ཕ་ཁྲམ་པ་དང་བུ་དོམ་པ།

བཞོ་ཟེའུ།(བླ་བྲང) 琼迈文学网 2025-02-25

  གཅིག

  དབྱར་ཟླ་ར་བའི་དགའ་བདེ་རྩྭ་ཐང་ལ་མེ་ཏོག་གི་འདབ་མ་ལྷུག་པོར་གྲོལ་ཞིང་། མཐའ་ཀླས་པའི་སྤང་ལྗོངས་ཀྱི་ཕང་བ་རུ། རྟ་ནོར་ལུག་གསུམ་བག་ཡངས་ཀྱིས་རྒྱུ་ཞིང་རྩྭ་ཆུར་རོལ། འབྲོག་པའི་རུ་སྡེ་གསར་བ་སྟེ། གྲལ་འགྲིག་པའི་ཀླད་ཁེབས་དམར་པོའི་ཁང་སྟེང་དུ། སྔོ་ལྷོག་ལྷོག་གི་དུ་བ་ཞོགས་པའི་མཁའ་དབུགས་དང་བསྡོངས་ནས་ཕྱོགས་ངེས་མེད་དུ་རྒྱུ།

  ཆར་ཟམ་ཟིམ་འབབ་པའི་ཕྱི་དྲོ་ཞིག་ལ། “སྡུག་རོ། མནའ་མ་ལེན་ཐུབ་ན། སྒོར་མོ་སྟེར་རྒྱུ་ལོས་ཡོད། ངའི་སྒོར་མོ་ཁྱེར་ཤོག” “ཕ་རོ་ཟ་རྒྱུ། རྒྱལ་མི་འཇོག་རང་དབང་ཡོད་ཀྱང་། དོམ་མི་སྟེར་རང་དབང་མེད།” “ཚེ་འདིར་འཇལ་མ་ཐུབ་ན་ཕྱི་མར་འཇལ་དགོས་ཟེར་བ་ཨེ་ཤེས། ལྷ་སའི་ཇོའི་མཇལ། ” རྣ་བར་གཟན་པའི་སྐད་དེ་དག རེས་གསལ་རེས་མོག་གིས་ཀླད་ཁེབས་དམར་པོའི་ཁང་ཆག་དེ་ནས་རྒྱུ་ཡོང་ལ། ཅུང་མ་འགོར་བར་གསར་བུ་སྟོབས་ཅན་སྟག་འདྲ་གཟིག་འདྲ་ཏག་ཏག་གིས་ཁང་ཁྱིམ་དེ་ལས་མིག་ལ་ཚོགས་པའི། ཅ་ག་ཡིན་འདོད་འདོད་ཚང་མ་སྒོར་མོར་བཀུག་ཏེ་ཁྱེར་ནས་ཐལ།

  ཉིན་འགའི་རྗེས་སུ། “གདོས་ངན་བོ། དོམ་པ་ཁྱོད། ཤི་སོང་ན་ཤི་སྡུག་ཡོད་པ་ལས་གདོན་སྡུག་འདི་འདྲ་རིག་དགོས་ས་མ་རེད། མ་ངན་གྱི་བུ་ངན་ཐ་ཆད།” “ཆུང་མ་དགའ་བོ་ཡང་བྲོས་ནས་ཐལ། ཁྱིམ་ཡང་སྟོང་བར་ཕུད་ཡོད་གི། ད་ནས་བཟུང་རོ་གང་ནས་རུལ་ན་དེ་རུ་སོང” ཟེར།

  “ཨ་པ་ལོ་ལོ། ཨ་པ་ལོ་ལོ། འདི་ཚེ་སྒྲོལ་དང་ངའི་ཁྱིམ་ཡིན། ང་མི་འགྲོ། ངས་ཁོ་མོར་སྒུག་དགོས” ཟེར་བའི་ངུ་སྐད་འདྲེས་མ་ཞིག་ཡང་བསྐྱར་ཁང་ཆག་དེ་ནས་གྲགས་ཡོང་།

