འཁྲུལ་བའི་ཞིང་གི་མིག་ཆུ།

ཀླད་ཀོར།༼ པེ་ཅིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-04

                                  ་་་་་་་་ལམ་ལམ་དུ་འབར་བའི་འཕྲུལ་སྣང་གི་མཆོད་རྐང་རྡོག་གཅིག

   "ཨ་མ་ཨ་མ"
  "ཨ་མ"ཞེས་པའི་སྒྲ་གསལ་ལ་མི་གསལ་བ་ཞིག བྱེ་ཐང་གི་རླུང་བུ་ཁྲོད་ནས་རབ་རིབ་གྱིས་གྲགས་འོངས། སྒྲ་དེ་ཡོད་མེད་དང་ཡོད་ཀྱང་གང་ནས་གྲགས་པ་ཤེས་དཀའ་ན་ཡང་།  རྒྱང་ནས་བལྟས་ཚེ། བྱེ་ཐང་ན་སློབ་ལྭ་གྱོན་པའི་བུ་ཆུང་ཞིག་འགྲེང་འདུག་པ་མངོན་ལ། ཉེ་བར་བཅར་ན། བུ་ཆུང་དེའི་མིག་ཆུ་བརླན་པའི་གདོང་ལ་ཁོང་གི་ལོ་ན་དང་མི་འཚམ་པའི་སྐྱོ་སྣང་ཞིག་བསྡུས་ཡོད་པའང་མཐོང་ཐུབ། ཁོས་བྱེ་རྡུལ་གྱིས་སྒྲིབ་པའི་མདུན་ཕྱོགས་ལ་ཧད་ནས་ཡུན་ཙམ་སོང་རྗེས། "ཨ་མ"ཞེས་པའི་ངུ་སྐད་འདྲེས་པའི་སྒྲ་གསལ་བོ་མཐོ་སྒང་ན་གྱེར་བའི་མ་ཎི་ཡི་དྲུག་བཞིན་ལྷང་ལྷང་བསྒྲགས་ཀྱང་། ཁོ་ལ་ཨ་ལན་སློག་མཁན་ནི་འུར་འུར་དུ་ལྡང་བའི་བྱེ་རླུང་ཁོ་ནའོ།།
  ཁོས་ཚེ་སྲོག་གིས་དབེན་པའི་བྱེ་ཐང་ལ་ཅེར། སྐབས་མཚུངས་སུ་དམར་ཟླུམ་གྱི་འཆར་ཀའི་ཉི་མ་བྱེ་ཐང་གི་ཕར་མཐའ་ནས་ཡར་འཕགས་འོང་། མཁའ་ན་རྒྱུན་དུ་ལྡང་བའི་ཐལ་རྡུལ་ལ་ཁྲག་མདོག་གི་ཚོན་རྩི་ཞིག་རང་བཞིན་གྱིས་བྱུག་འདུག འཇིག་རྟེན་གྱི་བར་སྣང་ཡང་དམར་ལྷང་ངེར་འགྱུར།    མིག་འདུན་གྱི་མཛེས་ལྗོངས་འདི་འདྲ་བ་ཞིག་ནི། ལྷ་སྒྲུང་ངམ་རྨི་ལམ་གང་རུང་དུ་འཆར་མྱོང་བ་ཁོ་ལ་རབ་རིབ་གྱི་དྲན་པ་གསལ་མོད། སྐྱོ་སྣང་གིས་ཁེངས་པའི་སེམས་པ་ལ་དགའ་བའི་སྨྱུ་གུ་ཕྲན་བུ་ཙམ་ཡང་འབུལ་བ་ཡ་བྲལ།
  ཐག་རིང་ན་གནས་པའི་ལྕང་སྡོང་སྐམ་པོ་དེ་ལོ་ངོ་མང་པོར་འདབ་མ་དང་ལྤགས་པས་མ་རྒྱན་པའི་ཀེང་རུས་ནམ་མཁའ་ལ་ཟུག་འདུག ད་ལྟའང་སྐྱེས་སྟོབས་འབར་བའི་སྔ་སོང་ཞིག་རང་གིས་མངོན་འོང་། བུ་ཆུང་ཁོའི་རྒྱབ་དུ་སྒོ་བྱང་ལ་"གནམ་གཤིས་རྟག་དཔྱད་ཁང"ཞེས་བྲིས་ཤིང་ལོ་ཟླ་མང་པོར་བྱེ་རྡུལ་གྱིས་བརྡར་ནས་རྙིང་ཧྲུལ་དུ་འགྱུར་བའི་ཁང་པ་དེ་ནི་ཨ་ཕ་དང་ཁོ་གཉིས་ཀྱི་ཁྱིམ་རེད། བྱེ་ཐང་དེར་ལྕང་རྒན་ཞིག་དང་གནམ་གཤིས་བརྟག་དཔྱད་ཁང་གཅིག ད་དུང་བུ་ཆུང་ཁོ་བསྡོམས་པས་བྱེ་ཐང་རྒྱན་བྱེད་ཀྱི་རྒྱན་ཆ་གསུམ་དང་འདྲ་བར། མྱ་ངམ་ཐང་ཆེན་ན་འབུར་དུ་ཐོན།
  ཨ་ཕ་ཁ་སང་ནས་གྲོང་ཁྱེར་དུ་ཟླ་གཅིག་གི་གནམ་གཤིས་སྙན་སེང་ཞུ་བར་ཕྱིན་པས། རྒྱ་མཚོའི་སྟེང་གི་ཁེར་རྐྱང་གི་གླིང་ཕྲན་དང་འདྲ་བའི་བརྟག་དཔྱད་ཁང་འདི་ཁོ་གཅིག་པོས་སྲུང་དགོས་བྱུང་།  ཁོ་རང་གཅིག་པོ་ཡིན་དུས། ཁྱིམ་ཕུག་ན་ཡོད་པའི་བྱིས་སྒྲུང་དང་ལྷ་སྒྲུང་གི་དཔེ་ཆ་ལ་ལྟ་བར་མི་ཞེན་པར། སྔ་ཞོགས་དགོང་དྲོ་ཕུད། གཞན་ཉིན་དཀར་ཡང་རྡུལ་སྨུག་ཀྱིས་ཁེབས་པའི་བྱེ་ཐང་ནས། ཨ་མ་དྲན་ཅིང་ཨ་མར་འབོད་པར་དགའ་ལ། ཨ་མས་ཁོ་ལ་བཤད་མྱོང་བའི་གཏམ་རྒྱུད་མང་པོ་ཞིག་རྗེས་དྲན་བྱེད་པར་དེ་བས་ཀྱང་དགའ།

