ལག་རྟགས།
བརྩེ་དུང་ལྟ་བུའི་ཚོར་སྣང་ཟ་ཟི་དག
སྐད་ཆ་དང་སྙན་ངག་ལ་བསྡེབས་ནས
འུ་གཉིས་ཀྱི་བར་ཐག་གི་མཚན་མོ་བརྒལ
ངས་ཉི་ནུབ་ལ་བལྟས་པའི་སྐྱོ་ཤས་ཀྱི་མིག་མདངས་ལས
ཁྱོད་ཀྱིས་མི་ཡུལ་གྱི་ཁེར་རྐྱང་དང་དྲན་གདུང་མཐོང་བྱུང་ཟེར
ངས་ཁྱོད་ཀྱི་སྙན་ངག་དག་ལས་ཁེར་རྐྱང་དང
དང་བའི་མེ་ཏོག་བརྒྱ་ཕྲག་མཐོང་བྱུང
དེ་ནི་ཁྱོད་ཀྱིས་ང་ལ་བྱིན་པའི་ལག་རྟགས་ཡིན་ནམ་སྙམ
2025.3.10 JQལ་བྲིས་པ།

རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།