  ཅུང་མ་འགོར་བར། ཤིག་ཐལ་ནང་ལྷུང་འདྲའི་སྐྱེས་པ་སྟོད་སྒུར་ཞིག ངུ་མ་དགོད་ཀྱིས་རྐང་སྣེ་རྡོ་ལ་ཐོགས། ལག་སྟོང་མཆན་ན་བཙིར་ནས་སྲང་བར་དུ་ཐོན།

  ཁོ་རང་ཐང་ཆད་པའི་མིག་ཟུང་གིས་ཁང་ཆག་དེར་ཞེ་ཆགས་པའི་ཕྱིར་མིག་ཡང་ཡང་འཕངས། དེ་ནས་གློ་ཁུག་ཏུ་ལག་སྙོབ་བྱ་བཞིན། དུ་བ་རྐང་ཐུར་གཅིག་ལ་མེ་སྒོས་ནས་ཐེངས་འགའ་རྔུབ་རྗེས། ལྗིད་ཏིག་ཏིག་གི་གོམ་ཁ་སྨག་ནག་པའི་མཚན་ལྗོངས་སུ་སྤོས།

  གཉིས།

  ཚེ་སྒྲོལ་ནི་ “ཁྱིམ་གྱི་དོན་དག་འགྲུབ་ན། ཁོ་མོ་བསུ་བར་ཡོང་བའི་” རིག་ཚེའི་གྱེས་ཁ་མའི་དུས་ཆད་ལ་ཡིད་ཆེས་ཤིང་། བསླུ་བྲིད་ཀྱི་གཉེན་དོན་དེ་གསང་རྒྱར་བསྡམས་ནས་སོ་སུམ་ཅུའི་ཕྱི་ལ་ཤོར་མ་མྱོང་བར་ལས་ཀར་བྲེལ་གྱི་ཡོད། ཞོགས་པ་ནས་ཅི་ཡིན་མེད་པའི་སྙིང་ཁམས་མི་བདེ་བའི་ཚོར་བ་དེས། ཁོ་མོར་དོན་དག་ཞིག་འབྱུང་སྲིད་པའི་ཚོར་བ་ཞིག་སྐྱེ་ཡི་འདུག བཟའ་ཟླས་ཟུར་མོ་བཙལ་བའི་སྐབས་ཐོག་དེའི་ཚོར་བ་དང་ཨ་ན་མ་ན་རེད། ཁོ་མོ་ཡང་ཡང་འདང་རྒྱག་གི་ངང་ན་ལུས་འདུག

  “ཚེ་སྒྲོལ། ངེད་གཉིས་ཀའི་ལས་དབང་གི་ཐུག་འཕྲད་འདི་ཅུང་སྔ་བ་ཡིན་ན། སྡུག་པ་འཁུར། ང་འདི་ལྟར་རོ་དོང་དགུ་ནག་ཏུ་ལྷུང་མི་སྲིད་ལ། ཁྱི་ལྡོམ་ཞིག་ཏུ་ཡང་འགྱུར་མི་སྲིད། ”

  “དགེ་བཅུའི་ཁྲིམས་ཞེས་པའི་ཕ་རོ་ཟ་རྒྱུ་དེ་མིན་རྒྱུ་ན། ངེད་ཚང་གི་འཚོ་བ་ཡང་འདི་འདྲའི་ཐབས་སྡུག་ཞིག་ཏུ་འགྱུར་དོན་མེད། ད་ནི་རྒྱུ་ཡོད་དུས་རྒྱན་བཞག་ན། རྒྱུ་མེད་དུས་སྲོག་འཇོག་དགོས་ས་རེད། ཕ་ཁྲམ་པ་དང་བུ་དོམ་པའི་ལས་དབང་འདི་ལས་ང་ནི་ལྡོག་ཐབས་མེད་པ་འདྲ། དགའ་དགའ། ང་ལ་་་་་་སྒུག་ནས་མི་འདུག་རོགས” ཟེར།