  ཨ་མས་བཤད་པ་ལྟ་ན། སྔོན་མ་བྱེ་ཐང་འདི་ནི་རྩྭ་ཆུ་ཕུན་སུམ་ཚོགས་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན་ལ། མེས་པོ་སུ་ཞིག་གིས་བཏབ་པ་མི་ཤེས་པའི་ལྕང་སྡོང་ཆེན་པོ་དགུང་དང་མཉམ་པ་ཞིག་ཡོད་པ་ན། མི་ཀུན་ཡ་མཚན་ནས་རྩྭ་ཐང་དེའི་མིང་ལའང་ལྕང་མ་རྩྭ་ཐང་ཞེས་བཏགས། ལྕང་མ་རྩྭ་ཐང་གི་གཞུང་དུ་གཙང་ཆབ་དྭངས་མ་བཞུར་ཞིང་། ཆུའི་གཡས་གཡོན་ན་སྦྲའི་ཕྲེང་ནག་སྟར་བ་དང་། སྦྲ་རྣམས་ཀྱི་འགྲམ་དུ་རྟ་ནོར་ལུག་གསུམ་གྲམ་ཡོད་ཅེས་དགོང་མོ་རེ་རེར་ཨ་མས་རྩྭ་ཐང་གི་སྣང་བརྙན་གསོན་པོ་གཏམ་རྒྱུད་གྱི་ལམ་ནས་ཁོ་ལ་བཤད་དུས། རྩྭ་ཐང་ཡེ་ནས་མཐོང་མ་མྱོང་བའི་བུ་ཆུང་ཁོ་དེ་ཉིན་གྱི་རྨི་ལམ་དུའང་མཛེས་ལྗོངས་དེ་དང་གཏམ་རྒྱུད་དེ་རྣམས་ཡང་བསྐྱར་ཤར་ཡོང་པས། རྩྭ་ཐང་ནི་ཁོའི་སེམས་ཀྱི་དག་ཞིང་དང་ཡིད་ཀྱི་ལྷ་ཡུལ་དུ་གྱུར། དེ་བས་ཀྱང་ཁོ་རང་ཉན་པ་དགའ་བ་ནི། ཨ་མས་བཤད་པའི་ལུ་གུའི་གཏམ་རྒྱུད་རྣམས་ཡིན། ལུ་གུ་པང་རབས་དང། ལུ་གུ་འཚོ་ཚུལ། ལུ་གུའི་ཚང་བཟོ་བ། ད་དུང་ལུ་གུས་རང་གི་ཨ་མའི་ནུ་མ་ནུ་ཚུལ་སོགས་ཅི་བཤད་ཀྱང་ཁོའི་ཡིད་ཀྱི་བརྟན་པ་འཕྲོག་གི་ཡོད །     ཨ་མས་ཁོ་ལ་ལུ་གུའི་གཏམ་རྒྱུད་བཤད་པའི་ཉིན་དང་པོ་ནས་བཟུང་། ཁོ་ལུ་གུ་ལ་དགའ་ཐག་ཆོད་ནས་ཉིན་ཞིག་གི་ཚེ་ན་བུ་ཆུང་ཁོའི་གྲོགས་སུ་ལུ་གུ་ཞིག་ཐོབ་པའམ་ཁོ་ཡང་ལུ་གུ་ཞིག་ཏུ་གྱུར་ནས་གཏམ་རྒྱུད་ནང་གི་རྩྭ་ཆུ་ལ་བདེ་བར་རོལ་ཐུབ་པའི་སྨོན་ལམ་ཚད་མེད་བཏབ།
  ཁོས་མཐོང་མ་མྱོང་བའི་རྟ་ནོར་ལུག་གསུམ་གྱིས་རྒྱན་པའི་ལྷ་ཡུལ་ལྟ་བུའི་རྩྭ་ཐང་གི་མཛེས་ལྗོངས་དང་། མཛེས་སྡུག་ལྡན་པའི་འཚོ་བ་ཐམས་ཅད་ཡལ་ཟིན་པའི་རླངས་པ་ཡིན་པར་ཁོས་ཨ་མའི་མིག་ཆུ་ལས་རྟོགས་སོང་། རྩྭ་ཐང་གི་གཏམ་རྒྱུད་དུ་ཐོག་མར་དབྱར་རྩྭ་དགུན་འབུ་རྐོ་མཁན་རྣམས་ཀྱི་རྐང་རྗེས་བཞག་པ་དང་། བར་མར་ཚོང་པ་མང་པོ་འོངས་ནས་རྐང་རྗེས་བཞག་པ། མཐར་མར་ཡུལ་སྐོར་བ་དུ་མས་རྐང་རྗེས་བཞག་པ་རྩོམ། དེ་ཡང་དང་པོ་རྣམས་ལམ་ནས་བཞག་པ་དང་། གཉིས་པ་རྐང་རྗེས་རྣམས་རྩྭ་ཐང་གི་ཟུར་ཀུན་དུ་བཞག་པ། དེ་རྗེས་ལབ་རྩིབས་དང་། བསང་ཐབ། ལྷ་དར་ཐམས་ཅད་རྐང་རྗེས་ལས་མ་ཐར་བར་མནན། རྐང་རྗེས་དང་རྐང་རྗེས་མནན་པས། རྐང་རྗེས་དག་ལས་བྱེ་མ་ཚད་མེད་དུ་བརྡོལ་འོངས་པ་ན། རྡུལ་གྱི་འཚུབ་མ་བར་མེད་དུ་འཕྱུར་བས་རྩྭ་དང་ཆུ་རྣམས་བསྣུབས་ཅིང་། དང་པོར་ལུ་གུ་རྣམས་ཤི་བ། དེ་ནས་ནོར་རྣམས་དང་རྟ་རྣམས་དང་འབྲོང་དང་མི་རྣམས་ཀྱང་ཤི་རྗེས། སྦྲ་རྣམས་བྱེ་མས་མནན་སོང་ཞེས་ཨ་མ་ངག་བསྡམས་ནས་མིག་ཆུ་ཤོར་བ་ན། བུ་ཆུང་ཁོ་ཡང་ཨ་མ་ལ་འཐམས་ནས་ངུས།།
  རྩྭ་ཐང་གི་མཛེས་སྡུག་དང་འབྲོག་པའི་གཏིང་རིང་བའི་ལོ་རྒྱུས་མུན་པ་དགུའི་རུམ་དུ་ནུབ་རྗེས། ལྕང་མ་རྩྭ་ཐང་ཡང་ལོ་རྒྱུས་ཀྱི་རུམ་དུ་སེམས་པའི་ཤམ་བྷ་ལ་ལྟར། རྗེས་རབས་པའི་མུན་ནག་ཏུ་བཤད་བྱའི་གཏམ་རྒྱུད་དུ་གྱུར་ཟིན། དུས་ད་ཆ། ལྕང་མ་རྩྭ་ཐང་ནི་རྒྱ་རྣམས་ཀྱིས་བྷ་ཎ་བྱེ་ཐང་དུ་འབོད་པའི་འཛམ་བུ་གླིང་ན་རྒྱ་མཚོ་ངོས་ལས་ཆེས་མཐོ་བའི་བྱེ་ཐང་དེ་ཡིན། ད་ལྟར་གནམ་གཤིས་བརྟག་དཔྱད་ཁང་དང་སྡོང་རྒན་གཉིས་ལས་བྱེ་ཐང་ན་དངོས་པོ་གཞན་གང་ཡང་ལྷག་མེད། རྩྭ་ཐང་གི་ཁྱད་ཆོས་ནི་གསེར་ལས་ཀྱང་འཚོལ་བ་དཀའ། དེ་ཡང་ལོ་ངོ་འགའི་ཡར་སྔོན་དུ། པར་ཆས་འཁུར་ཞིང་མིག་ཤེལ་ཤེལ་དམ་གྱི་ཞབས་ལྟ་རྒྱབ་པའི་རྒྱལ་སྤྱི་རྒྱལ་ནང་གི་རིག་འབྱེད་མཁས་པ་དུ་མ་ཞིག་རྩྭ་ཐང་འདིའི་ཐོག་ཏུ་སླེབས་མྱོང་། ཁོ་ཚོས་བྱེ་མའི་འོག་ཏུ་ལུས་པའི་ལྐོག་གྱུར་གྱི་རིག་གནས་དེ་ལ་ཞིབ་འཇུག་བྱེད་ཆེད་བྱེ་མའི་ཁྱོན་འདིར་ཞབས་རྗེས་ཕབ་ཀྱང་། མིག་ལ་ནོར་གྱི་ལྕི་བ་དང་ལུག་གི་རིལ་མ་ཞིག་མ་མངོན་ལ། སྣ་རུ་རྩམ་དྲི་དང་བསང་དྲི་ཞིག་ཀྱང་འཐུལ་རྒྱུ་མེད་སྟབས། མཁས་པ་དེ་ཚོས་བྱེ་ཐང་གི་ནུབ་ཁའི་མཚམས་སྤྲིན་ལ་པར་ཡང་ཡང་རྒྱབ་རྗེས། མགོ་བོ་ཕྲེད་དུ་གཡུག་གཡུག་བྱེད་གཞིན་ཕྱིར་གྲོང་ཁྱེར་དུ་ལོག་འགྲོ་བ་རེད།
  ཁོས་ཨ་མས་བཤད་པའི་རྩྭ་ཐང་དེའི་གཏམ་རྒྱུད་ལ་ཉན་དུས། དགའ་སྐྱོ་ཟུང་དུ་འདྲེས་པའི་ཟློས་གར་ཞིག་ལ་ལྟ་བ་དང་འདྲ་བར། ཁོའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་སྲིད་ནའང་། འཇིག་རྟེན་ནི་མི་རྟག་ལ་དབང་བའི་འཁོར་ལོ་ཡིན་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོའི་མིག་འདུན་ཟློས་གར་འཁྲབ་མཁན་ནམ་རྣ་ལམ་དུ་གཏམ་རྒྱུད་འཆད་མཁན་བྱམས་ཞིང་བརྩེ་བའི་ཨ་མ་ཡང་བྱེ་མས་འཕྲོག་སོང་།
  རླུང་དམར་འུར་འུར་ལྡང་བའི་མཚན་མོ་ཞིག་ལ། ཁོས་ཁྱིམ་གྱི་སྐར་ཁུང་འགྲམ་དུ་བྱིས་སྒྲུང་རྩེ་གཅིག་ཏུ་ཀློག་བཞིན་ཡོད། སྐར་ཁུང་གི་ཤེལ་སྒོ་ལ་བྱེ་མ་ཕོག་པའི་སྒྲ་དབྱངས་ཀྱིས་ཁོའི་བློ་སྒོ་ཕྱི་རོལ་ཀྱི་ཡུལ་དུ་དྲངས་པར་བྱེད། བྱིས་བློའི་ཡ་མཚན་གྱིས་དེད་པས་ཕྱི་རོལ་དུ་ལྟ་བའི་འདོད་པ་འགོག་མེད་ཅིག་སྐྱེས་བྱུང་། སྒེའུ་ཁུང་ཕྱེ་ནས་ཕྱི་རུ་ལྟ་དུས། ཤུགས་ཀྱི་ལྡང་བའི་རླུང་བུས་སྐད་ཅིག་མར་ཁོའི་ལག་གི་སྒྲུང་དེབ་ཁྱེར་སོང་། ཁོས"ཨ་མ་ངའི་སྒྲུང་དེབ"ཞེས་བར་མེད་དུ་ངུས་། ཨ་མ་འཚབ་འཚུབ་གྱིས་གློག་སྒྲོན་ཐོགས་ནས་ཕྱི་རུ་སྒྲུང་དེབ་བཙལ་བར་ཕྱིན་ནས་དར་བར་ལོ་ངོ་གསུམ་ཙམ་ཕྱིན་ཡང་ཕྱིར་མ་འཁོར། ཨ་ཕས་བཤད་ན། ཨ་མ་བྱེ་ཐང་འདི་ལ་ཞེན་པ་ལོག་ནས་ཐག་རིང་གི་ས་ལ་བདེ་བ་འཚོལ་དུ་ཕྱིན་པ་རེད་ཟེར། ཁོས་ཀྱང་སྐད་ཆ་དེ་བདེན་པར་འཛིན་ནས་བྱེ་ཐང་གི་གང་སར་ཨ་མ་འབོད་ཅིང་ཨ་མ་འཚོལ་གྱིན་ཡོད།
  རྗེས་དྲན་གྱི་ཁྲོད་དུ། མཚན་མོ་འདིར་སྒྲུང་དེབ་བོར་ཡང་སྒྲུང་གཏམ་བོར་མེད། ཨ་མ་བོར་རྗེས་སྒྲུང་གཏམ་དང་གཏམ་རྒྱུད་ཡོད་ཚད་བོར་ཟིན། ཨ་མ་ལ་རྗེས་དྲན་བྱེད་དུས་གཏམ་རྒྱུད་དྲན་ཞིང་གཏམ་རྒྱུད་དྲན་དུས་ཨ་མ་ཤར་ན། ཨ་མ་ནི་གཏམ་རྒྱུད་ཡིན་ལ། གཏམ་རྒྱུད་ནི་ཨ་མ་ཡིན། ཨ་མ་མི་ཡུལ་འདིར་བྲལ་ཉིན་ནས་ཁོའི་ཡིད་དབང་འཕྲོག་ཐུབ་པའི་གཏམ་རྒྱུད་གསར་པ་ཞིག་རྙེད་མེད། ཨ་མ་བོར་ཉིན་ནས། ཁོས་རང་གི་ཨ་མ་ལུག་གཡང་དཀར་དང་ལྷན་དུ་གཏམ་རྒྱུད་ཁྲོད་ཀྱི་རྩྭ་ཐང་དུ་ལོག་ནས་དྭངས་གཙང་གི་ཡུལ་ན་མཛེས་སྡུག་གི་འཚོ་བ་རོལ་གྱིན་པར་ངོས་འཛིན་གྱིན་ཡོད།།
