ཡུམ་ཆེན་མོའི་མིག་ནང་དུ་བཞད་པའི་མེ་ཏོག(ཞར་བཀོད་གསུམ་ཡོད)

དུར་མིག(དཀར་མཛེས) 琼迈文学网 2025-04-18
མིག་ཤེལ་ནང་གི་དབྱར་ཁ་ཁྱོད་ཀྱིས་བྲིས
གཏམ་རྒྱུད་ཀྱི་བརྗོད་པ་དག་ཚེ་རབས་གཅིག་ལ་བབས
ང་ལ་མཚོན་ན  མཐའ་མེད་པ་རྒྱུད་སྐུད་སྟེང་གི་གངས་རི་ཡིན
 
སྲ་མཁྲེགས་ཀྱི་རང་བཞིན་དོར་མ་མྱོང་པའི་འགྲུལ་བཞུད
དོན་དུ་གཞི་གཅིག་ལ་སྐོར་བ་རྒྱག་པ་སེམས་བསྐྱེད་ཀྱི་མེ་ཁ་ཡིན
ཤིན་ཏུ་ཕྲ་བའི་འཁོར་བའི་རི་དྭགས་གང་དུ་འགྲོ་བཞིན་ཡོད
 
ཡུད་ཙམ་ལ་སྡོད་ཁོམ་མ་བྱུང་པའི་ཁྱོད་ཉིད་གང་ན་ཡོད
སྐད་ཆའི་ལྷུ་ལག་རྣམས་སྣོད་དུ་བཅུག་ཡོད་དམ
འཇིག་རྟེན་ཁྲ་ཁྲ་ནང་གི་བརྩེ་ཞལ་སྒོར་སྒོར་དེ་སྙིང་དུ་སྡུག
 
ཅི་ཙམ་བསྒུགས་ཀྱང་ཁོར་ཡུག་ལ་གད་བདར་བྱེད་མགོ་བརྩམས
སྟོང་ཉིད་ཀྱི་གླུ་སྐད་གྲོགས་འདང་ཆེན་རེའི་ཉིན་གང་བོར་བླངས
གནས་ལུགས་ཆུང་ཆུང་དེ་དག་ངལ་དུབ་གསོ་བའི་དྲོད་ཁོལ་ཡིན
 
ད་ལྟ་ཤྭ་བའི་རྨིག་རྗེས་ནང་གི་ཆུ་མིག་བརྒྱ་རྩ
སེམས་གཏམ་བརྒྱ་དང་བརྒྱད་ལ་འགྱུར་བའི་དགོས་པ་ཡིན་ནོ
                 ༢༠༢༥.༤.༨
 
ས་མཐའ།
 
འུར་ཟིང་ནང་དུ་མིག་ཟུང་བཙུམས་ཐེངས་ཤིག་ལ
ཁ་བ་འབབ་པའི་ལྗིད་ཚད་དྲན་གདུང་ཡིན
འགྲོ་བ་མི  རྐང་མཐིལ་དུ་རྒས་གཉེར་ཆགས
ས་མཐའ་གྲངས་མེད་ཅིག་རྡོག་ཁྲེས་འོག་ཏུ་བསུབས་རྗེས
ངས་མདུན་ངོས་ཀྱི་རང་ཉིད་ལ་ཉན
གྱང་ལྡེབས་ལས་སྲབ་པའི་སེམས་པ  ང་ཡུལ་ལ་ལོག་འདོད་སྐྱེས
                ༢༠༢༥.༤.༡
 
ཕྱིར་ལོག་པའི་དུས་སུ།
 
     
སོར་མོའི་རྩེ་རུ་བཞད་པའི་རི་མོ
ང་རང་ཆེས་དགའ་སའི་ལས་འཕྲོ་གཉིས་མཚོན་བྱེད་ཀྱི་ལང་ཚོ་ཞིག
ཁྱོད་ནི་བདག་གི་ནམ་མཁའ་སྔོན་པོ་ཡིན
 
སྲང་ལམ  ཉི་མའི་སེར་ཐིག
རྒྱབ་གཟུགས་ཤིག་ཕྱིར་ལོག་པ་མི་ཚེའི་གོ་རིམ
ངས་མིང་ནས་བོས་ན
ཞེན་ཆགས་ཀྱི་ཐང་ཆེན་གྲིབ་མར་འཁྱུད་འདུག
 
