དཔེ་ཆ།(ཞར་བཀོད་གཅིག་ཡོད)

ཚེ་ཤིས་ལྷ་དོན།(ཨ་མཆོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-05-11
སེམས་ཀྱི་རི་མོ་དག་སུག་བྲིས་སུ་བཏབ་རྗེས།
སུག་རྗེས་ལ་གནས་ལུགས་དཀར་ནག་གི་གང་བུ་བཞད།
འདོད་པ་མཐའ་དག་ཨོང་བ་བཞིན་བདལ་རྗེས།
འཇོང་འཇོང་དང་གོར་གོར།
ལེབ་ལེབ་དང་ནར་ནར།
སུ་ཡིས་བཏུས་་ཀྱང་མེ་ཁ་དེ་ཡིས་སོས།

རིག་པ་དང་རིག་གཞུང་ནི་ལུ་གུ་དང་བེའུ་སྟེ།
རང་གི་ནོར་ངོ་ཟིན་དགོས་ཚེ་རྫི་བོ་བྱ་ལོས་དགོས།
ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ།
དེ་ནི་རྫི་བོ་དག་གི་ལས་བྱ་ཡིན།

སེམས་ངོར་གཡོས་བའི་རླུང་གང་དག
སྤྲིན་པའི་ཟོལ་གྱིས།
ཉི་ཟེར་ཚུལ་གྱིས།
ནག་ཟིང་ངེར་འོད་ཀྲིག་གེར་ཡིད་ལ་མནོག་སྟེ།
སྣང་བས་ཁྲིད་པའི་ནམ་མཁའ་ན་ཟུར་བཞི་དང་ཟུར་ལྔ་གང་རུང་དུ་བཀྲ།

དགེ་ཆོས་ཚང་དཔེ་ཆ་ལས་འབར་ཅིང་།
རང་གྲོལ་ནི་དཔེ་ཆ་ལས་ཤོར་སོང་།
སྐྱབས་ཆེན་ཀྱང་དཔེ་ཆ་ནས་གྲོལ་ལ།
ཙོང་ཁ་བ་དཔེ་ཆ་ལས་རྒྱལ།
དཔེ་ཆ་ནི་གཡུལ་ས་ཞིག་གམ།
གློག་འོད་འཐབ་པའི་གར་སྟེགས་ཤིག་ཀྱང་ཡིན་ནི་སྲིད།
གྲགས་ཅན་ཡོད་ཚད་འདི་ནས་རི་ལ་ཤོར་སོང་།

བྱ་བཏང་བའི་ཟས།
ཕྱུགས་ཕྱུང་མའི་གྲོགས།
ཁ་པར་བབ་རིས་ཀྱི་མིག་ཟུང་།
ཐོག་དང་མཐའ་ཡིས་མ་ཁྱེར་བར།
དད་ཆོག་ལ་དམས་ཆོག་པའི་གཞོམ་མེད་ཀྱི་བྲག་རི་ཞིག
མཐོ་ཉི་ཟླའི་ཕྲག་པར་བཞད་ཅིང་།
དམའ་སྙིགས་རོའི་ཐང་ལ་འཐམ་པའི།
ངག་མེད་པའི་གཞས་པ་འདི།
ཁྱོད་ཀྱི་ཡིན་ཆོག་ལ་བདག་གིས་ཀྱང་ངོམས་ཆོག་པའི་ཀུན་མཐོང་གི་འདྲེན་པ།
             ལུགས་རྙིང་གི་༢༠༢༢.༣.༢༡ཉིན།

རྣ་བ་བཀབ་ནས་རང་ཉིད་ལ་ཉན་པ།

ཁྱོད་ཀྱིས་རྣ་བ་བཀབ་སྟེ།
རང་ཉིད་རླུང་བུར་བསྐུར་ཏེ་ཟད་དུ་བཅུག
གང་འཆི་ལམ་ལ་འཇུག་པའི་ལག་པ་དེ།
ད་དུང་རྨི་ལམ་ཁྲོད་ན་འཕག་འཚག་བྱེད།
སེམས་པ་སྟོང་བ་དག་ནི་ད་དུང་སྔར་བཞིན་་ཁྲེལ་གཞུང་གིས་བོར།
ས་བོན་ནད་པ་དེར་མྱུ་གུ་ཡ་མ་བརླ་ཞིག་ཀྱང་འབུས།

