རྟོག་པ་རླབས་ཀྱིས་གཡོ་བའི་སྐད་སྒྲ།

མགར་ཐང་དཀར།(འབའ་རྫོང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-08-24

ས་གཞི་གཉིད་ལ་ཤོར་ནས
རྨི་ལམ་སྟོང་ཕྲག
ཕྱི་མའི་མུ་མཐར་འགྲིམས


བ་སྤུའི་བུ་ག་ནས
རླངས་པ་འཕྱུར་ཏེ
སྣ་ཁྲག་ཤར་ཤུར་དུ་བབས


སྙིང་བོའི་སྙིང་བོ
ས་ཆེན་གྱི་སྒལ་གཞུང་ནས
མི་ཡུལ་གྱི་ཟབ་སར་ཐིམ


གདུང་བ་མེད་པའི
མི་རྐྱང་གི་དྲན་པ་ཟ་ཟི
རླུང་ནང་དུ་ལྕེབ


རེ་ཆད་པའི
ལས་འབྲས་ལ་འཁང་ར་བྱས་ཏེ
རང་ཉིད་གསོན་དུར་བྱས


མིག་གིས་སྐད་ཆ་བཤད་ཅིང
ལག་པས་གཡབས་མོ་བྱས་ཏེ
རྒྱང་རིང་གི་ཆུ་བོ་སེམས་ཀྱིས་དཀྲུག


ལས་དབང་གི་འགྱུ་བ་ལས
རྟོག་བཏགས་ཀྱི་ཐ་སྙད
རུས་སྒྲོམ་གཞན་ཞིག་ཏུ་བཅུག་སྟེ
སྣང་བ་རྒྱ་ཡན་དུ་བཏང


སེམས་ཀྱིས་གསོས་པ་ཁ་ཅིག
སླར་ཡང་སེམས་ཀྱིས་བསད་དེ
འཇིག་རྟེན་གྱི་བདེན་ལུགས་བོར


གསོན་པ་ཤི་བ་ལས་སྡུག་ཅིང
ཤི་གསོན་གྱི་ས་མཚམས་ཟེར་བ
དུས་རབས་ཀྱི
གཡང་གཟར་གྱིས་བཀག

༡༠
མིག་ཟུང་གཞན་ཞིག་གཡར་ཏེ
འཇིག་རྟེན་ལ་བལྟས་ཤིང
ལྟ་བ་གཞན་ཞིག་བཟོས་ཏེ
ངན་སེམས་ལ་འབད

༡༡
ཆགས་སྡང་གི་མིག་གིས
སྐྱེ་འཆིའི་གནས་ལུགས་བསྒག་ཅིང
གོམ་སྟབས་བཅོས་མ་ཞིག
ས་སྟེང་ལ་བཙན་གྱིས་བཞག

༡༢
འཇིག་རྟེན་དུ
སྒོམ་སྟངས་གསར་པའི་རིང་ལུགས
རང་ཉིད་ཀྱི་སྔོན་འགྲོར་བཞག་སྟེ
མིའི་རིགས་ལ་ཞེ་སྡང་མང་དུ་བསླངས

༡༣
ཞེ་སེམས་མུན་ནག་ལ་བཅུག་སྟེ
མི་ཡུལ་འདི་ཉིད
ལྟ་བའི་མི་བཟོད་པར་བཏང

༡༤
ནམ་མཁའི་དབྱིངས་སུ
ཕང་སེམས་ཀྱི་སྐར་མདའ་བཏང་ཞིང
ཉི་ཟླའི་སྒལ་བར
ན་ཟུག་གི་ཟིན་བྲིས་བཏབ

༡༥
ཆ་བྱད་མངོན་སུམ་དུ་བཅོས་ཤིང
དད་ཅིང་བྲེལ་བར་འདྲ་བའི
རྩ་རྒྱུས་དག་གི་ལྡང་མཚམས་བཅད

༡༦
ཧམ་སེམས་ཀྱི་འདྲེ་ལག
གང་སར་བསྲིངས་ཤིང
རང་ཚུགས་ཀྱི་གོམས་གཤིས
འཁྱག་དར་ལ་བརྡབས

༡༧
གཉིད་མི་ཁུགས་པའི
མཚན་མོ་རེ་རེ
འདང་རྒྱག་ཁྲི་ཕྲག་གིས་བསྐྱལ

༡༨
རང་ལ་དབང་བའི
ནམ་མཁའ་གཞན་ཞིག
མྱ་ངམ་ཐང་དུ་བྲིས་ཤིང
སྐྱོ་གདུང་གི་མིག་ཆུ་ས་ལ་ཉིལ

༡༩
བདེ་སྐྱིད་ལས
སྡུག་བསྔལ་བཙལ་ཞིང
སྤྲོ་སྐྱིད་ལས
གདུང་སེམས་བཙོས

༢༠
སྤྲིན་གྱི་ལྟེམས་ཁུགས་སུ
ངན་སེམས་ཀྱི་ཁྲག་དམར་མཆོད་ཅིང
ཆབ་ཀྱི་ཕྱི་ནང་གསེང་གསུམ་ཡང
དུག་ལྔའི་སྦགས་པར་བྱས