  ཨ་མ་མི་ཡུལ་ལས་བྲལ་ཅིང་ཨ་ཕ་གྲོང་ཁྱེར་དུ་བསྐྱོད་པའི་དུས་ལ། ཁེར་རྐྱང་གི་བུ་ཆུང་ཁོ་རང་བྱེ་ཐང་གི་ཟུར་ཀུན་དུ་ཉུལ་ནས་ཨ་མ་འབོད་ཞོར་རྡོ་རལ་བསྡུས། རྡོ་རལ་རུམ་གང་བསྡུས་རྗེས། ཁྱིམ་དུ་ལོག་པའི་ལམ་བར། ཨ་མ་གཤེགས་ཟིན་པའི་ཡུལ་ཏེ་ནུབ་བདེ་བ་ཅན་གྱི་ཕྱོགས་སུ་ཉི་མ་ནུབ་བཞིན་པ་མཐོང་བས། བྱེ་རྡུལ་འདྲེས་པའི་མིག་ཆུ་ཐིགས་པ་གཅིག་དལ་བུར་ཁོའི་གདོང་ངོས་ནས་འགྲིལ་འོངས། སེམས་དང་འཇིག་རྟེན་ཡོད་ཚད་ནུབ་ཁ་དང་འདྲ་བར་མག་མོག་གྱུར།
  འཇིག་རྟེན་མུན་པས་བཀབ་དུས། སྟོང་ལྷང་ལྷང་གི་ཁང་པ་ན། ཨ་ཕས་ཐ་མག་འཐེན་པའི་དུ་དྲི་མེད་ལ། ཨ་མས་གཏམ་རྒྱུད་བཤད་པའི་སྙན་དབྱངས་མེད་པས། སྟོང་ལྷང་ལྷང་གི་སེམས་པ་ཡོངས་མཐའ་མེད་པའི་ཁེར་རྐྱང་གི་སྣང་བ་དེ་ཡིན།  ཁོ་ཁྱིམ་ནང་དུ་ཡར་འགྲོ་མར་འགྲོ་མར་འགྲོ་ཐེངས་མང་བྱས་ཀྱང་སེམས་ཀྱི་དང་བ་འདྲེན་ཐུབ་པའི་དངོས་པོ་ཞིག་མ་རྙེད། སྒྲུང་དེབ་དག་ཕར་ལོག་ཚུར་ལོག་ཅི་ལྟར་བྱས་ཀྱང་ཁོའི་སེམས་པ་རྣལ་དུ་ཕབ་མ་ཐུབ་པར་མ་ཟད། ཐ་ན་ཆུ་འཐུང་མི་འདོད་ལ་ཟས་ཟ་བའི་དང་གའང་མི་འདུག ཁོས་དུས་ལས་འདའ་ཆེད་ཉིན་གང་བསྡུས་ཡོང་བའི་རྡོ་རལ་ཆུང་ཆུང་དག་རེ་རེ་ངང་རྩི་མགོ་རྩོམ། "གཅིག་གཉིས་གསུམ་་་་་་་་"ཁང་སྟོང་དུ་བྲག་ཅ་གསལ་ལེར་མཆེད། ཨ་མས་ཁོ་ལ་གཏམ་རྒྱུད་བཤད་དུས་བྲག་ཅ་འདི་འདྲ་ཞིག་རྩ་བ་ནས་ཡོད་མི་སྲིད་སྙམ་བྱུང་།
  ཁོས་རྡོ་རལ་དག་རྩིས་རྩིས་ནས་གྲངས་ཚད་༡༩༩༩ཟིན་པ་དང་རྡོ་རལ་གཅིག་ཀྱང་མ་ལུས་པ་རྫོགས་སོང་། བུ་ཆུང་ཁོའི་བློ་གྲངས་ཀ་ནས་ཕྱིར་ཐོན་དུས། སྒེའུ་ཁུང་ནས་འཚེར་བའི་སྐར་ཚོགས་ལས་གཞན་འཇིག་རྟེན་གྱི་ཡོད་རྒུ་རྨི་ལམ་ན་གཟིམས་འདུག རུམ་ན་ཡོད་པའི་རྡོ་རལ་དག་སྒེའུ་ཁུང་ནས་འཕངས་རྗེས། ཁོས་དགུ་ཚིགས་ཀློང་གི་སྐར་མ་ལ་ཞིབ་ཏུ་ལྟ་བར་བྱེད། སྐར་མ་རེ་རེ་ནི་སྲོག་དང་ལྡན་པའི་རྡེའུ་རེ་རེ་དང་འདྲ་བར་ཁོ་ལ་མིག་ཟུང་བགྲད་ནས་མར་ལྟ་བཞིན་པ་ནི་ཁོ་ཚོ་རྩི་བ་རེ་བས་སྒུག་པ་དང་གཉིས་སུ་མ་མཆིས། སྐར་མདའ་རབ་རིབ་ཅིག་ནུབ་དུ་འཕུར་ནས་བྱེ་ཐང་གི་ཕ་མཐར་ནུབ་པ་མཐོང་འཕྲལ། ཨ་མ་ཁོ་དང་བྲལ་ཏེ་ནུབ་དུ་གཤེགས་ནས་ཉིན་ཞག་འཁོར་མོར་༡༩༩༩ཕྱིན་པ་དྲན་བྱུང་། རྩྭ་ཐང་སྐོར་གྱི་གཏམ་རྒྱུད་མ་ཉན་པར་ཉིན་མོ་༡༩༩༩ཕྱིན་ཟིན་པ་ཡང་དྲན། ཉིན་མོ་དེ་དག་གི་རིང་ཁོའི་སྡུག་་བསྔལ་ནི་ཆུ་མ་བཏུང་བར་ཉིན་མོ་༡༩༩༩ཕྱིན་པ་ལས་ཀྱང་མི་ཆུང། ཁོས་རྡོ་མདེའུ༡༩༩༩པོ་ཕྱི་རོལ་དུ་རེ་རེར་འཕངས་རྗེས། འགྲམ་པ་ལག་པས་བསྐྱོར་ནམ་མཁའི་སྐར་མ་༡༩༩༩བརྩིས་ཚར་བ་དང་ཆབས་ཅིག་སྡུག་དང་བར་ཆད་ཀྱིས་རྒྱན་པའི་འཇིག་རྟེན་འདི་ལས་བརྒལ་ཏེ་བདེ་བའི་མེ་ཏོག་ཀུན་དུ་བཞད་པའི་རྨི་ལམ་གྱི་ཞིང་དུ་སྐྱོད་མགོ་རྩོམ། ཨ་མ་ཁོ་དང་བྲལ་བ་ནས་བཟུང་། ཁོས་རྨི་ལམ་༡༩༩༩རྨིས་ཅིང་། རྨི་ལམ༡༩༩༩ནང་དུ་ལུ་གུ༡༩༩༩རྨིས་སོང་།  
  ཆེས་མཐའ་འཇུག་གི་མཚན་མོའི་ཆེས་མཐའ་འཇུག་གི་རྨི་ལམ་ནང་དུ། ཁོ་རང་ལུ་གུ་ཞིག་ཏུ་གྱུར་ནས། ལྕང་མ་རྩྭ་ཐང་གི་རྩྭ་ཆུ་ལ་རང་དགར་རོལ་བ་རྨིས། ཁོས་དུས་རྒྱུན་དུ་སྨོན་ལམ་རྒྱབ་པ་ལ་འབྲས་བུ་སྨིན་ཞིང་ཕུགས་འདུན་ཡང་མངོན་དུ་འགྱུར་པ་ན། རྨི་ལམ་ནི་བདེ་བ་ཅན་དུ་བཞུད་པའི་ཨ་མས་ཁོ་ལ་བཞག་པའི་ལེགས་སྐྱེས་ཉག་གཅིག་དེ་ཡིན་པ་འདོད་དོ།།
