ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《ཟླ་བའི་གཏམ་རྒྱུད》

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-01-18

 “ཨ་མེས་ལགས། ང་ཚོར་གཏམ་རྒྱུད་ཅིག་བཤད་རོགས”རི་དྭགས་ཀྱི་པགས་པ་ཕར་ཞོག ཐ་ན་སྡོང་ཤུན་ཙམ་ཡང་གོན་རྒྱུ་མེད་པའི་སའི་གོ་ལའི་སྟེང་གི་ཆེས་མཇུག་མཐའི་བྱིས་པ་སྐོར་ཞིག་གིས་ཧ་ཅང་ཉམ་ང་བའི་ཚུལ་གྱིས་བགྲེས་སོང་ཞིག་ལ་ཞུ་བ་བྱེད་ཀྱིན་འདུག 

   རི་ཐང་ན་མེ་ཏོག་བྲལ་ཞིང་ཆུ་ལམ་ན་ཆུ་ཕྲན་མེད་པར་འཇིག་རྟེན་འདི་ཧ་ཅང་ཁུ་སིམ་ཞིང་ཡིད་སྐྱོ་བར་འདུག བསླབ་བྱ་སྦྱང་རྒྱུ་མེད་པ་དང་རོལ་རྩེད་རྩེ་རྒྱུ་མེད་པའི་བྱིས་པ་ཚོའི་འཚོ་བ་ནི་དེ་བས་ཀྱང་སྙིང་བོ་བྲལ་ཞིང་བྲོ་བ་དབེན། དེའི་ཕྱིར་ཁོ་ཚོས་ཉིན་ལྟར་བགྲེས་སོང་ཚོའི་མཐའ་བསྐོར་ནས་གཏམ་རྒྱུད་བཤད་པའི་ཞུ་བ་བྱེད།

   “ཡ། ཆོག་གི  ཆོག་གི”

   “ཨ་མེས་བཀའ་དྲིན་ཆེ། བཀའ་དྲིན་ཆེ……”བྱིས་པ་ཚོ་དགའ་དྲགས་ནས་ལག་ཆུང་ཐལ་མོ་རྡེབ་པར་བྱེད།

   “གནའ་སྔ་མོའི་དུས་སུ། སྲས་མོ་ཞིག་ཡོད་པ་དེ་བཅོ་ལྔའི་ཟླ་བ་བཞིན་མཛེས་ཤིང……”

   “ཨ་མེས་ལགས། ‘ཟླ་བ’ཞེས་པ་དེ་ཅི་ཞིག་རེད།”

   “ཟླ་བ་ཨེ? ཨོ། ཟླ་བ་ནི་དང་པོ་ཙ་ན་ང་ཚོའི་སའི་གོ་ལ་དང་བར་ཐག་ཆེས་ཉེ་བའི་སྐར་མ་ཞིག་རེད། ཉིན་སུམ་ཅུ་རེའི་རྗེས་ཀྱི་ས་སྲོད་དུས་སུ་བུ་མོ་མཛེས་མའི་སྨིན་མ་ཇི་བཞིན་དབང་ཕྱོགས་མཁའ་དབྱིངས་སུ་ཤར་ཡོང་ཞིང་། ཉིན་རེ་ནས་ཉིན་རེར་ཇེ་སྒོར་དང་ཇེ་གསལ་དུ་ཡོང་སྟེ་ཉིན་བཅུ་ལྷག་གི་རྗེས་སུ་དཀར་ཞིང་སྒོར་ལ་ལྟ་ན་སྡུག  དེའི་ཕྱིར་གནའ་མི་ཚོས་ནམ་རྒྱུན་བུ་མོ་མཛེས་མ་ཟླ་བའི་དཔེ་རུ་འགོད།”

   “འོ་ན་ད་ལྟ་དེ་མེད་པའི་རྒྱུ་མཚན་ཅི་ཡིན།”

   “ཨེ——”བགྲེས་སོང་དེས་དབུགས་རིང་ཞིག་འབྱིན་རྗེས“དེས་ན་ངས་ཁྱོད་ཚོར་ཟླ་བའི་གཏམ་རྒྱུད་བཤད། ངའི་མེས་པོའི་དུས་སུ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཚན་རིག་ལག་རྩལ་དར་རྒྱས་ཆེ་ཞིང་འབྲས་བུ་སྣ་ཚོགས་གཡུར་དུ་ཟ། ཡིན་ནའང་ཚན་རིག་པ་ལ་ལས་བལྟས་ན་སའི་གོ་ལའི་རང་བྱུང་ཁོར་ཡུག་བཙོག་ཅིང་ལྷོ་བྱང་གཉིས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེ་བའི་རྒྱུ་མཚན་ནི་སའི་གོ་ལའི་འཁོར་ལམ་ཅུང་ཙམ་གསེག་ཡོད་པས་ཡིན་ལ། གལ་ཏེ་ཟླ་བའི་གོ་ལ་དེ་སའི་གོ་ལའི་ལྷོ་སྣེ་གླིང་ལ་སླེབས་སྐབས་འབར་རྫས་ཀྱིས་གཏོར་བར་བྱས་ན་ཟླ་བའི་ས་རྒྱུ་འབོར་ཆེན་ཞི་བདེ་རྒྱ་མཚོ་ཆེན་པོའི་ནང་ལ་ལྷུང་སྟེ་སའི་གོ་ལའི་འཁོར་ལམ་དྲང་མོར་སྙོམ་ཐུབ་བསམ།