༢༡
ཕོན་པོར་ལུས་པའི་ལྗོན་ཤིང་དག
སྡིག་སྒྲིབ་ཀྱི་མེ་ལྕེས་བསྲེགས་ཤིང
དམྱལ་ཁམས་རྒྱུས་མེད་ཅིག
རང་ཉིད་ཀྱི་འཇིག་རྟེན་ལ་བཞག

༢༢
གསོལ་བའི་ཡང་སྙིང
གླུ་རུ་བླངས་ཤིང
དད་པའི་སྒང་ལ
ཆགས་སྡང་གི་འདམ་ཁུ་བླུགས

༢༣
མེ་ལོང་ཆག་རོ་ཞིག
གམ་ལ་བཞག་སྟེ
ཁྲེལ་དགོད་ལན་མང་བྱས་ཤིང
རང་གིས་རང་ལ
ཐང་ས་གཞན་ཞིག་བསྐྲུན

༢༤
སྐོམ་ཡང
གདུང་ཡང
ངུས་ཀྱང
བགད་ཀྱང
རང་ཉིད་ཁེར་ཧྲེང་ངེར་བསྒྱུར

༢༥
མི་ཡུལ་ལ་སྐོར་ལོག་ཟེར་གྱིན
རང་ཉིད་ལ་བདེན་ཁ་སྤྲད
འཁོར་བ་ཡང་མུན་པར་སྒྲུབ་སྟེ
རྒྱུ་འབྲས་ཀྱི་བཙོན་ལ་ཚུད

༢༦
སྟེགས་བུ་ཞིག་ལས
གར་ཞིག་འཆམ་སྟེ
ཤུན་པ་ཕུད་ཚར

༢༧
དེ་ལྟར
ལ་ལུང་ཉུལ
ལྐོག་གྱུར་སྒྲུབ
ལོག་གཤིས་གཉོར

༢༨
ཏག་ཏག
མཇུག་གྲུབ་པའི་རང་ཉིད་ཀྱི
གནས་ཚང་བརླག་ཚར་ན
ཁོ་བོས་སུ་ལ་གནས་ཚང་སློང་ཨང
       ༢༠༢༡/༧/༡
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྟོག་པ་རླབས་ཀྱིས་གཡོ་བའི་སྐད་སྒྲ།

2021-08-24 མགར་ཐང་དཀར།(འབའ་རྫོང) ཀློག་གྲངས། མཆན ཡོད།

ས་གཞི་གཉིད་ལ་ཤོར་ནས
རྨི་ལམ་སྟོང་ཕྲག
ཕྱི་མའི་མུ་མཐར་འགྲིམས


བ་སྤུའི་བུ་ག་ནས
རླངས་པ་འཕྱུར་ཏེ
སྣ་ཁྲག་ཤར་ཤུར་དུ་བབས


སྙིང་བོའི་སྙིང་བོ
ས་ཆེན་གྱི་སྒལ་གཞུང་ནས
མི་ཡུལ་གྱི་ཟབ་སར་ཐིམ


གདུང་བ་མེད་པའི
མི་རྐྱང་གི་དྲན་པ་ཟ་ཟི
རླུང་ནང་དུ་ལྕེབ


རེ་ཆད་པའི
ལས་འབྲས་ལ་འཁང་ར་བྱས་ཏེ
རང་ཉིད་གསོན་དུར་བྱས


མིག་གིས་སྐད་ཆ་བཤད་ཅིང
ལག་པས་གཡབས་མོ་བྱས་ཏེ
རྒྱང་རིང་གི་ཆུ་བོ་སེམས་ཀྱིས་དཀྲུག


ལས་དབང་གི་འགྱུ་བ་ལས
རྟོག་བཏགས་ཀྱི་ཐ་སྙད
རུས་སྒྲོམ་གཞན་ཞིག་ཏུ་བཅུག་སྟེ
སྣང་བ་རྒྱ་ཡན་དུ་བཏང


སེམས་ཀྱིས་གསོས་པ་ཁ་ཅིག
སླར་ཡང་སེམས་ཀྱིས་བསད་དེ
འཇིག་རྟེན་གྱི་བདེན་ལུགས་བོར


གསོན་པ་ཤི་བ་ལས་སྡུག་ཅིང
ཤི་གསོན་གྱི་ས་མཚམས་ཟེར་བ
དུས་རབས་ཀྱི
གཡང་གཟར་གྱིས་བཀག

༡༠
མིག་ཟུང་གཞན་ཞིག་གཡར་ཏེ
འཇིག་རྟེན་ལ་བལྟས་ཤིང
ལྟ་བ་གཞན་ཞིག་བཟོས་ཏེ
ངན་སེམས་ལ་འབད

