག་འགྱུར་ག་ལ་སྲིད
                                             
                                      ༢༠༡༧-༤-༢༩


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གད་མོ།(ཞར་བཀོད་གཉིས་ཡོད)

2017-10-28 སྐྱིད་དར་འཛོམས།(པེ་ཅིང) ཀློག་གྲངས། མཆན ཡོད།


ཕྱི་ལ་ཆར་པ་སིམ་སིམ
ནང་ལ་དགོད་སྒྲ་ལྷང་ལྷང
ཀློག་བཞིན་ཀློག་བཞིན
རང་དབང་མེད་པར
ཧ་ཧ་ཧ་་་་་་ཞེས་གད་མོ་ཤོར
ཚང་མས་མིག་ལྡིར་ལྡིར་གྱིས་ངར་ལྟས
ངས་ཁོང་ཚོ་ལ་ཁ་ཡ་མི་བྱེད་པར
མུ་མཐུད་༼   པར་མིག༽ལ་རོལ
རོལ་བཞིན་རོལ་བཞིན
གློག་བརྙན་ཞིག་ཏུ་གྱུར་སོང
ངས་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་སྦྲེལ་ནས
ལྷ་མོ་སྒྲོན་དང་ཉི་མ་འོད་ཟེར་འོ་བྱེད་པའི་དུས་སུ
གློ་བུར་དུ
རྒྱབ་ནས་ངའི་མགོ་ལ་‘ཏག’ཅེས་ཞུས་པས
ངའི་ཚོར་བ་ཡོངས་སུ་བཀྲོགས་སོང
ད་མུ་མཐུད་རོལ་ཡང་སྔོན་གྱི་ཚོར་བ་དེ་མ་སླེབས
ཡིན་ཡང
“ང་རང་བརྩེ་དུང་ལ་ཡིད་མི་ཆེས”
“ད་འགྲིག་སོང  ད་འགྲིག་སོང”
“བརྙན་ལེན་བཞིན་གསལ་བོར་མཐོང་བྱུང”ཞེས
མགོ་བར་མཇུག་གསུམ་དུ
ངའི་དགོད་སྒྲ་དེ་མ་ཡལ
གོད་སྒྲ་དེ་༼  པར་མིག༽དང་མཉམ་དུ་བསྲེས་སོང་།
 
                                                                                  ༢༠༡༦-- ༥ --༡༤ཉིན།
                                   བདག་གི་སློབ་སྤུན་འཕྲིན་ལས་བཟོད་པའམ་ཀླད་ཀོར་གྱི་བརྩམས་སྒྲུང་༼   པར་མིག ༽  བཀླགས་རྗེས་བྲིས།

              དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ།

དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
ལོ་སྔར་སོང་གི་རྨི་ལམ་དེ་མིན
དེ་ནི་ང་ཚོ་མི་རབས་འདི་ལ་དབང་བ་ཞིག་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
ཤུལ་མེད་པའི་ཕོ་བྲང་ཕྱིང་བ་སྟག་རྩེ་དེ་མིན
ལྔ་པ་མཆོག་གི་འཁྲུངས་ཡུལ་དེ་མིན
དེ་ནི་ང་ཚོ་ལ་དབང་བའི་ལོ་རྒྱུས་ཀྱི་རྨི་ལམ་དེ་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ་
ཟླ་བ་སྒྲོལ་མའི་ཕ་ཡུལ་གཅིག་པོར་དེ་མིན
དེ་ནི་ང་དང་འདྲ་བའི་ལང་ཚོ་ཚོའི་རྨི་ལམ་དེ་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
བཙན་པོའི་བང་སོ་གཅིག་པོར་དེ་མིན
དེ་ནི་ང་ཚོ་བཙན་པོའི་རུས་རྒྱུད་ཀྱི་དྲན་གསོ་དེ་ཡིན
དོ་ནུབ་འཕྱོངས་རྒྱས་ཀྱི་རྨི་ལམ་དེ
རྨི་ལམ་གཅིག་པོར་མིན
དེ་ནི་བཙན་པོ་ཚོའི་རྨི་ལམ
དེ་ནི་ན་གཞོན་ཚོའི་སྙན་ངག
དེ་ནི་བོད་ཆེན་པོ་འདིའི
རྨི་ལམ་ངོ་མ་དེ་ཡིན།

                                          ༢༠༡༧-༧-༢༩ འཕྱོངས་རྒྱས་སུ།

               རྒྱ་མཚོའི་རྨི་ལམ།

དཔྱིད་ཀྱི་དྲི་མ་རྒྱ་མཚོའི་ངོས་ནས་བྲོ་དུས
མཚོ་རླུང་དང་དཔྱིད་རླུང་མཉམ་དུ་བསྲེས
རྒྱ་མཚོ་དང་ནམ་མཁའ་མཉམ་དུ་བསྲེས
དཔྱིད་ཟླ་བཞི་པའི་རྒྱ་མཚོ་མཐོང་བ་ཐེངས་དང་པོ
རྒྱ་མཚོ་དང་ལུས་གཅིག་དུ་འདྲེས་པ་ཐེངས་དང་པོ
གོམ་པ་ཐེངས་དང་པོ་དེ་སྤོས་མ་ཐག
ཡིད་ལ་འཁོར་བ་ནི
ཁ་སང་ཀུན་དགས་ལབ་པའི་བརྩམས་སྒྲུང
"ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན"
ཞེས་པ་དེ་རེད་འདུག
ངས་མིག་བཙུམས
དབུགས་སྒོམ་ནས
མདུན་དུ་གོམ་པ་རེ་རེ་སྤོས
སྐབས་དེ་ང་ཡང་རྒྱ་མཚོ་ལ་དབང་བའི་ཉ་ཞིག
རྒྱ་མཚོའི་རོལ་དབྱངས་འོག
གར་ལ་མཁས་པའི་ཉ་ཞིག་ཏུ་གྱུར་ཟིན
རྒྱ་མཚོའི་རྨི་ལམ་འོག
ནམ་ཡང་མདུན་སྐྱོད་ཀྱི་ཉ་ཞིག་ཏུ་གྱུར་ཟིན
ཡིན་ཡང
རྒྱ་མཚོའི་སྙིང་དང་ཐག་ཇེ་ཉེ་ཇེ་ཉེ་རུ་ཕྱིན་དུས
ངའི་གོམ་པ་ཇེ་ཆུང་ཇེ་ཆུང་དུ་སོང
ངས་མིག་གདངས་ནས་རང་ཉིད་ལ་བལྟས་པས
ང་ནི་སྔར་བཞིན་སྐམ་ས་ལ་དབང་བའི་མི་ཞིག་ལས
རྒྱ་མཚོ་ལ་དབང་བའི་ཉ་ཞིག་འགྱུར་ག་ལ་སྲིད
                                             
                                      ༢༠༡༧-༤-༢༩


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།