རྨི་ལམ་ནང་གཏོར་ཡོད་པའི་སྦྲུམ་མ
བཞི་མདོའི་གློག་དམར་འོག་ན་སྐར་མ་གཅིག་ཙམ་ལ་ཁེར་རྐྱང་དུ་ལུས
ངས་ཁྱོད་རང་དྲན་དུས
འཇའ་ཚོན་ལ་དགའ་བའི་ཚོར་བ་བར་ཐག་དང་རྡུང་ག་རྒྱག་གིན་འདུག
                      ༢༠༢༥.༤.༧
 

དགུན་མཇུག་འདིར།
 
ནར་སོན་པའི་ལོ་ཟླ
བརྙན་མིག་ནང་གི་ཡུལ་ལྗོངས་ཕྱོགས་གཉིས་སུ་གྱེས
དགུན་འཁྱག་ལ་འབྱར་པའི་སྡོང་རྒན་གྱི་ཤུན་པ
ཁྱོད་ཀྱིས་བཟོས་པའི་སེམས་ཁྲལ་ལ་རེག་ཐུབ་པར་གྱུར
 
ལག་པ་སྦངས་ཡོད་པའི་ཆུ་ནང་དུ་གོས་ལྭ་བསྐྱངས་དུས
དཔེ་དེབ་ངོས་སུ་ཁ་བ་བབས
གྲང་ངར་མ་བཟོད་པའི་བུད་མེད་ཅིག་འདར་ཡོམ་ཡོམ
ཞིབ་ཚགས་ཀྱིས་རང་ཉིད་ལ་དགུན་ཁ་འབོད
 
སྐབས་དེར་བར་ཐག་ནི་སེམས་ནང་གི་ཆད་ལྷག་ཅིག
ཆ་རྒྱུས་ཡོད་པའི་ཉི་འོད་དང་ལག་འཇུ་བྱས
སྐར་རྩིས་ཀྱི་ལོ་ཐོ་ལྟར་ན
ད་ནི་གནམ་གཤིས་འཁྱག་པའི་སྐད་ཆ་ལྡབ་ལྡིབ་ཡིན་ངེས
             ༢༠༢༥.༣.༣༠
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡུམ་ཆེན་མོའི་མིག་ནང་དུ་བཞད་པའི་མེ་ཏོག(ཞར་བཀོད་གསུམ་ཡོད)

2025-04-18 དུར་མིག(དཀར་མཛེས) ཀློག་གྲངས། མཆན ཡོད།
མིག་ཤེལ་ནང་གི་དབྱར་ཁ་ཁྱོད་ཀྱིས་བྲིས
གཏམ་རྒྱུད་ཀྱི་བརྗོད་པ་དག་ཚེ་རབས་གཅིག་ལ་བབས
ང་ལ་མཚོན་ན  མཐའ་མེད་པ་རྒྱུད་སྐུད་སྟེང་གི་གངས་རི་ཡིན
 
སྲ་མཁྲེགས་ཀྱི་རང་བཞིན་དོར་མ་མྱོང་པའི་འགྲུལ་བཞུད
དོན་དུ་གཞི་གཅིག་ལ་སྐོར་བ་རྒྱག་པ་སེམས་བསྐྱེད་ཀྱི་མེ་ཁ་ཡིན
ཤིན་ཏུ་ཕྲ་བའི་འཁོར་བའི་རི་དྭགས་གང་དུ་འགྲོ་བཞིན་ཡོད
 
ཡུད་ཙམ་ལ་སྡོད་ཁོམ་མ་བྱུང་པའི་ཁྱོད་ཉིད་གང་ན་ཡོད
སྐད་ཆའི་ལྷུ་ལག་རྣམས་སྣོད་དུ་བཅུག་ཡོད་དམ
འཇིག་རྟེན་ཁྲ་ཁྲ་ནང་གི་བརྩེ་ཞལ་སྒོར་སྒོར་དེ་སྙིང་དུ་སྡུག
 
ཅི་ཙམ་བསྒུགས་ཀྱང་ཁོར་ཡུག་ལ་གད་བདར་བྱེད་མགོ་བརྩམས
སྟོང་ཉིད་ཀྱི་གླུ་སྐད་གྲོགས་འདང་ཆེན་རེའི་ཉིན་གང་བོར་བླངས
གནས་ལུགས་ཆུང་ཆུང་དེ་དག་ངལ་དུབ་གསོ་བའི་དྲོད་ཁོལ་ཡིན
 