ཁྱོད་ནི་གློག་ཚར་བ་ནང་བཞིན།
དོན་ལྔ་སྣོད་དྲུག་ཀུན་བེམ་པོར་ལུས།
ཁ་ཕྱིར་འཁོར་ནས་བལྟས་ཚེ།
ལྗོན་པའི་ཁྲོད་ན་མགོ་བོ་སྤུ་མེད་ཅིག་དམར་ཧྲེང་ངེར་གདའ།
དེ་ལ་སྐྱུག་མེར་ལྡང་།
ཡར་ལངས་ཐེངས་གཅིག་ལ།
རྒོད་པོའི་གཤོག་པར་འཐམ་ནས་འབྲོ་དགོས་སྙམ།

ཡིན་ནའང་།
རྒོད་པོ་དག་འཕུར་ཚར་འདུག

གོ་ཐོས་སུ།
རྨི་ལམ་ནས་རྙེད་པའི་བུ་མོ་དེས།
ཡར་ཤོག་དང་འདོད་པ་བསྲུབས་ཨང་ཟེར།
ཆུང་ནས་འདྲིས་པའི་གཞོན་ནུ་དེས།
མར་ཤོག་དང་རྩེད་ར་བཤིག་གོ་ཟེར།

མིག་གིས་མ་མཐོང་ཡང་།
སྨིག་རྒྱུ་གཤགས་པའི་ཤུལ་ན་མྱ་ངམ་ཐང་དམར་ཟོར་རེར།
ཟུངས་དག་ཟད་པས།
ཁྱོད་ནི་ཀེང་རུས་བཞིན་བྱ་རྒོད་ཚོས་ཀྱང་མི་བཏོག་ན།
ཀི་ཞིག་བཏབ་ནས་ཡར་ལངས་ན་མི་བུ་ཚོ་སྨྱོས་མི་འགྲོ་གྲང་།

ཉན་རྒྱུ་གོ་རྒྱུ་མེད་པའི་གཞས་དེ།
རྣ་བས་མ་ཡིན་གྱི།
སེམས་མེད་པས་ཅི་ཡང་མི་ཚོར་བ་ཡིན།
        ༢༠༢༢.༣.༢༨ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔེ་ཆ།(ཞར་བཀོད་གཅིག་ཡོད)

2022-05-11 ཚེ་ཤིས་ལྷ་དོན།(ཨ་མཆོག) ཀློག་གྲངས། མཆན ཡོད།
སེམས་ཀྱི་རི་མོ་དག་སུག་བྲིས་སུ་བཏབ་རྗེས།
སུག་རྗེས་ལ་གནས་ལུགས་དཀར་ནག་གི་གང་བུ་བཞད།
འདོད་པ་མཐའ་དག་ཨོང་བ་བཞིན་བདལ་རྗེས།
འཇོང་འཇོང་དང་གོར་གོར།
ལེབ་ལེབ་དང་ནར་ནར།
སུ་ཡིས་བཏུས་་ཀྱང་མེ་ཁ་དེ་ཡིས་སོས།

རིག་པ་དང་རིག་གཞུང་ནི་ལུ་གུ་དང་བེའུ་སྟེ།
རང་གི་ནོར་ངོ་ཟིན་དགོས་ཚེ་རྫི་བོ་བྱ་ལོས་དགོས།
ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ།
དེ་ནི་རྫི་བོ་དག་གི་ལས་བྱ་ཡིན།

སེམས་ངོར་གཡོས་བའི་རླུང་གང་དག
སྤྲིན་པའི་ཟོལ་གྱིས།
ཉི་ཟེར་ཚུལ་གྱིས།
ནག་ཟིང་ངེར་འོད་ཀྲིག་གེར་ཡིད་ལ་མནོག་སྟེ།
སྣང་བས་ཁྲིད་པའི་ནམ་མཁའ་ན་ཟུར་བཞི་དང་ཟུར་ལྔ་གང་རུང་དུ་བཀྲ།

དགེ་ཆོས་ཚང་དཔེ་ཆ་ལས་འབར་ཅིང་།
རང་གྲོལ་ནི་དཔེ་ཆ་ལས་ཤོར་སོང་།
སྐྱབས་ཆེན་ཀྱང་དཔེ་ཆ་ནས་གྲོལ་ལ།
ཙོང་ཁ་བ་དཔེ་ཆ་ལས་རྒྱལ།
དཔེ་ཆ་ནི་གཡུལ་ས་ཞིག་གམ།
གློག་འོད་འཐབ་པའི་གར་སྟེགས་ཤིག་ཀྱང་ཡིན་ནི་སྲིད།
གྲགས་ཅན་ཡོད་ཚད་འདི་ནས་རི་ལ་ཤོར་སོང་།

