《རྟོག་སྣང་འཁྲུལ་མ》སོགས་སྙན་ངག་ཁག་གསུམ།


རྟོག་སྣང་འཁྲུལ་མ།

སྲིད་པའི་གར་འདིར་བློ་རེ་གཡེང་ན༎
ལྟད་མོ་བརྒྱ་འདུས་མག་མོག་མཐོང་བ༎
ལུས་ཀྱི་དར་ལྕེ་རླུང་གིས་བསྐྱོད་དུས༎
ཉེ་བའི་གཟུགས་དག་རྒྱང་དུ་བྱེར་བ༎
གར་ཁང་ཆུང་ཆུང་སྐྱོ་གཞས་ལྡབ་ལྡིབ༎

མུན་པའི་ནང་ལ་འཐིམས་ཤིང་འཐིམ་འགྱུར༎
སྐྱེ་བ་འདི་ཡི་ལས་བསྐལ་འདྲ་སོང་༎
ལས་ཀྱི་རི་མོ་སེར་ཁ་གས་པ༎
བལྟས་ཤིང་མིག་གི་རྒྱལ་མོ་སྒྲིབ་ཡོང་༎
མ་བལྟས་རྟོག་སྣང་སྐད་ཅིག་སྐད་ཅིག།
སྣང་བའི་སྤྲིན་པ་གར་སྟབས་ལང་ལོང་༎

གཞོན་དང་དར་གྱི་སྣང་བའི་ལ་ཁར༎
ལུག་ཁྱུ་གཤར་ལ་རྟ་ཁྱུ་རྒྱུག་པ༎
རྨི་ལམ་རི་མགོ་སྨུག་གིས་བཟུང་བ༎
ཡིད་ཀྱི་ལྟད་མོར་ཤར་བ་མ་བྱུང་༎
ཆོས་ཀྱི་སྐྱེ་འཇིག་འཆར་ནུབ་གསལ་སྒྲིབ༎
སྣང་བའི་གུར་ལ་བསུ་དགོས་ཅི་ཡོད༎
                ༢༠༢༠-༥
ངག་ལ་འཁྲིལ་བ་དག

ཉི་འོད་མར་མར་ནུབ་ཏུ་ཡལ།
འདུས་བྱས་ཀྱི་གཟུགས་བརྙན་སྟོན་པ་བཞིན།
གསལ་སྒྲིབ་ཀྱི་ཆོས་ཉིད་ལ་མེ་ཁ་གསོ་བ་བཞིན་དུ་འཆར་ཞིང་ནུབ།

མཁའ་ལ་ཞེན་པ་འདྲ་བའི་རྩྭ་རྩི་རྒྱས་ཡོང་།
སྐྱེ་འཇིག་གི་སྣང་ངོར་ཧྲག་ཧྲག་ཏུ་སྐྱེ་བ་འདྲ་བཞིན།
ཉམས་ཉེས་བྱུང་བ་ལ་རེ་ལྟོས་གནང་བ་བཞིན་དུ་ཡར་ཡར་སྐྱེ།

བདག་སེམས་སུ་ཟླ་སྐར་ཚེས་བྱུང་།
ཆར་ཆུ་ཟམ་ཟིམ་གྱིས་འབབ་བཞིན་འདུག
མྱ་ངམ་གྱིས་ཐང་ཆེ་མ་ཆུང་དེའང་བསིལ་བསིལ་འདྲ་ཡོང་།
                      ༢༠༢༠-༦-༣
      
ཡིད་ལ་མཛའ་བ་ཞིག་མི་འདུག

རྨི་ལམ་ལྗང་ནེམ་པ་དེའི་ཁ་དོག་འགྱུར་བཞིན།
འདུ་འབྲལ་གྱི་ལས་ལ་འཁྱུད་པའི་གཟུགས་རིས་དག
ཞེ་མེར་བྱེད་དང་སྙིང་ལ་གཙེ་བྱེད་ཀྱི་དུག་གི་ཚོན་རིས།

མཐོང་ལམ་དུ་གསལ་ལྷང་ངེར་མངོན་པ་ནི།
ཆོ་འཕྲུལ་གྱི་ཞགས་པ་བསྐོན་པའི་གཡོ་ཇུས་དེ།
རེག་བྱར་འཇམ་པ་དག་གིས་རྨས་ཕོག་སྲིད་པ་བཞིན།

ང་ཡི་ཞེ་ཡིས་འཚོས་ཤིང་གཉོར་བཞིན་པ་དག
ཡིད་འོང་གི་འཇིག་རྟེན་སྒྲིབ་བྱེད་དེ།
ཡངས་པའི་གནས་ལ་འཁྲིགས་པའི་སྨུག་པ་སྟུག་པོའོ༎
                ༢༠༢༠-༧-༩
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《རྟོག་སྣང་འཁྲུལ་མ》སོགས་སྙན་ངག་ཁག་གསུམ།