  ཕྱི་ཉིན་ཁོ་གཉིད་ལས་སད་ཙ་ན། སྔས་མགོར་ཕོག་པའི་ཉི་འོད་ཀྱིས་མིག་ཐེངས་གསུམ་ཕྱི་ཡང་ཐེངས་གསུམ་བཙུམ་དགོས་པར་གྱུར། དེ་སྔོན་ཁོ་ཞོགས་པ་སྔ་མོ་ནས་མལ་ལས་སད་ནའང་དེ་རིང་གཉིད་མཐུག་པོ་ལོག་པ་ནི་ཁོའི་གཤིས་ལུགས་ལས་ཡོངས་སུ་འགལ།  མཚན་མོར་རྨི་ལམ་ནང་ན་ལུ་གུ་རྨིས་པས་ཡིན་ནམ་ཨ་མ་དྲན་དྲགས་པས་ཡིན།  གང་ལྟར་སྔས་མགོ་ནི་བ་ཚྭ་ཅན་གྱིས་མིག་ཆུས་བརླན་འདུག་པ་མཐོང་འཕྲལ་ཁོ་འགྱོགས་པོ་ཡར་ལངས། ཡར་ལངས་དུས་རྐང་པ་གཉིས་ས་ལ་བཙུགས་པ་མ་ཟད་ལག་པ་གཉིས་ཀྱང་ཁོའི་ཀླད་པས་བཀོད་འདོམས་ལ་མི་ཉན་པར་རྐང་པ་གཉིས་ལ་ལད་མོ་བྱས་ནས་ས་ལ་རང་བཞིན་གྱིས་ཚུགས་སོང་། ཞིབ་པར་བལྟས་ཚེ། ལག་པ་ལ་སྤུ་དཀར་བོ་སྐྱེས་ཅིང་འཛུབ་མོ་ལྔ་བོ་མེད་པ་འགྱུར་འདུག རྐང་ལག་བཞི་པོ་སུག་བཞིར་གྱུར་འདུག་པ་མཐོང་འཕྲལ། ཁོ་རང་ཅི་བྱུང་བ་མ་ཤེས་པ་སྐྲག་ཏེ་ཡང་བསྐྱར་མར་ཉལ་ནས་ད་སོ་མ་མཐོང་བ་དག་རྨི་ལམ་ཡིན་པར་བསམ་གྱིན་རང་སེམས་རང་གིས་གསོས། ཡུད་ཙམ་ཉལ་ནས་བསྡད་ཀྱང་ཀླད་པ་མག་མོག་མེད་པ་གསལ་ལྷང་ལྷང་རེད། རང་གིས་མཐོང་བ་དག་རྨི་ལམ་མིན་པ་ཤེས་ཏེ་འདར་སིག་སིག་ངང་ཡང་བསྐྱར་ཡར་ལངས་ནས་རང་ལུས་ལ་ཞིབ་ལྟ་བྱེད་དུས། རྐང་ལག་བཞི་པོ་སྔ་བཞིན་སུག་པ་བཞི་རེད་འདུག་ལ། ལུས་པོ་ཡོངས་སུ་སྤུ་དཀར་གྱིས་ཁེངས་འདུག ཁོ་དངངས་སྐྲག་ཆེན་པོས་མལ་ཁྲི་ལས་མར་བབས་རྗེས་གོག་མ་འདུར་གྱིས་གོམས་པ་འགའ་འདུན་དུ་སྤོ་ཙམ་ན། ཁང་པའི་ཟུར་ཞིག་ནས་ལྡང་བའི་དྲི་ཞིམ་གྱིས། ཁོའི་གོམས་མཚམས་གཅོད་ཅིང་སྐྲག་སྣང་ཡང་བརྗེད་པ་འགྱུར། དྲི་ཞིམ་དེ་ནི་བསླུ་བྲེད་ཀྱི་དངོས་པོ་ཞིག་དང་འདྲ་བར་ཁོ་རང་མདུན་ནས་མདུན་དུ་འཐེན་སོང་། ཁོས་བཙལ་བའི་ཐ་མར། དྲི་ཞིམ་དེའི་ཡོང་ཁུངས་གཅིག་ནི་འགྱིག་ཁུག་ནང་གི་འབྲུ་རྩམ་རེད་ལ། ཅིག་ཤོས་ནི་རས་ཁུག་ནང་གི་ཚྭ་དྲི་ཡིན་པ་ཤེས། ཁོས་འབྲུ་རྩམ་དང་ཚྭ་ལ་དྲི་ཞིམ་པོ་འདི་འདྲ་ཞིག་ཡོད་པ་དེ་རིང་མ་རྟོགས་རྩ་བ་ནས་མ་ཤེས། ཁོས་དང་པོ་འབྲུ་རྩམ་ལ་ལྡག་ཙམ་ལྡག་ཙམ་བྱེད། འབྲུ་རྩམ་གྱི་རྡུལ་རེ་རེ་ནས་ཐོན་ཡོང་བའི་རོ་མངར་པོས་ལྕེ་ནས་མཆུ་དང་མཆུ་ནས་མགྲིན་པ་པ་ལ་བཙན་འཛུལ་བྱེད་བྱུང་། སླར་ཡང་མགྲིན་པ་ནས་དོན་ལྔ་སྣོད་དྲུག་མངར་བ་དང་དོན་ལྔ་སྣོད་དྲུག་ནས་ལུས་ཡོངས་མངར་པོར་གྱུར་སོང་། ཁོ་རང་མི་ཡུལ་དུ་སླེབས་ནས་ལོའི་བགྲང་བྱ་བརྒྱད་ལ་སོང་ན་ཡང་། ཁོས་ཟས་འདི་འདྲ་ཞིམ་པོ་ཞིག་ཟ་མ་མྱོང་ལ་འཇིག་རྟེན་འདི་ན་ཟས་ཞིམ་པོ་འདི་འདྲ་ཞིག་ཡོད་པའང་མི་ཤེས། ཁོས་འབྲུ་རྩམ་དང་ཚྭ་ཡིད་ཚིམ་པ་ཞིག་བགམས་རྗེས། ཁོ་ལ་སྔ་ན་མེད་པའི་ལུས་སྟོབས་རྒྱས། ཁོ་དུད་ནས་མི་འགྲོ་བར་དུས་རྒྱུན་བཞིན་སྒོ་ནས་ཐོན་གྲབས་བྱེད་ཀྱང་། ཡར་ལངས་མ་ཐུབ་ལ་ལག་པ་མེད་པས་སྒོ་ཡང་ཕྱེ་མ་ཐུབ། མགོ་བོ་སྒོ་ལ་ལན་གསུམ་བརྡུངས་ཡང་རེ་བ་འབྲས་མེད་ཡིན་པ་ཤེས། ཁོ་ཡིད་ཆད་དེ་མགོ་བོ་ཕྱིར་སྐོར་བ་ན། སྐར་ཁུང་འགྲམ་དུ་བཞག་པའི་སྒྲུང་དེབ་རྙིང་པ་ཞིག་ལ་རླུང་