ཡིད་དང་ཡུལ་གྱི་ལེའུ།

བོང་སྟག་ལྷག་ག(ཐེམ་ཆེན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-01-13
ཡིད་ཀྱི་རྒྱ་ཕིབས།

རི་རབ་ཀྱི་བར་སྣང་ན་བྲན་པའི་སྐར་ཚོགས་ཀྱི་རྡང་ཐག
དེའི་རྒྱལ་ཁམས་ཧྲིལ་བོ།
གནམ་སའི་ཁ་ཞེང་གསུར་སྤྱད་ཀྱི་དྲན་པའི་ཡོ་བྱད།
དེའི་སེམས་འགྱུ་ཡོངས་རྫོགས།
དོག་མོ་ས་ལ་སྐྱེས་པའི་མི་ཡུལ་གྱི་ཚེར་མ།
དེའི་ཐོགས་རེག་ཐམས་ཅད།
ཡིད་ཀྱི་འཕྲུལ་སྣང་ལ་ཕུགས་བསམ་གྱི་གཤོག་པ་ཐོགས།
ཉིན་མཚན་དུས་དྲུག་ལ་ཆད་སྣང་མེད་པར་འཕུར།

ཡིད་ནི་ད་སོ་མར་བསྐོལ་པའི་འོ་ཇ་ཚ་པོ་དེ་དང་འདྲ།
ཡིད་ལ་ཤར་བའི་འདས་དོན་དེ།
རྫོགས་མཐའ་མེད་པའི་མིག་ཆུ་ཞིག་ལ་འབྲེལ།
ཡིད་ལ་ཤར་བའི་འབྱུང་འགྱུར་དེ།
སླེབས་ཐབས་པའི་ལམ་བུ་ཞིག་ལ་འཐེན།

སྔོན་ཆད། ང་རང་སང་ཉིན་གྱི་དུས་ཚོད་ལ་དགའ།
ཕྱིས་སུ། ང་རང་ཁ་སང་གི་སྐར་མ་ལ་དགའ།
རིམ་བཞིན།  ང་རང་ད་ལྟའི་སྐར་ཆ་དག་ལ།
དུང་བ་བླ་ལྷག་ཅིག་སྐྱེ་བཞིན་ཡོད།

སོས་རྒྱུ་མེད་པའི་འགྱོད་གདུང་གི་ཕོར་བའི་ནང་ལ།
སྲབ་མཐུག་མེད་པའི་རྨི་ལམ་གྱི་ཁ་བ་བར་མེད་དུ་འབབ།
ད་ནི་ཡིད་ཀྱི་ཕོ་བྲང་ལ།
ལྡེ་མིག་དང་བཅས་པའི་སྒོ་མོ་ཞིག་བཟོ་ཐབས་བྲལ།

ཡུལ་གྱི་གདུང་བ།

གོམ་གསུམ་ཕར་ལ་སྤོ་དུས།
རྐང་རྗེས་དང་ལོ་རྒྱུས་ཀྱི་གོ་རིམ་ཅི་ཡང་མི་གསལ།
གོ་གསུམ་ཕྱིར་ལ་སྤོ་དུས།
སྔར་བཞིན་རང་སེམས་ཀྱི་རྨི་ལམ་སྟོང་བ་དག་ཧ་ཅང་འཁྱགས།

རང་ཉིད་ཀྱི་མིན་པ་འདྲ་བའི་ཡ་ཆུང་གི་མུན་པ་དག
ག་དུས་དེངས་མཐའ་མེད་ཀྱང་།
རྣ་ཚར་ཁྲ་ཁྲ་བཏགས་པའི་ཕ་ཡུལ་གྱི་རི་ཆུ་ལ།
བཀྲག་མདངས་ལྷག་མ་ཞིག་འཚེར།

སྨྲ་བ་མེད་པའི་དགུན་ཁ་ཞིག་གི་ཕར་རྒྱབ་ན།
ཁ་མི་གྲག་མི་ཤེས་པའི་རླུང་བུ་དང་ཁ་བ་ཡོད།

དེ་བས།  ལོ་ཟླ་གྲངས་མེད་ཅིག་ལ།
ཐ་སྙད་ཀྱི་མེ་བསྒོང་གིས་དྲོས་ཐབས་མེད་པའི་སེམས་འགྱུ་དག
སྒོ་ཁ་ཆག་པའི་ཁང་མིག་གྲུ་བཞི་ལས།
རང་རང་སར་བྲོས།
ཡིད་དང་ཡུལ།

ང་རང་གློག་སྐུད་ཀྱི་དྲ་རྒྱར་ཐོགས་པའི་བྱེའུ་ཆུང་ཞིག་ལ།
ཡིད་སྨོན་སྐྱེས་ཤིང་འཁྲེང་སེམས་ཤོར།
ཞོགས་པ་ཞིག་ལ། 
རྟ་རྒོད་ཀྱི་རྟོད་ཐག་ཆད་པ་བཞིན།

ང་རང་སྒམ་ཚུགས་ཀྱིས་འགྱིང་བའི་རི་ཚོགས་ལ།
རེ་བཞག་ཇེ་ཆེར་སོང་།
ནམ་མཁའ་དང་སྤྲིན་པ་ནི།
ཕན་ཚུན་གྱི་སྐྱོ་སྣང་གདེགས་པའི་གྲོགས་པོ་རེད།
                 2021/10/12 མདོ་སྨད་ཐེམ་ཆེན་དུ་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡིད་དང་ཡུལ་གྱི་ལེའུ།