༡༡
ཆགས་སྡང་གི་མིག་གིས
སྐྱེ་འཆིའི་གནས་ལུགས་བསྒག་ཅིང
གོམ་སྟབས་བཅོས་མ་ཞིག
ས་སྟེང་ལ་བཙན་གྱིས་བཞག

༡༢
འཇིག་རྟེན་དུ
སྒོམ་སྟངས་གསར་པའི་རིང་ལུགས
རང་ཉིད་ཀྱི་སྔོན་འགྲོར་བཞག་སྟེ
མིའི་རིགས་ལ་ཞེ་སྡང་མང་དུ་བསླངས

༡༣
ཞེ་སེམས་མུན་ནག་ལ་བཅུག་སྟེ
མི་ཡུལ་འདི་ཉིད
ལྟ་བའི་མི་བཟོད་པར་བཏང

༡༤
ནམ་མཁའི་དབྱིངས་སུ
ཕང་སེམས་ཀྱི་སྐར་མདའ་བཏང་ཞིང
ཉི་ཟླའི་སྒལ་བར
ན་ཟུག་གི་ཟིན་བྲིས་བཏབ

༡༥
ཆ་བྱད་མངོན་སུམ་དུ་བཅོས་ཤིང
དད་ཅིང་བྲེལ་བར་འདྲ་བའི
རྩ་རྒྱུས་དག་གི་ལྡང་མཚམས་བཅད

༡༦
ཧམ་སེམས་ཀྱི་འདྲེ་ལག
གང་སར་བསྲིངས་ཤིང
རང་ཚུགས་ཀྱི་གོམས་གཤིས
འཁྱག་དར་ལ་བརྡབས

༡༧
གཉིད་མི་ཁུགས་པའི
མཚན་མོ་རེ་རེ
འདང་རྒྱག་ཁྲི་ཕྲག་གིས་བསྐྱལ

༡༨
རང་ལ་དབང་བའི
ནམ་མཁའ་གཞན་ཞིག
མྱ་ངམ་ཐང་དུ་བྲིས་ཤིང
སྐྱོ་གདུང་གི་མིག་ཆུ་ས་ལ་ཉིལ

༡༩
བདེ་སྐྱིད་ལས
སྡུག་བསྔལ་བཙལ་ཞིང
སྤྲོ་སྐྱིད་ལས
གདུང་སེམས་བཙོས

༢༠
སྤྲིན་གྱི་ལྟེམས་ཁུགས་སུ
ངན་སེམས་ཀྱི་ཁྲག་དམར་མཆོད་ཅིང
ཆབ་ཀྱི་ཕྱི་ནང་གསེང་གསུམ་ཡང
དུག་ལྔའི་སྦགས་པར་བྱས

༢༡
ཕོན་པོར་ལུས་པའི་ལྗོན་ཤིང་དག
སྡིག་སྒྲིབ་ཀྱི་མེ་ལྕེས་བསྲེགས་ཤིང
དམྱལ་ཁམས་རྒྱུས་མེད་ཅིག
རང་ཉིད་ཀྱི་འཇིག་རྟེན་ལ་བཞག

༢༢
གསོལ་བའི་ཡང་སྙིང
གླུ་རུ་བླངས་ཤིང
དད་པའི་སྒང་ལ
ཆགས་སྡང་གི་འདམ་ཁུ་བླུགས

༢༣
མེ་ལོང་ཆག་རོ་ཞིག
གམ་ལ་བཞག་སྟེ
ཁྲེལ་དགོད་ལན་མང་བྱས་ཤིང
རང་གིས་རང་ལ
ཐང་ས་གཞན་ཞིག་བསྐྲུན

༢༤
སྐོམ་ཡང
གདུང་ཡང
ངུས་ཀྱང
བགད་ཀྱང
རང་ཉིད་ཁེར་ཧྲེང་ངེར་བསྒྱུར

༢༥
མི་ཡུལ་ལ་སྐོར་ལོག་ཟེར་གྱིན
རང་ཉིད་ལ་བདེན་ཁ་སྤྲད
འཁོར་བ་ཡང་མུན་པར་སྒྲུབ་སྟེ
རྒྱུ་འབྲས་ཀྱི་བཙོན་ལ་ཚུད

༢༦
སྟེགས་བུ་ཞིག་ལས
གར་ཞིག་འཆམ་སྟེ
ཤུན་པ་ཕུད་ཚར

༢༧
དེ་ལྟར
ལ་ལུང་ཉུལ
ལྐོག་གྱུར་སྒྲུབ
ལོག་གཤིས་གཉོར

༢༨
ཏག་ཏག
མཇུག་གྲུབ་པའི་རང་ཉིད་ཀྱི
གནས་ཚང་བརླག་ཚར་ན
ཁོ་བོས་སུ་ལ་གནས་ཚང་སློང་ཨང
       ༢༠༢༡/༧/༡
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།