ཉིན་གཅིག་གི་ངལ་བ།(ཞར་བཀོད་གཉིས་ཡོད)

ཆར་ཐིགས།(རྨ་ཆུ) 琼迈文学网 2025-02-27

 པར་དབང་། ཆར་ཐིགས།

ནམ་ལངས་པའི་དུས་ཚོད་ཀྱི་ཅོང་སྒྲ།
གཡུལ་གྱི་ངུ་འབོད་ལས་རྣ་ལ་གཟན།
གཉིད་མ་སད་དུ་གློག་བཀར། ཆུ་ཚ་བར་བྱས།
དུས་ཚོད་ནི་ང་ལ་སྐུལ་བའི་ལྕག་ཚན།
ལུས་སེམས་འཚབ་འཚུབ་ཏུ་བཏང་འགྲོ།

ཕྱི་ལ་ཀུན་གྱི་གྲལ་དུ་དགའ་བའི་ཉམས་བསྟན་ཡང་།
དཔྱིད་ཚེས་མདོག་གི་སྟོད་གོས་ཀྱིས་ང་ལ་ལེ་བདའ་གཏོང་།
ངས་ཁ་ཤུལ་གྱི་གྲང་ངར་ལ་འཁང་ར་བྱས།
ཉིན་གུང་སྨུག་ལང་ལོང་བསྐྱོད་པ་ནི་དཔྱིད་ཀྱི་ཡ་ལན་ཨེ་ཡིན།

ཡིག་རྡོག་བཞི་བརྒྱ་ཙམ་ཞིག་འཆར་གཞིའི་གདན་ལ་བཞག
འཆར་གཞི་ནི་ཉི་འོག་ནས་ཡལ་འགྲོ་བའི་ཁ་བའི་འདབ་མ་བཞིན།
ཡིད་ལ་གནས་ཀྱང་དོན་ལ་འཁྱོལ་ཐབས་མེད་པ་ཞིག

ཉི་མ་འདི་འདི་ལྟར་གཏོང་དགོས་པ།
ད་ནངས་ཀྱི་ཅོང་སྒྲ་ལ་རག་ལས་སམ།
                  ༢༠༢༥-༢-༢༦
 
ཁྱོད་ལ་འཆར་གཞི་ཡོད་དམ།

ཉི་མ་ནུབ་ཁར་ཉེ་བ་ཁྱོད་ཀྱིས་ཤེས་ཡོད་ངེས།
ཁྱོད་ལ་འཆར་གཞི་ཡོད་དམ།

ང་ནི་གར་གནས་མི་ཤེས་པའི་བྱེའུ་ཞིག
ང་ལ་འཆར་གཞི་ཞིག་ཡོད་མེད་མ་འདྲི།
གནས་བདེ་ན་ང་ལ་འཆར་གཞི་ཡོད་ཀྱང་།
གནས་མ་བདེ་ན་ང་ལ་འཆར་གཞི་མེད།

ངའི་འཆར་གཞི་ནི།
དགུན་ལ་མེ་ཏོག་བཞད་དུ་འཇུག་རྒྱུ་དེ་མིན།
དུས་མ་རན་པའི་མྱུར་མཛད་ཀྱི་ཆོ་འཕྲུལ་མེད་པས།
ཉིན་ཀྱི་སྐར་མ་དང་། རི་བོང་གི་རྭ་ལྟ་བུའོ། །

ངའི་འཆར་གཞི་ནི།
གཉའ་གནོན་དང་འཁང་ར་མེད་པར།
རབ་འབྲིང་གི་དབྱེ་བ་མེད་པར།
བློ་ཡི་བུམ་པར་གནས་པའི་ཆུ་རྡུལ་ཕྲ་མོ།
ཁོ་རང་ཚོར་ལྷད་མེད་པར་འབུལ་བའི་བྱ་གཞག་དེ་ལགས།
                     ༢༠༢༥-༢-༢༦

དབྱར་བསླེབ་ན།

སྟོན་དགུན་དཔྱིད་གསུམ་གྱི་ནམ་ཟླས།
ས་གཞི་འདི་འཁོས་ཆུང་བར་བཏང་།
མ་རེད། ངའི་སེམས་ཀྱི་རྒྱལ་ས་འཁོས་ཆུང་བར་བཏང་།
ཕོ་བྲང་གི་དྲོད་སྣང་ཉམ་ཆུང་བར་བཏང་།

མུན་ནག་ཏུ་གསལ་བ་རབ་རིབ་ཏུ་སྣང་ཡང་།
གངས་རིའི་ཉམས་མ་ཡལ་བའི་རྔམ་བརྗིད་དེས།
སྐྱེ་འགྲོ་མང་པོར་དབྱར་ཁ་བསུ་བའི་རེ་སྨོན་འཁྲུངས་ཡོད།

སང་ལ་དབྱར་བསླེབ་ན།
ཉི་འོད་ཀྱི་ཟེར་མ་སྙིང་བུམ་ལ་བཅུས་ནས།
མཚན་སྨག་གི་དུས་ཚོད་ཀྱང་འོད་དུ་བསྒྱུར་ཆོག

དེ་དུས་ཁྱོད་ཀྱི་ཀླད་གཞོང་དུ་འཁྱིལ་བའི་མུན་པའི་དུག་རླངས།
རང་དགར་ཡལ་ཞིང་དྲི་དང་གཟུགས་མེད་པར་འགྱུར་ངེས།
དེ་དུས་སྐར་མའི་ཕྲ་ཚོམ་ལ་དྲོད་སྣང་ཡོད་ལ།
ས་གཞིའི་རྩི་ཤིང་གིས་ཞི་འཇམ་གྱི་གླུ་དབྱངས་ལེན་ངེས།

དེ་དུས། ནམ་ཟླ་དབྱར་ཁ་སྟེ།
ང་ཡི་འཆར་ཡན་གྱི་རྟ་ཕོའང་བང་གིས་བསྐྱོད་ཆོག
                   ༢༠༢༥-༢-༢༧ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉིན་གཅིག་གི་ངལ་བ།(ཞར་བཀོད་གཉིས་ཡོད)

2025-02-27 ཆར་ཐིགས།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།