  མགོ་རྔ་མེད་པའི་སྐད་དེ་གོ་མ་ཐག ཁོ་མོས་ད་གཟོད་རིག་ཚེས་སྐད་འབྲེལ་མ་བཞག་པར་གཟའ་འཁོར་གཅིག་འདས་ཟིན་པ་ཚོར། ཏུའུ་སྒྲ་ཁོ་ན་ལས་གྲགས་འགུལ་ཅི་ཡང་མེད་པའི་ཁ་པར་ལ་ཉན་བཞིན། ཁོང་གཉིས་ཀྱི་ལས་དབང་གི་ཐུག་འཕྲད་དེ། དྲན་འཛིན་གྱི་ཡོལ་བའི་ངོས་ལ་བརྙན་རིས་བཞིན་ཤར་ཡོང་།

  ཚེ་སྒྲོལ་ཐོག་མར་རིག་ཚེ་དང་ངོ་ཤེས་དུས་ནི་སྤྱི་ལོ་ཉིས་སྟོང་ལོའི་ཟླ་གསུམ་པ་རེད།

  ཁོ་མོས་ཡུན་རིང་ལ་ཁ་ཡ་མ་བྱས་པའི་མྱི་བསོར་ལ་འབྲོག་སྐད་ད་མ་དིག་གིས་ “གསར་ཁོ། ཉེ་ལམ་བདེ་ལགས་སམ། གང་ན་ཡོད། གྲགས་རྒྱུ་མེད་ནོ་” ཞེས་པས། “བདེ་མོ་ཡིན། བདེ་མོ་ཡིན། གྲོགས་གཅེས། ཁམས་བདེ་དྲིས་པར་བཀའ་དྲིན་ཆེ་” ཞེས་སྐད་ངག་འཇམ་པོས་བཤད། “ཁོམ་ཡོད་དམ། ཁོམ་ན་ཁ་བརྡ་བྱེད”“ལོས་ཁོམ། གྲོགས་གཅེས་མ་ཁྱོད་ཁོམ་ས་ནས་ང་མ་ཁོམ་ན་ག་ལ་འགྲིག” ཁོ་རེ།“ང་ལ་སྐད་ལན་རེ་ཡང་མི་འཇོག་པས་གསར་ཁོ་མང་པོར་ཁ་བརྡ་བྱས་ནས་ཁོམ་གྱི་མེད་པར་བསམ་ཡོད། ག་རེ། དེ་རིང་ཁོམ་སོང་ངམ་” ཞེས་པ་སོགས་ཀྱི་ཁམས་བདེ་ནས་མགོ་བརྩམས་ཏེ། རང་རང་གི་མིག་སྔའི་ལས་ཀ་དང་། གནས་ཚུལ། བཟའ་ཟླ། བྱིས་པ་ཡན་ཆད་ཀྱི་དོན་བྱ་ཆེ་མ་ཆུང་གསུམ་དྲག་ཏུ་འབབ་པའི་ཆུ་ལོག་བཞིན་བཞུར་མཚམས་མ་ཆད།

  མཚམས་ལན་རེར། ཁ་བརྡའི་ཁྲོད་དུ། ཁོ་གཉིས་ནི་སྐྱིད་ཀྱི་རྟ་ཕོར་མཉམ་བཞོན་གྱིས་མཐའ་ཡས་པའི་སྤངས་ལྗོངས་སུ་བང་གིས་བསྐྱོད་པ་དང་མཚུངས་ལ། མཚམས་ལན་རེར། ཁོ་གཉིས་ནི་སྡུག་གི་ཁུར་བོ་མཉམ་ཁུར་གྱིས་འཁོར་བའི་ལ་རིང་ལ་ཐུང་བརྒལ་བའི་སྤྲང་གོག་གཉིས་དང་ཡང་མཚུངས་ཏེ། འདས་སོང་གི་སྐྱིད་སྡུག་འཚོ་བའི་གཏམ་རྒྱུད་རེ་རེའི་ཁུད་དུ། མངར་སྐྱུར་བསྐ་གསུམ་གྱི་བྲོ་བ་རེ་རེ་མྱངས་ཀྱིན་འདུག

  མིག་ཆུ་དང་དགོད་སྒྲས་བསྐྱིལ་བའི་ལོ་ཟླའི་འཁོར་ཞག་བར་ན། ཁོང་གཉིས་ནི་འབྲལ་མི་ཕོད་པའི་ངང་ངུར་ཟུང་ལྟར། སྐད་འཕྲིན་གྱི་མཚོ་མོའི་འདམ་དུ་བྱིངས་ཏེ། ལག་ཁ་པར་དང་མི་འབྲལ་ལ་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བརྗེད་འདུག

