ཡུལ་གཞན་དུ།(ཞར་བཀོད་གསུམ་ཡོད)

ཐོ་ཡོར།(དཀར་མཛེས) 琼迈文学网 2025-03-19
གནས་གཞན་དུ་འཚོ་བའི་དྲན་པ
ཡིད་ལ་བརྣགས་པ་ནས
མ་ངེས་པའི་སྐྱོ་བ་དང   ཐུན་མོང་བའི་སྨུག་པ
གནས་ངེས་མེད་དུ་བབས
རྨི་ལམ་ནས་བསྐྱུར་བའི་ཡུལ་ལྗོངས་དེའི་ནམ་མཁར
སྤྲིན་པ་ནི་ཡུག་གཅིག་མེད་ཀྱང

སྤྱིར་ན་ང་ཡིས་ཁང་སྟོང་དེར   
མེ་ཏོག་གིས་ཁེངས་པའི་དུས་ཚོད་དུམ་བུར་ཆད་པའི་སྒྲ་ལ་ཉན་པས་ཆོག
ར་སྐོར་ནང་གི་ཁ་བ་ཕྱགས་དགོས་དོན་མེད  
སེམས་ནད་ཅན་དེའི་སྔུན་ནས་ཅི་མི་སྙམ་པའི་ངང
Abbas Kiarostamiཀྱི་གློག་བརྙན་ཞིག་བཏང་རྗེས   
ཡིད་བརྣངས་པའི་ཕྱོགས་དེ་འགྲེལ་སླད
གལ་འགངས་མེད་པའི་འཁྲབས་ཚིག་རེ་གཉིས་བློར་བཟུང 
ཡུལ་གཞན་དུ་ལོག་པའི་དུས་ཚིགས་ནི་བརྗེད
མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག
ལོངས་བའི་མཐོང་སྣང་ལྟར་ཡུལ་ལྗོངས་ཐམས་ཅད་གཞན་ཡུལ་དུ་གྱུར
ངའི་སྡོད་གནས་གངས་རི་མཐོང་སར་གནས་སྤར
རྨོངས་པ    ཁྲག་རྩ་རེ་རེའི་བུ་ག་བརྒྱུད་མི་དགོས་ཀྱང
དུས་གཅིག་ཏུ་དེ་དག་ཨར་འདམ་གྱི་སྤྲིན་པ་ལས་ཀྱང་འཁྱག
               2024.11.2           

མདང་ནུབ།

གྲོགས་པོ་ཞིག་ལJohn Maxwell Coetzeeཡི་དེབ་ཅིག་གཡར
དེ་ནས་“ཤེལ་གྱི་བཤས་རའི་”དྲན་པ་ཁོ་ལ་བརྗོད
ཁ་སང་གི་སྨུག་པའི་ནང་དུ
ང་ཡུལ་གཞན་ལ་གཡེང་ཡོད་ཚོད་ཡིན
“བདག་ནི་མེད་པར་གྱུར་པའི་དུས”ཞེས་པའི་ཚིག་དེ་འམ
བྱི་བ་དཀར་ནག་གཉིས་ཀྱི་གཏམ་རྒྱུད་ཅིག
མངོན་སུམ་གྱི་ནགས་སྟུག་པོ་ལས་ཕྱིར་ཐོན་པའི
“རྒྱ་ལམ་བཞི་མདོའི་ཕག་པ”
དབུགས་རྒྱུན་ལྷོད་པོར་སྡོད་དུས
གད་སྙིགས་ཀྱི་ཕུང་པོ་གཏོས་ཆེ་བ་ཞིག་ཆུར་ནུབ་པ་མཐོང
                  2024.9.9