2022-01-13 བོང་སྟག་ལྷག་ག(ཐེམ་ཆེན) ཀློག་གྲངས། མཆན ཡོད།
ཡིད་ཀྱི་རྒྱ་ཕིབས།

རི་རབ་ཀྱི་བར་སྣང་ན་བྲན་པའི་སྐར་ཚོགས་ཀྱི་རྡང་ཐག
དེའི་རྒྱལ་ཁམས་ཧྲིལ་བོ།
གནམ་སའི་ཁ་ཞེང་གསུར་སྤྱད་ཀྱི་དྲན་པའི་ཡོ་བྱད།
དེའི་སེམས་འགྱུ་ཡོངས་རྫོགས།
དོག་མོ་ས་ལ་སྐྱེས་པའི་མི་ཡུལ་གྱི་ཚེར་མ།
དེའི་ཐོགས་རེག་ཐམས་ཅད།
ཡིད་ཀྱི་འཕྲུལ་སྣང་ལ་ཕུགས་བསམ་གྱི་གཤོག་པ་ཐོགས།
ཉིན་མཚན་དུས་དྲུག་ལ་ཆད་སྣང་མེད་པར་འཕུར།

ཡིད་ནི་ད་སོ་མར་བསྐོལ་པའི་འོ་ཇ་ཚ་པོ་དེ་དང་འདྲ།
ཡིད་ལ་ཤར་བའི་འདས་དོན་དེ།
རྫོགས་མཐའ་མེད་པའི་མིག་ཆུ་ཞིག་ལ་འབྲེལ།
ཡིད་ལ་ཤར་བའི་འབྱུང་འགྱུར་དེ།
སླེབས་ཐབས་པའི་ལམ་བུ་ཞིག་ལ་འཐེན།

སྔོན་ཆད། ང་རང་སང་ཉིན་གྱི་དུས་ཚོད་ལ་དགའ།
ཕྱིས་སུ། ང་རང་ཁ་སང་གི་སྐར་མ་ལ་དགའ།
རིམ་བཞིན།  ང་རང་ད་ལྟའི་སྐར་ཆ་དག་ལ།
དུང་བ་བླ་ལྷག་ཅིག་སྐྱེ་བཞིན་ཡོད།

སོས་རྒྱུ་མེད་པའི་འགྱོད་གདུང་གི་ཕོར་བའི་ནང་ལ།
སྲབ་མཐུག་མེད་པའི་རྨི་ལམ་གྱི་ཁ་བ་བར་མེད་དུ་འབབ།
ད་ནི་ཡིད་ཀྱི་ཕོ་བྲང་ལ།
ལྡེ་མིག་དང་བཅས་པའི་སྒོ་མོ་ཞིག་བཟོ་ཐབས་བྲལ།

ཡུལ་གྱི་གདུང་བ།

གོམ་གསུམ་ཕར་ལ་སྤོ་དུས།
རྐང་རྗེས་དང་ལོ་རྒྱུས་ཀྱི་གོ་རིམ་ཅི་ཡང་མི་གསལ།
གོ་གསུམ་ཕྱིར་ལ་སྤོ་དུས།
སྔར་བཞིན་རང་སེམས་ཀྱི་རྨི་ལམ་སྟོང་བ་དག་ཧ་ཅང་འཁྱགས།

རང་ཉིད་ཀྱི་མིན་པ་འདྲ་བའི་ཡ་ཆུང་གི་མུན་པ་དག
ག་དུས་དེངས་མཐའ་མེད་ཀྱང་།
རྣ་ཚར་ཁྲ་ཁྲ་བཏགས་པའི་ཕ་ཡུལ་གྱི་རི་ཆུ་ལ།
བཀྲག་མདངས་ལྷག་མ་ཞིག་འཚེར།

སྨྲ་བ་མེད་པའི་དགུན་ཁ་ཞིག་གི་ཕར་རྒྱབ་ན།
ཁ་མི་གྲག་མི་ཤེས་པའི་རླུང་བུ་དང་ཁ་བ་ཡོད།

དེ་བས།  ལོ་ཟླ་གྲངས་མེད་ཅིག་ལ།
ཐ་སྙད་ཀྱི་མེ་བསྒོང་གིས་དྲོས་ཐབས་མེད་པའི་སེམས་འགྱུ་དག
སྒོ་ཁ་ཆག་པའི་ཁང་མིག་གྲུ་བཞི་ལས།
རང་རང་སར་བྲོས།
ཡིད་དང་ཡུལ།

ང་རང་གློག་སྐུད་ཀྱི་དྲ་རྒྱར་ཐོགས་པའི་བྱེའུ་ཆུང་ཞིག་ལ།
ཡིད་སྨོན་སྐྱེས་ཤིང་འཁྲེང་སེམས་ཤོར།
ཞོགས་པ་ཞིག་ལ། 
རྟ་རྒོད་ཀྱི་རྟོད་ཐག་ཆད་པ་བཞིན།

ང་རང་སྒམ་ཚུགས་ཀྱིས་འགྱིང་བའི་རི་ཚོགས་ལ།
རེ་བཞག་ཇེ་ཆེར་སོང་།
ནམ་མཁའ་དང་སྤྲིན་པ་ནི།
ཕན་ཚུན་གྱི་སྐྱོ་སྣང་གདེགས་པའི་གྲོགས་པོ་རེད།
                 2021/10/12 མདོ་སྨད་ཐེམ་ཆེན་དུ་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།