བྱ་བཏང་བའི་ཟས།
ཕྱུགས་ཕྱུང་མའི་གྲོགས།
ཁ་པར་བབ་རིས་ཀྱི་མིག་ཟུང་།
ཐོག་དང་མཐའ་ཡིས་མ་ཁྱེར་བར།
དད་ཆོག་ལ་དམས་ཆོག་པའི་གཞོམ་མེད་ཀྱི་བྲག་རི་ཞིག
མཐོ་ཉི་ཟླའི་ཕྲག་པར་བཞད་ཅིང་།
དམའ་སྙིགས་རོའི་ཐང་ལ་འཐམ་པའི།
ངག་མེད་པའི་གཞས་པ་འདི།
ཁྱོད་ཀྱི་ཡིན་ཆོག་ལ་བདག་གིས་ཀྱང་ངོམས་ཆོག་པའི་ཀུན་མཐོང་གི་འདྲེན་པ།
             ལུགས་རྙིང་གི་༢༠༢༢.༣.༢༡ཉིན།

རྣ་བ་བཀབ་ནས་རང་ཉིད་ལ་ཉན་པ།

ཁྱོད་ཀྱིས་རྣ་བ་བཀབ་སྟེ།
རང་ཉིད་རླུང་བུར་བསྐུར་ཏེ་ཟད་དུ་བཅུག
གང་འཆི་ལམ་ལ་འཇུག་པའི་ལག་པ་དེ།
ད་དུང་རྨི་ལམ་ཁྲོད་ན་འཕག་འཚག་བྱེད།
སེམས་པ་སྟོང་བ་དག་ནི་ད་དུང་སྔར་བཞིན་་ཁྲེལ་གཞུང་གིས་བོར།
ས་བོན་ནད་པ་དེར་མྱུ་གུ་ཡ་མ་བརླ་ཞིག་ཀྱང་འབུས།

ཁྱོད་ནི་གློག་ཚར་བ་ནང་བཞིན།
དོན་ལྔ་སྣོད་དྲུག་ཀུན་བེམ་པོར་ལུས།
ཁ་ཕྱིར་འཁོར་ནས་བལྟས་ཚེ།
ལྗོན་པའི་ཁྲོད་ན་མགོ་བོ་སྤུ་མེད་ཅིག་དམར་ཧྲེང་ངེར་གདའ།
དེ་ལ་སྐྱུག་མེར་ལྡང་།
ཡར་ལངས་ཐེངས་གཅིག་ལ།
རྒོད་པོའི་གཤོག་པར་འཐམ་ནས་འབྲོ་དགོས་སྙམ།

ཡིན་ནའང་།
རྒོད་པོ་དག་འཕུར་ཚར་འདུག

གོ་ཐོས་སུ།
རྨི་ལམ་ནས་རྙེད་པའི་བུ་མོ་དེས།
ཡར་ཤོག་དང་འདོད་པ་བསྲུབས་ཨང་ཟེར།
ཆུང་ནས་འདྲིས་པའི་གཞོན་ནུ་དེས།
མར་ཤོག་དང་རྩེད་ར་བཤིག་གོ་ཟེར།

མིག་གིས་མ་མཐོང་ཡང་།
སྨིག་རྒྱུ་གཤགས་པའི་ཤུལ་ན་མྱ་ངམ་ཐང་དམར་ཟོར་རེར།
ཟུངས་དག་ཟད་པས།
ཁྱོད་ནི་ཀེང་རུས་བཞིན་བྱ་རྒོད་ཚོས་ཀྱང་མི་བཏོག་ན།
ཀི་ཞིག་བཏབ་ནས་ཡར་ལངས་ན་མི་བུ་ཚོ་སྨྱོས་མི་འགྲོ་གྲང་།

ཉན་རྒྱུ་གོ་རྒྱུ་མེད་པའི་གཞས་དེ།
རྣ་བས་མ་ཡིན་གྱི།
སེམས་མེད་པས་ཅི་ཡང་མི་ཚོར་བ་ཡིན།
        ༢༠༢༢.༣.༢༨ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།