གླུ་སྐད་ཀྱིས་སྤྲིན་དཀར་ཞལ་ཕྱེས།
གླུ་སྐད་ཀྱིས་སྤྲིན་དཀར་ཞལ་ཕྱེས
དྭངས་པའི་ཨ་སྔོན་མི་སེམས་སུ་དྲངས
ཡངས་པའི་སྤང་ལྗོངས་གནམ་གྱི་མཐའ་རུ་བརྒྱངས
མེས་པོའི་རུས་རྐང་གི་དབྱངས་རྟ
རི་རབ་ཀྱི་ཕྲེང་བའི་མགུལ་དུ་བསྒྲོན
ལུག་དཀར་རྒྱལ་རི་རྩེ་ནས་རི་ཞོལ་དུ་ཕབ
དཔུང་ཤ་རྗེན་པ་ལས་དྲག་ཆར་ཞུ་བའི་མི་རབས་ཤིག་གི་གཟུགས་བརྙན་གཟེངས་མཐོ་བའི་སྐད་ཀྱིས་བཞེངས
རྨ་ཆུ་གཡུ་འབྲུག་སྔོན་མོ་ཐག་རིང་རྒྱང་ལ་འཁྱུག་པའི་སྒྲ་དབྱངས་དཀྱེལ་ཆེ་བའི་ངག་གིས་མཆོད
ཨ་ཞང་ལོ་ལོ ཁྲོམ་གྱི་གྲལ་དབུ་ལ་བཞུགས
ཨ་ཞང་ལོ་ལོ ན་ཟླའི་སེམས་རྟེན་དུ་འགྱིང
ཨ་ཞང་ལོ་ལོ དགུང་གཏད་པའི་གླག་སྒྲོ
༢༠༢༥ལོའི་ཆོ་འཕྲུལ་སྨོན་ལམ་གྱི་ཚེས༡༣ཉིན་གླུ་བ་གླུ་གར་རྒྱལ(1963.8.20—2025.1.13)གྲོང་ཁྱེར་ལན་གྲུ་རུ་སྐུ་ཚེ་མ་ཟིན་པར་རྨ་ཆུ་རྫོང་མཁར་གྱི་ཁོང་གི་ཁྱིམ་དུ་སྦྱར།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།