ཚེ་སྲོག་གཉོམ་པོ།(ཞར་བཀོད་གཅིག་ཡོད)
ནམ་ཟླ་སྟོང་པའི་ངོས་སུ།
གཟུགས་མེད་ཀྱི་ཀུན་རྟོག་དེ་ཉིད།
འཁོས་ཞན་པའི་ཚེ་སྲོག་གཉོམ་པོ་ཞིག་གིས།
སེམས་ཆུང་གིས་སྲུང་།
གང་དུའང་མི་གཏོགས་པའི།
རང་ཉིད་ཁོ་ན་དང་དུ་བླངས།
ཉིན་ཞག་སྟོང་ཕྲག་ནང་གི་ཉིན་གཅིག
ཉེ་བའི་མི་ཚོགས་ཀྱི་ངོ་གདོང་ཧྲིལ་བོར་བསྟིམས།
ངས་སྐྱེ་བ་གཞུག་མར་མ་སོད་པའི།
བུ་ལོན་གང་ཞིག་གི་ལྟག་རྒྱབ་ཏུ།
སུ་ཞིག་ཡོད་པ་དོ་སྣང་མ་བྱས་ཀྱང་།
ཡིད་ཡུལ་དུ་འགེངས་པའི་དེ་ཚོ།
སྡིག་སྒྲིབ་ཀྱིས་གོས་པར་འཇིགས།
ཉི་མ་རི་ཚོགས་ལས་བརྒལ་དུས།
མཐའ་མཇུག་གི་མུན་པ་རུབ་པར།
ང་རང་ཧ་ཅང་སྐྲག་ལ།
འཇིགས་པས་ཡང་ཡང་བཅིངས།
2024/5/30
སྒོ་དར་ངོས་ཀྱི་ཡིག་འབྲུ།
---དགུང་གྲངས་གོ་དྲུག་ལོན་པའི་ཨ་ཕྱི་འདས་པོ་ལགས་ལ་མྱ་ངན་ཞུ།
ངའི་འཇིག་རྟེན་གྱི་སྲུབས་ཀ་ནས་ཐོར་སོང་བའི་ཁྱོད་ཀྱི་ཚེ་སྲོག
འདས་གྲོངས་སུ་ཤོར་ཟིན་པའི་ཁྱོད་ཀྱི་རྒྱབ་གཟུགས་ཧྲིལ་པོ།
ད་ནས་ངའི་མིག་ལམ་ནས་ཡོལ་ཟིན་པའི་ཨ་ཕྱི།
འཇིག་རྟེན་འདི་ཇི་ཙམ་ཡངས་ནའང་།
ཁྱོད་ཀྱི་ཚེ་སྲོག་གཏན་གནས་ཆོག་སའི་གཞིས་ཀ་ཞིག་མེད་པར།
དེ་རིང་གི་ཚེ་མཐར་དངངས་སེམས་ཀྱིས་མཐའ་སྡོམ་འདུག་གམ།
འཇིགས་སྐྲག་གི་མུན་པའི་འོབས་སུ། འཇིག་རྟེན་ཆུང་ཆུང་ཞིག་འཁྱག་པར་བཏང་།
འཁོར་བའམ་ཡང་ན་སྣང་བའི་འཇིག་རྟེན་འདི་ལས་ཕྱི་རོལ་ཏུ།
ཁྱོད་རང་འགྲོ་བའི་སྟ་གོན་གྱིས་མ་འདང་བ་མེད་པར།
ཁྱོད་ཀྱི་རྣམ་ཤེས་ལག་སྟོང་གིས་འགྲོ་མི་དགོས་པའི་གདེང་ཚོད་ཡོད་དམ།
ད་ནི་རླུང་བུ་བཞིན་སྐྱོད་པའི་ཁྱེད་ཀྱི་ཚེ་སྲོག་གང་ཞིག་ཏུ་འགྲོ་འཆར་གྱིས་སྔོན་འགྲོ་རྙེད།
འཇིག་རྟེན་ལ་ཁ་ཆེམས་ཅི་ཞིག་འཇོག་འདོད་མེད་པར།
ཁྱོད་ཀྱི་ཚེ་སྲོག་གི་སྣེ་མོར་འབྱར་བའི་ཞེན་ཆགས་ག་ཚོད་ཅིག
རླུང་ལ་བསྐུར་ཏེ་ཁྱེད་རང་འཇིག་རྟེན་འདིར་ཡོང་བའི་སུན་པ་ཇི་སྙེད།
ས་སྲོས་འདི་དང་མཉམ་དུ་རྫོགས་པའི་ལས་སྣང་མང་ངམ།
ད་ནི་ཁྱེད་ཀྱིས་ང་ལ་བཞག་སྟེ་སོང་བའི་མིག་ཆུ་དང་གྱེས་བྲལ་འདི་དག
ངས་སུ་ཞིག་གི་བྱིན་པའི་གདམས་པ་བཞིན། ཡང་ཡང་སེམས་སུ་ཉར་དགོས་བྱུང་།
ཚ་གདུང་གིས་དུས་ཚིགས་འཁྱག་པའི་ནང་གི་དབྱར་ཁ་འདི་གླེང་འདོད་མེད་པར།
མཐར་ཁྱོད་རང་དངོས་མེད་ཅིག་དུ་གྱུར་བར་བྲེལ་དུས།
ལྷགས་རླུང་མེད་པའི་དབྱར་ཟླ་འདི་ལྟར་སྟོང་པར་ལུས།
7/22 ཨ་ཕྱི་འདས་པའི་དགོང་སྲོས་སུ་སྦྱར།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།