2020-07-10 ཆར་ཐིགས།(རྨ་ཆུ) ཀློག་གྲངས། མཆན ཡོད།

རྟོག་སྣང་འཁྲུལ་མ།

སྲིད་པའི་གར་འདིར་བློ་རེ་གཡེང་ན༎
ལྟད་མོ་བརྒྱ་འདུས་མག་མོག་མཐོང་བ༎
ལུས་ཀྱི་དར་ལྕེ་རླུང་གིས་བསྐྱོད་དུས༎
ཉེ་བའི་གཟུགས་དག་རྒྱང་དུ་བྱེར་བ༎
གར་ཁང་ཆུང་ཆུང་སྐྱོ་གཞས་ལྡབ་ལྡིབ༎

མུན་པའི་ནང་ལ་འཐིམས་ཤིང་འཐིམ་འགྱུར༎
སྐྱེ་བ་འདི་ཡི་ལས་བསྐལ་འདྲ་སོང་༎
ལས་ཀྱི་རི་མོ་སེར་ཁ་གས་པ༎
བལྟས་ཤིང་མིག་གི་རྒྱལ་མོ་སྒྲིབ་ཡོང་༎
མ་བལྟས་རྟོག་སྣང་སྐད་ཅིག་སྐད་ཅིག།
སྣང་བའི་སྤྲིན་པ་གར་སྟབས་ལང་ལོང་༎

གཞོན་དང་དར་གྱི་སྣང་བའི་ལ་ཁར༎
ལུག་ཁྱུ་གཤར་ལ་རྟ་ཁྱུ་རྒྱུག་པ༎
རྨི་ལམ་རི་མགོ་སྨུག་གིས་བཟུང་བ༎
ཡིད་ཀྱི་ལྟད་མོར་ཤར་བ་མ་བྱུང་༎
ཆོས་ཀྱི་སྐྱེ་འཇིག་འཆར་ནུབ་གསལ་སྒྲིབ༎
སྣང་བའི་གུར་ལ་བསུ་དགོས་ཅི་ཡོད༎
                ༢༠༢༠-༥
ངག་ལ་འཁྲིལ་བ་དག

ཉི་འོད་མར་མར་ནུབ་ཏུ་ཡལ།
འདུས་བྱས་ཀྱི་གཟུགས་བརྙན་སྟོན་པ་བཞིན།
གསལ་སྒྲིབ་ཀྱི་ཆོས་ཉིད་ལ་མེ་ཁ་གསོ་བ་བཞིན་དུ་འཆར་ཞིང་ནུབ།

མཁའ་ལ་ཞེན་པ་འདྲ་བའི་རྩྭ་རྩི་རྒྱས་ཡོང་།
སྐྱེ་འཇིག་གི་སྣང་ངོར་ཧྲག་ཧྲག་ཏུ་སྐྱེ་བ་འདྲ་བཞིན།
ཉམས་ཉེས་བྱུང་བ་ལ་རེ་ལྟོས་གནང་བ་བཞིན་དུ་ཡར་ཡར་སྐྱེ།

བདག་སེམས་སུ་ཟླ་སྐར་ཚེས་བྱུང་།
ཆར་ཆུ་ཟམ་ཟིམ་གྱིས་འབབ་བཞིན་འདུག
མྱ་ངམ་གྱིས་ཐང་ཆེ་མ་ཆུང་དེའང་བསིལ་བསིལ་འདྲ་ཡོང་།
                      ༢༠༢༠-༦-༣
      
ཡིད་ལ་མཛའ་བ་ཞིག་མི་འདུག

རྨི་ལམ་ལྗང་ནེམ་པ་དེའི་ཁ་དོག་འགྱུར་བཞིན།
འདུ་འབྲལ་གྱི་ལས་ལ་འཁྱུད་པའི་གཟུགས་རིས་དག
ཞེ་མེར་བྱེད་དང་སྙིང་ལ་གཙེ་བྱེད་ཀྱི་དུག་གི་ཚོན་རིས།

མཐོང་ལམ་དུ་གསལ་ལྷང་ངེར་མངོན་པ་ནི།
ཆོ་འཕྲུལ་གྱི་ཞགས་པ་བསྐོན་པའི་གཡོ་ཇུས་དེ།
རེག་བྱར་འཇམ་པ་དག་གིས་རྨས་ཕོག་སྲིད་པ་བཞིན།

ང་ཡི་ཞེ་ཡིས་འཚོས་ཤིང་གཉོར་བཞིན་པ་དག
ཡིད་འོང་གི་འཇིག་རྟེན་སྒྲིབ་བྱེད་དེ།
ཡངས་པའི་གནས་ལ་འཁྲིགས་པའི་སྨུག་པ་སྟུག་པོའོ༎
                ༢༠༢༠-༧-༩
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།