   “སྐབས་དེར་མིའི་རིགས་ལ་སའི་གོ་ལའང་ཐེངས་བཅུ་ལྷག་ལ་གཏོར་ནུས་པའི་རྡུལ་ཕྲན་མཚོན་ཆ་མོད་པོ་ཡོད་ལ། དེས་ན་ཟླ་བའི་གོ་ལ་དེ་སའི་གོ་ལའི་བཞི་ཆའི་གཅིག་ཙམ་མ་གཏོགས་མེད་པས་ན་དེ་གཏོར་ཐུབ་མིན་ནི་སྨོས་མ་དགོས་པ་ཞིག་རེད།

   “ཚན་རིག་པ་དེ་ཚོ་མི་མང་པོའི་འགོག་རྒོལ་ལ་མ་འཛེམ་པར་འཇིག་རྟེན་འཕུར་གྲུ་དང་བར་སྣང་ས་ཚིགས། སྐུད་འོད་སྒྲིག་ཆས། རྡུལ་ཕྲན་ནུས་པའི་འབར་གས་སྒྲིག་སྦྱོར། གློག་རླབས་གནམ་དཔྱད་རྒྱང་ཤེལ། གློག་ཀླད་ཆེན་པོ། འཕྲུལ་ཆས་ཀྱི་མི་སོགས་ཕྱོགས་སོ་སོའི་ལག་རྩལ་ལ་བརྟེན་པར་མ་ཟད་ཆེས་ཕུལ་དུ་བྱུང་བའི་ཚན་རྩལ་མི་སྣའི་ཁྱོན་ཡོངས་ཀྱི་རམ་འདེགས་འོག་ཏུ་མཛེས་ཤིང་ལྟ་ན་སྡུག་པའི་ཟླ་བ་དེ་ཐལ་བའི་རྡུལ་དུ་བརླགས་སོང་།

   “ཡ་ང་བའི་སྣང་ཚུལ་དེ་མཐོང་རྗེས་ཚན་རིག་ཧ་ཅང་དར་རྒྱས་ཆེ་བའི་གོ་ལ་གཞན་པའི་མིའི་སེམས་ལ་སའི་གོ་ལའི་སྟེང་གི་མི་འདི་ཚོས་རང་ཉིད་འཚོ་གཞེས་ཀྱི་རྟེན་གནས་མ་ཡུམ་ས་ཡི་གོ་ལ་མི་གཙང་དྲི་མས་སྦགས་ཏེ་སེམས་ཅན་གྱི་དབུགས་རྒྱུན་ཆད་ལ་ཁད་བཟོས་པར་མ་ཟད་ད་རུང་འདྲེ་ལག་བར་སྣང་ཁམས་ལ་བསྲིངས་ཏེ་ཉི་མའི་ཁྱིམ་རྒྱུད་ནང་གི་ཆེས་མཛེས་པའི་གོ་ལ་དེ་ཡང་ཐལ་བའི་རྡུལ་དུ་བརླགས་སོང་། ཨ་ཁ། ད་ནི་གང་ལྟར་ཁོ་ཚོ་འདི་ལྟར་རྒྱ་ཡན་དུ་གཏོང་མི་རུང་བསམ་སྟེ་སའི་གོ་ལའི་སྟེང་གི་དཔལ་ཡོན་ཡོངས་རྫོགས་མེད་པར་བཟོས་སོང་བས་འགྲོ་བ་མིའི་རིགས་ཡང་བསྐྱར་ཡ་ཐོག་གི་རྣམ་པར་ལྷུང་བར་མ་ཟད་སྔར་ལས་ལྷག་པའི་རང་བྱུང་གནོད་འཚེ་དང་ནད་ཡམས་སྣ་ཚོགས་ཀྱིས་སྐྱེ་བོ་དུང་ཕྱུར་མང་པོའི་ཚེ་སྲོག་ཕྲོགས་ཏེ་མིག་སྔའི་ཚད་འདི་ལ་སླེབས་པ་རེད།”

   “ཨ་མེས་ལགས། འདི་ནི་ཁྱེད་རང་གིས་བཙན་སྒྲིག་བྱས་པ་ལས་གཏམ་རྒྱུད་ངོ་མ་ཞིག་མ་རེད། ང་ཚོར་མུ་མཐུད་དུ་སྲས་མོ་དེའི་གཏམ་རྒྱུད་བཤད་རོགས།”

   བྱིས་པ་ཚོ་ཟླ་བའི་གཏམ་རྒྱུད་ལ་དགའ་བོ་མེད་དེ། རྒྱུ་མཚན་ནི་ཁོ་ཚོས“ཚན་རིག་ལག་རྩལ”དང“རྡུལ་ཕྲན་མཚོན་ཆ།” “བར་སྣང་ས་ཚིགས”སོགས་མིང་ཚིག་འདི་དག་གོ་མ་མྱོང་ལ་ནང་དོན་ཡང་མི་ཤེས་པས་རེད།

   བགྲེས་སོང་དེ་ཐབས་ཟད་དེ་སླར་ཡང་དཔལ་ཡོན་དུས་སྐབས་ཀྱི་སྲས་མོ་ཞིག་གིས་དུག་རྫས་འཐེན་ནས་མི་ཤི་ཁྱིམ་སྟོང་དུ་གྱུར་པའི་གཏམ་རྒྱུད་ཅིག་བཤད……

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《ཟླ་བའི་གཏམ་རྒྱུད》

2018-01-18 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།