མ་འོངས་པའི་ཡུལ་ལྗོངས།(ཞར་བཀོད་གཅིག་ཡོད)

མི་རྣམས་ནམ་མཁར་གནས་བཅའ 
དུས་ཚོད་ཀྱི་དྲེག་པ་ཡལ་བའི་ནམ་མཁར

སྤྲིན་པ་དག་ཡིད་འཁྲུགས་སྟེ་ཁང་སྟོང་གི་སྒོ་རྡུང
གླུ་གཞས་རྙིང་པ་དག་གི་སྐྱོ་གདུང
རྡུལ་སྲབ་མོ་རེས་གཡོགས་འདུག

བར་སྣང་གི་འཚོ་བ
ཤེལ་གྱི་ཁང་པའི་ནང་ནས་ཕྱི་རོལ་མི་མཐོང་བའོ
བདེ་བར་གཉིད་ལས་སད་ཅིང་མེ་ཏོག་འདེབས

མུན་པ་ཞི་བའི་དབེན་འཇགས
འཆི་བ་དང་རྡུལ་ཕྲན་གཅིག་གི་བར་ཐག་ལས་མི་འདུག
སྔོན་བྱུང་དུས་ནས་ད་ལྟའི་བར

གྱང་ལྡེབས་སུ་བཀར་བའི་སྙན་ངག་གི་ཐ་སྙད
བསྐྱར་ཟློས་བྱས་པའི་སེམས་སྟོར་བའི་དངོས་པོ

ཡུལ་དུས་ངེས་མེད་དུ་ལྡང་བའི་རླུང་ནང་དུ
འོད་ཀྱི་ཁང་པ་དག་རྡེབ་པའི་འུར་སྒྲས་ཁེངས

                 ༢༠༢༡་༤་༡༩་ཉིན་བྲིས།

རྨོངས་པའི་དབྱིབས་དང་གཞན་དག

ཉིན་གང་དྲན་པ་ཡེངས་ལ་བོར་ཏེ་དུས་འདས
མི་ཚོགས་ཀྱི་ཁོངས་སུ་ཨུ་ཚུགས་ཀྱིས་འཚང་བ་སོགས

འུ་ཐུག་པའི་ངོ་གདོང་དུ་ཚ་བ་རྒྱས
རྩིས་འཕྲུལ་དུ་གཏགས་པའི་ཡིག་འབྲུ་དག་ཞེ་མེར་བ་བྱས

འཆར་སྒོ་སྣ་ཚོགས་ཀྱིས་ཆོས་གཅིག་ལ་ངེས་ཤེས་སྐྱེ་བར་གེགས་བྱས
ཡང་སྙིང་གང་ལ་སྡང་ཞུགས་སྐྱེ་དགོས་པ་མ་ཤེས

འདུ་འཛོམས་གྲོལ་བའི་མི་ཚོ་ངག་མི་སྨྲ་བར་སྒོར་སླེབས
སྣང་བརྙན་དེར་འཁྱུད་པའི་རྣམ་ཤེས་སྡོད་མི་བཟོད་པར་གྱུར

                           ༢༠༢༡་༥་༡་ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མ་འོངས་པའི་ཡུལ་ལྗོངས།(ཞར་བཀོད་གཅིག་ཡོད)

2021-06-18 ཐོ་ཡོར།(གསེར་རྟ) ཀློག་གྲངས། མཆན ཡོད།
མི་རྣམས་ནམ་མཁར་གནས་བཅའ 
དུས་ཚོད་ཀྱི་དྲེག་པ་ཡལ་བའི་ནམ་མཁར

སྤྲིན་པ་དག་ཡིད་འཁྲུགས་སྟེ་ཁང་སྟོང་གི་སྒོ་རྡུང
གླུ་གཞས་རྙིང་པ་དག་གི་སྐྱོ་གདུང
རྡུལ་སྲབ་མོ་རེས་གཡོགས་འདུག

བར་སྣང་གི་འཚོ་བ
ཤེལ་གྱི་ཁང་པའི་ནང་ནས་ཕྱི་རོལ་མི་མཐོང་བའོ
བདེ་བར་གཉིད་ལས་སད་ཅིང་མེ་ཏོག་འདེབས

མུན་པ་ཞི་བའི་དབེན་འཇགས
འཆི་བ་དང་རྡུལ་ཕྲན་གཅིག་གི་བར་ཐག་ལས་མི་འདུག
སྔོན་བྱུང་དུས་ནས་ད་ལྟའི་བར

གྱང་ལྡེབས་སུ་བཀར་བའི་སྙན་ངག་གི་ཐ་སྙད
བསྐྱར་ཟློས་བྱས་པའི་སེམས་སྟོར་བའི་དངོས་པོ

ཡུལ་དུས་ངེས་མེད་དུ་ལྡང་བའི་རླུང་ནང་དུ
འོད་ཀྱི་ཁང་པ་དག་རྡེབ་པའི་འུར་སྒྲས་ཁེངས

                 ༢༠༢༡་༤་༡༩་ཉིན་བྲིས།

རྨོངས་པའི་དབྱིབས་དང་གཞན་དག

ཉིན་གང་དྲན་པ་ཡེངས་ལ་བོར་ཏེ་དུས་འདས
མི་ཚོགས་ཀྱི་ཁོངས་སུ་ཨུ་ཚུགས་ཀྱིས་འཚང་བ་སོགས

འུ་ཐུག་པའི་ངོ་གདོང་དུ་ཚ་བ་རྒྱས
རྩིས་འཕྲུལ་དུ་གཏགས་པའི་ཡིག་འབྲུ་དག་ཞེ་མེར་བ་བྱས

འཆར་སྒོ་སྣ་ཚོགས་ཀྱིས་ཆོས་གཅིག་ལ་ངེས་ཤེས་སྐྱེ་བར་གེགས་བྱས
ཡང་སྙིང་གང་ལ་སྡང་ཞུགས་སྐྱེ་དགོས་པ་མ་ཤེས

འདུ་འཛོམས་གྲོལ་བའི་མི་ཚོ་ངག་མི་སྨྲ་བར་སྒོར་སླེབས
སྣང་བརྙན་དེར་འཁྱུད་པའི་རྣམ་ཤེས་སྡོད་མི་བཟོད་པར་གྱུར

                           ༢༠༢༡་༥་༡་ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།