ད་ལྟ་ཤྭ་བའི་རྨིག་རྗེས་ནང་གི་ཆུ་མིག་བརྒྱ་རྩ
སེམས་གཏམ་བརྒྱ་དང་བརྒྱད་ལ་འགྱུར་བའི་དགོས་པ་ཡིན་ནོ
                 ༢༠༢༥.༤.༨
 
ས་མཐའ།
 
འུར་ཟིང་ནང་དུ་མིག་ཟུང་བཙུམས་ཐེངས་ཤིག་ལ
ཁ་བ་འབབ་པའི་ལྗིད་ཚད་དྲན་གདུང་ཡིན
འགྲོ་བ་མི  རྐང་མཐིལ་དུ་རྒས་གཉེར་ཆགས
ས་མཐའ་གྲངས་མེད་ཅིག་རྡོག་ཁྲེས་འོག་ཏུ་བསུབས་རྗེས
ངས་མདུན་ངོས་ཀྱི་རང་ཉིད་ལ་ཉན
གྱང་ལྡེབས་ལས་སྲབ་པའི་སེམས་པ  ང་ཡུལ་ལ་ལོག་འདོད་སྐྱེས
                ༢༠༢༥.༤.༡
 
ཕྱིར་ལོག་པའི་དུས་སུ།
 
     
སོར་མོའི་རྩེ་རུ་བཞད་པའི་རི་མོ
ང་རང་ཆེས་དགའ་སའི་ལས་འཕྲོ་གཉིས་མཚོན་བྱེད་ཀྱི་ལང་ཚོ་ཞིག
ཁྱོད་ནི་བདག་གི་ནམ་མཁའ་སྔོན་པོ་ཡིན
 
སྲང་ལམ  ཉི་མའི་སེར་ཐིག
རྒྱབ་གཟུགས་ཤིག་ཕྱིར་ལོག་པ་མི་ཚེའི་གོ་རིམ
ངས་མིང་ནས་བོས་ན
ཞེན་ཆགས་ཀྱི་ཐང་ཆེན་གྲིབ་མར་འཁྱུད་འདུག
 
རྨི་ལམ་ནང་གཏོར་ཡོད་པའི་སྦྲུམ་མ
བཞི་མདོའི་གློག་དམར་འོག་ན་སྐར་མ་གཅིག་ཙམ་ལ་ཁེར་རྐྱང་དུ་ལུས
ངས་ཁྱོད་རང་དྲན་དུས
འཇའ་ཚོན་ལ་དགའ་བའི་ཚོར་བ་བར་ཐག་དང་རྡུང་ག་རྒྱག་གིན་འདུག
                      ༢༠༢༥.༤.༧
 

དགུན་མཇུག་འདིར།
 
ནར་སོན་པའི་ལོ་ཟླ
བརྙན་མིག་ནང་གི་ཡུལ་ལྗོངས་ཕྱོགས་གཉིས་སུ་གྱེས
དགུན་འཁྱག་ལ་འབྱར་པའི་སྡོང་རྒན་གྱི་ཤུན་པ
ཁྱོད་ཀྱིས་བཟོས་པའི་སེམས་ཁྲལ་ལ་རེག་ཐུབ་པར་གྱུར
 
ལག་པ་སྦངས་ཡོད་པའི་ཆུ་ནང་དུ་གོས་ལྭ་བསྐྱངས་དུས
དཔེ་དེབ་ངོས་སུ་ཁ་བ་བབས
གྲང་ངར་མ་བཟོད་པའི་བུད་མེད་ཅིག་འདར་ཡོམ་ཡོམ
ཞིབ་ཚགས་ཀྱིས་རང་ཉིད་ལ་དགུན་ཁ་འབོད
 
སྐབས་དེར་བར་ཐག་ནི་སེམས་ནང་གི་ཆད་ལྷག་ཅིག
ཆ་རྒྱུས་ཡོད་པའི་ཉི་འོད་དང་ལག་འཇུ་བྱས
སྐར་རྩིས་ཀྱི་ལོ་ཐོ་ལྟར་ན
ད་ནི་གནམ་གཤིས་འཁྱག་པའི་སྐད་ཆ་ལྡབ་ལྡིབ་ཡིན་ངེས
             ༢༠༢༥.༣.༣༠
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།