ཞི་བ།

རོ་རྒྱ་གླིང་།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-03-28
མེ་ཏོག་ཅིག་གསོས་ནས་ཡུག་རེན་གྱི་དམག་འཁྲུག་ནང་བསྐུར
ཨུ་རུ་སུའི་མཐའ་དམག་གིས་ཆུ་ཕོར་བ་གང་ཕྱིར་ང་ལ་གནང་བྱུང
ངས་དེའི་ནང་དོན་མ་གོ་བས
སླར་ཡང་སྙན་ངག་ཅིག་བྲིས་ནས་འགྲེལ་བརྗོད་ཇེ་གསལ་དུ་ཨེ་འགྲོ་བསམ

གསར་འགྱུར་ངོས་ཀྱི་བོའུ་དང་རལ་གྲི
ཤོག་བུའི་སྟེང་འཁྱུག་པའི་མིག་དང་ཁ་མང་བོ
ཡུགས་མོ་ཞིག་གི་ལས་དབང་མི་གསལ་བའི་སྨག་ནག་པའི་དུས་རབས
ངས་ཁྱེད་ཅག་ལ་ཁྲག་གི་མེ་ཏོག་རེ་རེ་ཕུལ་ཡོད

བུད་མེད་ཅིག་སྲང་ལམ་གྱི་ཆེས་གསལ་བའི་བཞི་མདོ་དེར་ཡོང་
འཛུམ་དཀར་ཞིག་འཕང་དེ་དལ་མོར་བུད་སོང
2022ལོའི་ཆེས་ཡག་པའི་ཞི་བ་ནི་འདི་ལས་རྙེད་ཐབས་མེད
            2022/3/13

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཞི་བ།

2022-03-28 རོ་རྒྱ་གླིང་།(མགོ་ལོག) ཀློག་གྲངས། མཆན ཡོད།
མེ་ཏོག་ཅིག་གསོས་ནས་ཡུག་རེན་གྱི་དམག་འཁྲུག་ནང་བསྐུར
ཨུ་རུ་སུའི་མཐའ་དམག་གིས་ཆུ་ཕོར་བ་གང་ཕྱིར་ང་ལ་གནང་བྱུང
ངས་དེའི་ནང་དོན་མ་གོ་བས
སླར་ཡང་སྙན་ངག་ཅིག་བྲིས་ནས་འགྲེལ་བརྗོད་ཇེ་གསལ་དུ་ཨེ་འགྲོ་བསམ

གསར་འགྱུར་ངོས་ཀྱི་བོའུ་དང་རལ་གྲི
ཤོག་བུའི་སྟེང་འཁྱུག་པའི་མིག་དང་ཁ་མང་བོ
ཡུགས་མོ་ཞིག་གི་ལས་དབང་མི་གསལ་བའི་སྨག་ནག་པའི་དུས་རབས
ངས་ཁྱེད་ཅག་ལ་ཁྲག་གི་མེ་ཏོག་རེ་རེ་ཕུལ་ཡོད

བུད་མེད་ཅིག་སྲང་ལམ་གྱི་ཆེས་གསལ་བའི་བཞི་མདོ་དེར་ཡོང་
འཛུམ་དཀར་ཞིག་འཕང་དེ་དལ་མོར་བུད་སོང
2022ལོའི་ཆེས་ཡག་པའི་ཞི་བ་ནི་འདི་ལས་རྙེད་ཐབས་མེད
            2022/3/13

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།