བུ་ཕོག་པས་སྒྲ་ཧྲ་ཧྲ་གྲགས་ཀྱིན་པ་ནི་ཁོ་རང་འབོད་པ་དང་ཨ་ན་མ་ན་སྙམ། ཁོས་སྒྲུང་དེབ་སྔ་བཞིན་ཕར་ལོག་ཚུར་ལོག་བྱེད་མ་ཐུབ་ལ་ཡི་གེ་དག་ཀྱང་རི་མོ་ཡ་མཚན་ཞིག་ཏུ་འགྱུར་འདུག་པས་རྩ་བ་ནས་ཀློག་མ་ཐུབ་། སྐར་ཁུང་མདང་དགོང་རྡོ་རལ་འཕངས་རྗེས་ཕྱི་ནས་བཞག་པ་འདྲ། སྐར་ཁུང་ནས་ལྡང་བའི་ཞོགས་པའི་རླུང་བུས་ཁོ་ལ་བྱིལ་བྱིལ་བྱེད་བཞིན་ཁོ་རང་ཕྱིའི་འཇིག་རྟེན་ཁམས་སུ་འཆམ་འཆམ་ལ་འགྲོ་དགོས་པའི་སྐུལ་མ་ཡང་ཡང་བྱེད།  ཁོ་རང་ཡང་རླུང་བུའི་སེམས་ཁམས་རྟོགས་སོང་བ་དང་འདྲ་བར་ཤེད་ཤུགས་གཅིག་གིས་སྐར་ཁུང་ནས་བྱེ་ཐང་དུ་མཆོངས་སོང་།
  བྱེ་ཐང་ཡངས་པོར་རླུང་བུ་ཞིག་ལྡང་ཡོད་ན་ཡང་བར་སྣང་ན་རྡུལ་ཙམ་མེད་པར་དྭངས་ཞིང་གཙང་། ཉི་མ་ནི་དུས་རྒྱུན་གྱི་མདོག་དང་མི་འདྲ་བར། ལྗང་གུ་རེད་འདུག ཉི་མ་ལྗང་གུ་དགོང་སྔོན་དུ་འཇིག་རྟེན་གྱི་ལྟ་སྐོར་བའི་ཚུལ་དུ་བྱོན་གྱིན་གདའ། འཆར་ཀའི་ཉི་འོད་དྲོན་མོས་བྱེ་ཐང་གི་གྲང་ངར་འཁྲུད་ཀྱིན་བྱེ་ཐང་ཡང་ལྗང་མདོག་ཏུ་བསྒྱུར་འདུག ཚེ་སྲོག་གིས་དབུལ་བའི་བྱེ་ཐང་ཆེན་པོ་འདི་ནི་དབྱར་གཞུང་གི་རྩྭ་ཐང་ལྟར་སྔོ་ཞིང་ལྗང་། སྔོ་ལྗང་གི་བྱེ་ཐང་དེའི་དཀྱིལ་འཁོར། ཟླ་འོད་ཀྱི་སྙིང་བོ་གཅིག་ཏུ་བསྡུས་པའི་མུ་ཏིག་ཆུང་ཆུང་ཞིག་གིས་བྱེ་ཐང་ལ་རྫོགས་སུ་མེད་པའི་སྐྱེས་སྟོབས་དང་གསོན་ཤུགས་སྩོལ། མུ་ཏིག་དེ་ནི་མ་གཞི་ནས་རང་དབང་གི་གར་སྟབས་བསྒྱུར་བའི་སྲོག་ཆགས་ཆུང་ཆུང་ཞིག་སྟེ། ལུ་གུ་སྙིང་ལ་རྗེ་བོ་ཞིག་གོ།
  ཁོས་རང་ཉིད་ལུ་གུ་ཆུང་ཆུང་ཞིག་ཏུ་གྱུར་ཟིན་པ་ཤེས་རྗེས། དགའ་བ་འཕེལ་ཏེ་སྔོན་གྱི་སྡུག་བསྔལ་དག་ཚེ་སྔོན་གྱི་བག་ཆགས་ལས་ཀྱང་རབ་རིབ་ཏུ་གྱུར། ཁོས་མིག་ཟུང་ཚུམ་གྱིན་སྔོ་ལྗང་གི་བྱེ་ཐང་ཡངས་པོ་གོམ་ཆུང་གིས་འཇལ་་བར་བྱེད། སྔོ་ལྗང་ལྗང་གི་བྱེ་ཐང་འདི་ཨ་མས་བཤད་མྱོང་བའི་རྩྭ་ཐང་དང་གཅིག་པ་ཤར་འདུག ཁོའི་རྨི་ལམ་སྟོང་གི་ནང་དུ་རྨིས་པའི་རྩྭ་ཐང་དང་གཅིག་པ་གཅིག་ཀྱང་རེད། སྔོ་ལྗང་ལྗང་གི་བྱེ་ཐང་གསེབ་ནས་ལྡང་བའི་རླུང་བུས་ཁོའི་ལུས་སེམས་གཉིས་ལ་བདེ་བ་བར་མེད་སྦྱིན།
  ཉི་མ་ལྗང་ཁུ་ཤར་ནས་ནུབ་དུ་འཐེན་པ་དང་ཉི་མའི་འོད་ནི་རྒྱ་ལྕང་གི་ལོ་མ་དང་འདྲ་བར་མཁའ་ནས་མར་འཕྲོས་འདུག དུས་ཚོད་བར་མེད་དུ་བགྲོད་པ་དང་བསྟུན་ནས་དྲོད་ཚད་ཀྱང་ཅི་བསམ་འདི་དྲན་མེད་པར་མཐོ་རུ་ཕྱིན་པས་ཚ་སོབ་སོབ་གྱི་བྱེ་མས་ཁོ་ལ་མེ་ལྟར་འབར་བའི་ན་ཟུག་སྦྱིན་མགོ་རྩོམ། ཚ་བ་ཙམ་དུ་མ་ཟད། ལྟོགས་སྐོམ་ངལ་ཆད་གྱིས་ལུས་ཀུན་གཙེས། སེམས་པ་ཚ་བས་བསྲེགས་པས་དགའ་བ་དང་བདེ་བ་ཀུན་འཚིག་སོང་། སྐབས་འདི་འདྲ་ལ། ཁོས་རང་གི་ཁྱིམ་དྲིན་ཞིང་གོམ་པ་ཡང་ཁྱིམ་དུ་ལོག་པའི་ཕྱོགས་སུ་སྤོ།