ཟླ་བདུན་པ།
                    
ཟླ་དེའི་དུས་ཚོད་གང་ཞིག་ཏུ་ཁྱོད་ཀྱི་ལག་པས
ཡུལ་ཕྱོགས་ཆ་མེད་ཀྱི་སྤྲིན་པ་ཡུག་གཅིག
སྒོ་ར་དམའ་མོ་ཞིག་ཏུ་བཀག
དེ་ཡི་གྲིབ་མའི་ཀློང་དུ་སྡོད་དགོས་སྙམ་དུས
བསིལ་སྣང་སྣེ་མོའི་རླུང་པོས
ངེད་གཉིས་སྡོད་སའི་བར་དུ་བཟོད་བསྲན་གྱི་ནུས་པ་མེད་པའི་ཡོལ་བ་ཞིག་འཐེན
རྗེས་སུ     སྤྲིན་པ་ལྷོད་པོ་དེའི་གསེང་དུ
སོ་སོའི་གཟུགས་པོར་འཐམ་སྟེ་གཏམ་ལབ་པ
རྡོ་བས་བསླད་པའི་ཡུལ་ལྗོངས་བཞིན་འཁྲེགས་པོར་གྱུར
ཡུལ་ལྗོངས་དེའི་མཁའ་དབུགས་ནང་འབྱར་བའི་གཏོལ་མེད་ཀྱི་སྣང་བ
ཆར་བར་སྦངས་པའི་ཚུལ་མཐོང་མཁན་མེད
                             2025.3.17
                        
ཉིན་ཞག་ཁྲི་ཕྲག་ནང་གི་ཉིན་གཅིག
             
རྣམ་ཀུན་ལྟར་ཉི་མར་འགྱུར་ལྡོག་ཅི་ཡང་མི་འདུག
བློས་མི་ཐོངས་པའི་དོན་ཞིག་ཡོད་པ་དང་འདྲ་བར
ཁང་པའི་མདུན་ངོས་ནས་ཤར
ངས་ཁང་སྒོ་གཏན་ནས་སྒོར་ཐོན
ཁ་སང་གཞན་ལ་རྟེན་འབྲེལ་ཞུ་མཁན་ཁོང
དེ་རིང་ཀུན་གྱི་མྱ་ངན་ཞུ་ཡུལ་དུ་སོང
འཇིགས་ཆིམ་པ་ཞིག་བྱུང
ངས་མི་ཞིག་འདས་རྗེས་དུས་ཡུན་ཅི་ཙམ་ནས
མི་ཚོའི་དྲན་ཡུལ་ནས་གཏད་མེད་དུ་འགྱུར་འགྲོ་བསམ

ཡིད་ལ་བརྣག་པའི་དོན་གང་ཞིག
ཁང་སྒོར་སླེབས་ཁར་བརྗེད་པ་དྲན་སོས
གུ་དོག་པའི་ཁང་ཆུང་དུ
སྙོམས་ལས་ངང་བསྡད
མི་འགའ་ཞིག་གིས་སྐུ་ཞབས་ཁོང
འོད་དང་སྐར་མ་གསེར་བུམ་གྱི་དཔེ་དང
ས་རུ་བརྡབས་པ་དང་མུན་པར་སྣུབ་པ་སོགས
འཆི་བའི་དཔེ་རུ་བགྲངས་འདུག
ཡིད་གཅུགས་ཀྱི་འདས་པོ་གཞན་འགའ་དྲན་ཡོང
ང་རང་ཁོང་ཚོར་འདྲིས་ཆེ
ཁོང་ཚོ་དཔེ་ཅི་ཞིག་གིས་མཚོན་ཐུབ་པར
ནུབ་ཇ་སྐོལ་ཞོར་དུ་འདང་བརྒྱབས
ཡུད་ཙམ་འགོར་རྗེས
ཟླ་བ་རྣམ་ཀུན་ལས་འཆར་རྒྱུ་ཅུང་འཕྱི་སོང་སྙམ
              2023.5.9ཉིན་བྲིས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡུལ་གཞན་དུ།(ཞར་བཀོད་གསུམ་ཡོད)

2025-03-19 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།