མཐོང་གྲོལ་གྱི་སྙན་ངག་ཚན་པ་གཉིས།

མཐོང་གྲོལ།(ནག་ཆུ) 琼迈文学网 2025-03-17

མཐོང་གྲོལ།  བྱང་ནག་ཆུ་ནས་སྐྱེས་པའི་གཞོན་ནུ་སྙན་ངག་པ་ཞིག་ཡིན། ཁོ་ན་རེ། ཤོག་ལྷེ་ཡར་སློག་མར་སློག་གི་སྙན་ཞིང་འཇེབས་པའི་སྒྲ་ལ་ཡུན་རིང་འདྲིས་པའི་དབང་གིས་ད་རུང་དེ་ཡི་བག་ཆགས་མ་ལྷོད་པར་གནས་ཡོད། མ་མཐའ་ཡང་གཏན་བརླིང་གི་གདོད་པའི་གཤིས་ཁམས་སུ་འདྲིས་མ་ཐུབ་ཚེ་ཡིག་ཉོག་གི་རྗེས་ལ་བསྙེག་ངེས་པའི་ཆོད་སེམས་ཤིག་གིས་མུ་རུ་སྐྱོད་བཞིན་པའོ།།  

གཞིས།

ཁྱོད་རང་ཚིག་ཏུ་མ་གྲུབ་པའི་ཡི་གེར་ཤར།
སྨྲ་བརྗོད་ཀྱིས་མི་ནུས་སའི་ཚོར་བ་སྣ་ཚོགས་ལ་ཐིམ།
ཡོད་ཚད་ཡིད་ངོར་ཤར་ཡང་།
དེ་དང་དེའི་ནང་དུ་ཁྱོད་མི་གསལ།
ཁྱོད་རང་ཤིན་ཏུ་དྭངས་པའི་
ནང་སེམས་ཀྱི་ཡལ་ག་རུ།
མེ་ཏོག་བཞིན།  སྣ་ཚོགས་ཀྱི་མིག་ལ་མཛེས།
ཆུ་ཐིགས་བཞིན། མང་པོའི་རྣ་ལ་སྙན།
ཏབ་ཅིག
བདག་གི་ཤ་རུས་ལ་སྐྱེས།  ཡུལ།

མི་དང་མི།

ལན་རེར་ཤིན་ཏུ་བྱམས་པའི་སྨྲ་བརྗོད་ཀྱི་ནང་དུ་འཛོམས།
ལན་རེར་ཧ་ཅང་སྡང་བའི་ཞལ་གདངས་ཀྱི་མཐའ་རུ་གྱེས།
མི་བརྟན་མི་བརྟན།  རྟག་པའི་གཏན་ལ་རེ།
རྟག་པ་རྟག་པ། མི་རྟག་རྒྱུད་ལ་འཁྲུངས།

རྩོམ་སྒྲིག་པ། གངས་དགའ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཐོང་གྲོལ་གྱི་སྙན་ངག་ཚན་པ་གཉིས།

2025-03-17 མཐོང་གྲོལ།(ནག་ཆུ) ཀློག་གྲངས། མཆན ཡོད།

མཐོང་གྲོལ།  བྱང་ནག་ཆུ་ནས་སྐྱེས་པའི་གཞོན་ནུ་སྙན་ངག་པ་ཞིག་ཡིན། ཁོ་ན་རེ། ཤོག་ལྷེ་ཡར་སློག་མར་སློག་གི་སྙན་ཞིང་འཇེབས་པའི་སྒྲ་ལ་ཡུན་རིང་འདྲིས་པའི་དབང་གིས་ད་རུང་དེ་ཡི་བག་ཆགས་མ་ལྷོད་པར་གནས་ཡོད། མ་མཐའ་ཡང་གཏན་བརླིང་གི་གདོད་པའི་གཤིས་ཁམས་སུ་འདྲིས་མ་ཐུབ་ཚེ་ཡིག་ཉོག་གི་རྗེས་ལ་བསྙེག་ངེས་པའི་ཆོད་སེམས་ཤིག་གིས་མུ་རུ་སྐྱོད་བཞིན་པའོ།།  

གཞིས།

ཁྱོད་རང་ཚིག་ཏུ་མ་གྲུབ་པའི་ཡི་གེར་ཤར།
སྨྲ་བརྗོད་ཀྱིས་མི་ནུས་སའི་ཚོར་བ་སྣ་ཚོགས་ལ་ཐིམ།
ཡོད་ཚད་ཡིད་ངོར་ཤར་ཡང་།
དེ་དང་དེའི་ནང་དུ་ཁྱོད་མི་གསལ།
ཁྱོད་རང་ཤིན་ཏུ་དྭངས་པའི་
ནང་སེམས་ཀྱི་ཡལ་ག་རུ།
མེ་ཏོག་བཞིན།  སྣ་ཚོགས་ཀྱི་མིག་ལ་མཛེས།
ཆུ་ཐིགས་བཞིན། མང་པོའི་རྣ་ལ་སྙན།
ཏབ་ཅིག
བདག་གི་ཤ་རུས་ལ་སྐྱེས།  ཡུལ།

མི་དང་མི།

ལན་རེར་ཤིན་ཏུ་བྱམས་པའི་སྨྲ་བརྗོད་ཀྱི་ནང་དུ་འཛོམས།
ལན་རེར་ཧ་ཅང་སྡང་བའི་ཞལ་གདངས་ཀྱི་མཐའ་རུ་གྱེས།
མི་བརྟན་མི་བརྟན།  རྟག་པའི་གཏན་ལ་རེ།
རྟག་པ་རྟག་པ། མི་རྟག་རྒྱུད་ལ་འཁྲུངས།

རྩོམ་སྒྲིག་པ། གངས་དགའ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།