  ཁོའི་ཨ་ཕ་སྔར་ནས་ལོག་འདུག ཁོའི་ཨ་ཕ་"གནམ་གཤིས་བརྟག་དཔྱད་ཁང"ཞེས་པའི་སྒོ་བྱང་འོག་ཏུ་ཙོག་སྟེ། གྲོང་ཁྱེར་ནས་གསར་དུ་ཉོ་ཡོང་བའི་རལ་གྲི་དང་སྟ་རེ་གཉིས་ལ་བརྟག་དཔྱད་བྱེད་ཀྱིན་འདུག དུས་རྒྱུན་བྱེ་ཐང་གི་གནམ་གཤིས་ལ་བརྟག་དཔྱད་བྱེད་པ་བཞིན།   ཨ་ཕས་རལ་གྲི་ལ་མཛུབ་མོས་རག་ཙམ་རག་ཙམ་བྱས་དང་ཆབས་གཅིག་མིག་ལས་འཕྲོ་བའི་ཡིད་ཚིམ་པའི་འོད་ནི་རལ་གྲིའི་འོད་ལས་ཀྱང་རྣོ་ངར་ཆེ། ཁོས་རང་གི་ཨ་ཕ་ཕྱིར་ལོག་ཡོང་བ་ཤེས་ནས་དགའ་བ་ཆེན་པོས་"ཨ་ཕ་ཨ་ཕ་"ཞེས་འབོད་བཞིན་ཁྱིམ་ཕྱོགས་སུ་རྒྱུགས། ཡིན་ན་ཡང་། ཁོའི་ཁ་ནས་ཐོན་པའི་ཚིག་དེ་ཨ་ཕ་ཞེས་པ་དེ་མིན་པ་"འབའ་འབའ"ཞེས་པ་གྱུར་སོང་། ཁོས་སེམས་ནས་ཨ་ཕ་ཞེས་པ་ཅི་ལྟ་འབོད་ཀྱང་ཁ་ནས་"འབའ་འབའ"ཁོ་ན་ཟེར།
  ཁོའི་ཨ་ཕས་མཐོང་ལམ་དུ་འབའ་སྐད་སྒྲོག་པའི་ལུ་གུ་ཞིག་གནམ་ནས་ལྷུང་བ་ལྟ་ཐོན་ཕྲལ། ཧ་ལས་པའི་རྣམ་འགྱུར་དང་བཅས་"གནམ་གྱིས་བདག་ལ་གནང་བའི་ལས་སྐལ"ཟེར་བཞིན་དགའ་བའི་རྣམ་འགྱུར་མནོན་མ་ཐུབ་པ་གདོང་ནས་མངོན་འདུག། ཁོས་ཁ་ནས"ཙི་ཙི"ཟེར་གྱིན་ལག་པ་བསྐྱངས་པ་ན། ལུ་གུ་དེ་རང་གི་ཨ་མས་འགྲམ་དུ་འོ་མ་འཐུང་དུ་འོངས་བ་ལྟར་ཁོའི་པང་དུ་ལྷུངས་། ཁོས་ལུ་གུའི་མགོ་ནས་འཇུག་བར་བྱིལ་བྱིལ་ལན་གསུམ་བྱེད་ཚེ། ལུ་གུས་མིག་ཟུང་ཚུམ་གྱིན་ཤིན་དུ་ཞིམ་མངར་ཚུལ་གྱི་བདེ་བས་ཉལ་སོང་། ཁ་ཆུང་ཆུང་དེ་འགུལ་འགུལ་ཙམ་འགུལ་ཙམ་བྱེད་དེ་ཅི་ཞིག་ཟ་ཉམས་བྱེད། ལུ་གུའི་འགྲམ་དུ་ཡོད་པའི་རལ་གྲི་ལས་ལམ་ལམ་གྱི་ལྡོག་འོད་ཀྱིས་ཨ་ཕ་ཁོའི་མིག་མག་མོག་བཏང་། སེམས་པ་ཡང་མག་མོག་བཏང་། ཁོས་འདར་གསིག་གསིག་གིས་རལ་གྲི་ཡར་ལེན་པ་དང་མཉམ་དུ་ཤུགས་གཅིག་གིས་རལ་གྲི་གསར་པ་ལུ་གུའི་སྐེ་ལ་བཙུགས། རལ་གྲི་དཀར་པོ་ཡར་བཙུགས་པ་དང་ཁྲག་དམར་པོ་མར་ཐོན་པ་དང་མཉམ་དུ་ཆིལ་ཆིལ་གྱི་ཁྲག་དམར་ཨ་ཕ་ཁོའི་གདོང་ལ་འཕྱོ།  ཚ་ལྷང་ལྷང་གི་བྱེ་ཐང་ན་སྐག་བྱུག་པ་བཞིན་གྱི་ཁྲག་དམར་སྐད་ཅིག་ཏུ་མ་བསྐམས། དེ་ནས་རིམ་གྱིས་ཁྲག་དམར་སྐམ་པོས་གདོང་ལ་སེ་གར་བྲིས། སྐབས་དེ་དུས་ཨ་ཕ་ཁོ་ནི་བཅུ་ཆ་ལྔ་གཤིན་རྗེ་ཞིག་དང་འདྲ་ལ། བཅུ་ཆ་བཞི་གཤིན་པོ་ཞིག་དང་འདྲ། བཅུ་ཆ་ཅིག་ཤོས་ཅི་དང་གང་ལ་ཡང་འདྲ་པོ་མི་འདུག གདོང་ལ་འབྱར་བའི་ཁྲག་ལ་རང་དང་སྙིང་ཉེ་བའི་དྲོད་ཞིག་འདུག་ལ་བསྐམས་ཟིན་པའི་ཁྲག་ལས་རྒྱུས་ཡོད་ཀྱི་དྲི་ཞིག་ཀྱང་ལྡང་བྱུང་།
  ལུ་གུའི་ཁྲག་དང་། གློ་བ། རྒྱུ་མ། སྙིང་དང་བཅས་པ་ཚ་བས་བསྲེགས་པའི་བྱེ་ཐང་དུ་བསྐྱུར། ཁྲག་དྲི་ཁེངས་པའི་བྷ་ཎ་བྱེ་ཐང་གི་མཁའ་དབྱིངས་སུ། འཕུར་ལྡིང་བྱེད་པའི་ཐང་དཀར་རྒོད་པོ་ཞིག་ཕར་ཞོག ཕོ་རོག་ནག་ཆུང་ཞིག་གི་གྲིབ་མ་ཡང་མི་སྣང་། ཁྲག་དམར་གྱིས་བརླན་པའི་བྷ་ཎ་བྱེ་ཐང་ནི། རྨི་ལམ་དམར་པོ་ཞིག་སྟེ། སྐད་ཅིག་སད་རྗེས་སྐད་ཅིག་བསྐམ་འགྲོ།
  གྲོང་ཁྱེར་དུ་ལུག་ཤ་ཟ་བའི་སྲོལ་ཞིག་དར་གྱིན་འདུག  ཁོ་ལ་སྒོར་མོ་མེད་པས། གྲོང་ཁྱེར་དུ་བསྡད་པའི་ཉིན་གཉིས་པོ་ཁོས་འགྲམ་ཆུ་ཁོ་ན་བཏུང་ནས་བསྡད་དགོས་བྱུང་། དེ་རིང་ལུ་གུ་ཞིག་རིན་སྒོར་ཟུར་གཅིག་གིས་ཀྱང་ཉོ་མ་དགོས་པར་ཁོའི་པང་དུ་ལྷུང་ཡོང་བ་དེ། ཤ་དང་རུས་པའི་དྲི་རྣམས་ཁོས་ལྕེ་རྩེས་ལྡག་ནས་རོ་ཞིབ་པ་མྱོང་འདོད། གསར་པ་ཁོ་ན་ལ་ཞེན་པས་མི་ཕན། རྙིང་པ་སླར་གསོ་བྱེད་པ་ཡང་རང་སེམས་དགའ་བའི་ལས་ཞིག་ཡིན་པ་ན། ཁོས་དེ་རིང་གདོད་མའི་བོད་ཀྱིས་ལུགས