ནང་མ་བཀྲ་ལ་ཤིས་པ།

གཙང་མེ་སྟག 琼迈文学网 2025-02-25
              -----ནང་མ་སྟོད་གཞས་ཀྱི་རྒྱབ་ལྗོངས་སྙན་ངག་ཁག་གཉིས་པ།
 

                   བཀྲ་ཤིས་ལྡུམ་རའི་ནང་ལ།
                   གཡང་ཆགས་མེ་ཏོག་འཁྲུངས་བཞག
                   སྔ་དྲོའི་ཟིལ་བ་མ་ཡལ།
                   ཉིན་གུང་སྦྲང་ཆར་བབས་བྱུང་།
 
འཁྱག་སིབ་སིབ་ཀྱི་ནམ་ཟླ་དེ་ཕར་འདས 
ཚ་སོབ་སོབ་ཀྱི་དུས་ཚིགས་དེ་ཚུར་འོང
ཉི་མ་ལྷ་ས རེ་ཞིག
དབྱར་གཞུང་གི་མལ་ནང་དུ་ལྷམ་མེར་གཟིམས
 
ཉི་འོད་ཀྱིས་འབྱམས་ཀླས་པའི་མཐོ་སྒང
ཟླ་འོད་ཀྱིས་མཐིལ་བརླན་པའི་གནའ་གྲོང
སྙོར་བཞིན་པའི་ཕོ་བྲང་དམར་པོ་ཁོ་ན
ལྷ་སྡེ་མི་སྡེའི་ལས་དབང་གི་ཅོ་འདྲི་སར་ལྷུང
 
ཡུལ་དུས་ལྗང་ཁུ་དེའི་ཁུད་ན
ཉི་ཟླ་ཟས་སུ་སྟེན་མཁན་གྱི་གཉུག་གཤིས་པ་འབའ་ཞིག
འཇམ་ནེམ་ནེམ་གྱི་རྩེད་རར་སྤྲེའུ་བཞིན་རྩེན
དབྱར་ཉི་འོད་ལམ་ལམ་འཁྱིལ་ས་དེར
གཡང་ཆགས་མེ་ཏོག་གི་རྩེ་མོར
ཞོགས་པའི་ཟིལ་བ་ཁྲོམ་ཁྲོམ་སྟེང  སླར་ཡང
ཉིན་གུང་གི་སྦྲང་ཆར་ཟམ་ཟིམ་དབབ་པས
གངས་འདབས་དང རྩྭ་ཐང་ཡང གློ་བུར
དབུས་ཉི་མ་ལྷ་སའི་ཕྱོགས་སུ་མགོ་བོ་དུད
     ༢༠༢༥ལོའི་ཟླ༢ཚེས༡༤ཉིན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ལྷ་ས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ནང་མ་བཀྲ་ལ་ཤིས་པ།

2025-02-25 གཙང་མེ་སྟག ཀློག་གྲངས། མཆན ཡོད།
              -----ནང་མ་སྟོད་གཞས་ཀྱི་རྒྱབ་ལྗོངས་སྙན་ངག་ཁག་གཉིས་པ།
 

                   བཀྲ་ཤིས་ལྡུམ་རའི་ནང་ལ།
                   གཡང་ཆགས་མེ་ཏོག་འཁྲུངས་བཞག
                   སྔ་དྲོའི་ཟིལ་བ་མ་ཡལ།
                   ཉིན་གུང་སྦྲང་ཆར་བབས་བྱུང་།
 
འཁྱག་སིབ་སིབ་ཀྱི་ནམ་ཟླ་དེ་ཕར་འདས 
ཚ་སོབ་སོབ་ཀྱི་དུས་ཚིགས་དེ་ཚུར་འོང
ཉི་མ་ལྷ་ས རེ་ཞིག
དབྱར་གཞུང་གི་མལ་ནང་དུ་ལྷམ་མེར་གཟིམས
 
ཉི་འོད་ཀྱིས་འབྱམས་ཀླས་པའི་མཐོ་སྒང
ཟླ་འོད་ཀྱིས་མཐིལ་བརླན་པའི་གནའ་གྲོང
སྙོར་བཞིན་པའི་ཕོ་བྲང་དམར་པོ་ཁོ་ན
ལྷ་སྡེ་མི་སྡེའི་ལས་དབང་གི་ཅོ་འདྲི་སར་ལྷུང
 
ཡུལ་དུས་ལྗང་ཁུ་དེའི་ཁུད་ན
ཉི་ཟླ་ཟས་སུ་སྟེན་མཁན་གྱི་གཉུག་གཤིས་པ་འབའ་ཞིག
འཇམ་ནེམ་ནེམ་གྱི་རྩེད་རར་སྤྲེའུ་བཞིན་རྩེན
དབྱར་ཉི་འོད་ལམ་ལམ་འཁྱིལ་ས་དེར
གཡང་ཆགས་མེ་ཏོག་གི་རྩེ་མོར
ཞོགས་པའི་ཟིལ་བ་ཁྲོམ་ཁྲོམ་སྟེང  སླར་ཡང
ཉིན་གུང་གི་སྦྲང་ཆར་ཟམ་ཟིམ་དབབ་པས
གངས་འདབས་དང རྩྭ་ཐང་ཡང གློ་བུར
དབུས་ཉི་མ་ལྷ་སའི་ཕྱོགས་སུ་མགོ་བོ་དུད
     ༢༠༢༥ལོའི་ཟླ༢ཚེས༡༤ཉིན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ལྷ་ས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།