་ལྟར། བྱེ་ཐང་གི་དཀྱིལ་དུ་རྡོ་གསུམ་བཙུབས་ནས་ཤ་བཙོ་འདོད་སྐྱེས། ཁོ་ནི་མིང་དོན་གཉིས་མཚུངས་ཀྱི་ལག་ལེན་རིང་ལུགས་པ་ཞིག་ཡིན། སེམས་ལ་ཅི་དྲན་པ་དེ་མྱུར་མོ་འདི་ལྟ་ལག་ལེན་མ་བྱེད་ན་སེམས་པ་ཟ་ནས་བཟོད་མི་ཐུབ་པའི་སྣང་བ་སྐྱེས་ཀྱི་ཡོད། ཐེངས་འདིར་སྟ་རེ་དང་རལ་གྲི་ཉོ་བ་ཡང་དེ་བཞིན་དུ་ཟད་དེ། དེ་རིང་སང་ཉིན་གྱི་མི་རྣམས་གསར་པ་ལ་ཞེན་པ་མ་ཟད་གནའ་རྫས་ལ་དེ་བས་ཀྱང་དགའ་བ་མ་ཡིན་ནམ། ཁོ་ཡང་དེ་དང་དེ་བཞིན་དུ་བྱེ་ཐང་དཀྱིལ་གྱི་ནམ་གཤིས་བརྟག་དཔྱད་ཁང་དེ་གནའ་བོ་རྩྭ་ཐང་གི་འབྲོག་པའི་སྦྲ་དང་འདྲ་བར་འོ་ཟོ་དང་འོ་རྡོ། དྲིལ་བུ་དང་གདོམ། སྟ་རེ་དང་རལ་གྲི་ལ་སོགས་པའི་འབྲོག་པའི་ཡོ་བྱད་ཀྱི་ཁེངས་པ་ཞིག་བཟོ་བའི་བསམ་པ་སྔ་མོ་ནས་ཡོད། ཡོ་བྱད་དེ་ཚོ་རྟ་ནོར་ལུག་གསུམ་དང་འབྲེལ་བ་གང་ཡང་མེད་ན་ཡང་། རང་སེམས་གསོ་ཙམ་མམ་གཞན་ལ་གཤམས་སྟོན་བྱེད་ཐུབ་ན་དགོས་པ་ཡིད་བཞིན་གྲུབ་པ་ཡིན།
  ཤ་དག་དུམ་བུར་གཏུབ་ཟིན། རྡོ་གསུམ་དང་སྣོད་ཞབས་མ་རྡོལ་དང་བཅས་པ་ཡོངས་སུ་འཛོམས་སོང་། ད་ལྟ་ཁོའི་ཀླད་པའི་ནང་ཚང་མེད་པའི་དངོས་པོ་གཅིག་པོ་དེ་ནི་ཤིང་རེད། མྱ་ངམ་ཐང་ཆེན་པོ་འདིའི་ནང་ཤིང་ཞིག་གང་ནས་འཚོལ་དགོས་སམ།
  ཁོས་རལ་གྲི་དང་མཉམ་དུ་ཉོས་ཡོང་བའི་སྟ་རེ་དེ་ཁྱེར་ནས། བྱེ་ཐང་གི་དཀྱིལ་དུ་ཡོད་པའི་ལྕང་མ་རྩྭ་ཐང་གི་མཚོན་རྟགས་གཅིག་པོ་ཡིན་པའི་ལྕང་ཤིང་སྐམ་པོ་དེ་རྨང་ནས་བཅད། བྷ་ཎ་བྱེ་ཐང་འདིའི་སྔར་སོང་རྩྭ་ཐང་གི་ལོ་རྒྱུས་དང་འབྲོག་པའི་རིག་གནས་མཚར་སྡུག་འོད་འབར་བའི་ལོ་རྒྱུས་ཀྱི་བདེན་དཔང་ཡོད་ཚད་རྩ་བ་ནས་ཆད་སོང་།
  བྱེ་ཐང་གི་དཀྱིལ་དུ་གདོད་མའི་བོད་མིས་ལྷ་བསང་གཏོང་བ་ལྟ་བུའི་དུ་བ་དཀར་ལྷོག་ལྷོག་ཅིག་ནམ་མཁའི་ཀ་བ་ལྟར་འཐེན་འདུག ཡིན་ཡང་སྣ་རུ་འཐུལ་བ་ནི་ལྷ་ཤིང་ཤུག་པའི་དྲི་བཟང་དེ་མ་ཡིན་པར་ལུག་ཤ་ཚིག་པའི་དྲི་ངན་དེ་རེད། རྣ་རུ་ཐོས་པ་ནི་ཉོན་མོངས་མལ་ལས་སད་བྱེད་ཀྱི་ཀི་སྒྲ་ལན་གསུམ་དེ་མ་ཡིན་པར་མི་རིགས་ཞིག་གི་ལོ་རྒྱུས་མེ་ལ་སྲེག་པའི་་ཚག་ཚག་གི་སྐད་སྒྲ་དེ་རེད། དེ་བཞིན་དུ་དད་པའི་བ་སྤུ་མེད་ལ་དགའ་མགུའི་གླུ་དབྱངས་ཀྱང་དབེན་ནོ།
  དཀར་ལྷོག་ལྷོག་གི་དུ་བ་བྱེ་ཐང་ནས་ནམ་མཁའ་རུ་རྨུ་ཐག་ཞིག་གམ་ཀ་བ་ཞིག་ལྟར་འཐེན་འདུག བུ་ཆུང་ཁོ་རང་ཀ་བའམ་རྨུ་ཐག་དེ་ལ་ཡར་འཛེགས་ནས། བྱེ་མས་བསྣུབས་ཟིན་པའི་ལུ་གུ་དང། རྩྭ་ཐང་། གདོང་དམར་བའི་བོད་མི་བཅས་འཕྲད་སྲིད་ལ་དེ་དང་དེ་འདྲ་བའི་རྩྭ་ཐང་གི་གཏམ་རྒྱུད་བཤད་མཁན། མཛའ་ཞིང་བརྩེ་ལ་བྱམས་བརྩེ་ལྡན་པའི་ཨ་མ་དང་ཕྲད་པའི་ཡིད་ཆེས་རང་ཡོད།  གང་ལགས་ཤེ་ན། ཨ་ཕས་རལ་གྲིས་ཁོའི་སྲོག་རྩ་བཀུམས་པའི་སྐད་ཅིག་མར་ཁོའི་ལུས་ཀུན་གཟེར་བྲེང་ངེར་བྱེད་པ་དང་ཆབས་ཅིག་མུན་ནག་གི་ཀླུང་དུ་ཨ་མས་ཁོ་ལ་ལག་བརྡ་བྱེད་ཀྱིན་པ་མཐོང་བས་སོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲུལ་བའི་ཞིང་གི་མིག་ཆུ།

2015-09-04 ཀླད་ཀོར།༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།