  ཨ་མ་དང་། ཨ་ཅེས“ས་ཡར་མར་ལ་སོང་ནས་ལས་ཀ་ལས་ན་གཅིག་ན་འགྲོ་སོང་ཆེ། གཉིས་ན་ཡོང་སྒོ་ཡང་མེད་པས་གནས་གཅིག་ནས་ཆགས་ཐུབ་ན་བཟང་” ཞེས་རང་སྡེའི་ཕྱིར་ལོག་བུ་མོ་མང་པོས་གང་ན་ཁྱིམ་ཚང་བཅའ་ལུགས་དང་། ལས་ཀ་འཁྱོངས་ལུགས། སྒོར་མོ་གསོག་ལུགས། གང་ན་རྒན་པོ་བསམ་ཤེས་ཅན་རེར་མནའ་མར་འགྲོ་ས་ཡོད་ལུགས་སོགས་བཤད་ཀྱང་། ཁ་ནས་ “ཡ་ཡ” ཟེར་བ་ཙམ་ལས། རང་དབང་གི་བརྩེ་དུང་ཞིག་ལ་སྨོན་པ་སྐྱེས་ནས་ལུས་སེམས་གཉིས་ཀ་རིག་ཚེར་ཤོར་འདུག

  གསུམ།

  ནམ་མཁའ་ན་ཞོ་ལྟར་ཆགས་པའི་སྤྲིན་པ་སྲབ་བུ་རྒྱུ་ལ། ཉི་མའི་ཟེར་བརྒྱ་མ་ལུས་རང་བྱུང་འཛིན་མའི་ཕང་བར་ལྷུག་གེར་འཕྲོས་པས། དཔྱིད་མགོ་མའི་སྔོ་མདངས་ཞིང་སྡེ་རེ་རེའི་ཚིགས་མལ་དུ་འཕོས་ཤིང་། ཡུལ་འབྲོག་པའི་ནོར་གནག་གི་གོམ་ལག་བར་ནས་ཚེས་བྱུང་།

  རྣ་ཉན་རྒྱབ་ནས་ནང་སེམས་ལ་རྣམ་དག་བརྩེ་དུང་ཞིག་གི་མྱུ་གུ་འབུས་པའི་ཚེ་སྒྲོལ་གྱིས་“རྒྱུ་ནོམ་པ་མེད་ན་མི་སྐྱོན།” “ཡག་མོ་སྒོ་མེད་ན་མི་སྐྱོན།” “བྱིས་པ་ཞིག་འདོད་ཀྱང་ངེད་གཉིས་ཀས་དལ་མོར་བཀོད་པ་འཐེན་ཆོག” “གཙོ་བོ་གཞུང་རྒྱུད་དྲང་བས་ང་ཁུགས་སོང་།” “བཟའ་ཟླར་བསོད་ནམས་མེད་གི། བུ་མོ་ཁ་དྲང་ཁོག་དྲང་ཁྱེད་འདྲ་མ་མཁོ་ན་ང་ལ་མཁོ” ཟེར་ནས་གཅེས་མདོག་ཚད་མེད་སྟོན་སྟངས་དེ་ཡིད་ལ་ཤར་ནས་རང་དབང་མེད་པར་ནང་སེམས་ལ་བྲེད་ཤ་རྒྱུ་ཡོང་། ཁོ་མོས་ཐག་རིང་གི་དགའ་ལོ། མ་འོངས་པའི་ཁྱོ་ག མི་ཚེའི་གཏན་གྲོགས་ཡ་ཞེས་ཁ་ནས་དབྱངས་ལ་གྱེར།

  “རིག་ཚེ། ཁྱེད་ཀྱིས་ང་ལ་གཅེས་ཐུབ་ན།” “ཟས་ཁམ་གང་མཉམ་ཟ་དང་སྡུག་སྤར་གང་མཉམ་མྱོང་བྱ་ཐུབ་ན།” “སྐྱེས་མ་གཞན་ལ་མི་བརྟེན་པའི་དམ་ཚིག་གཙང་མ་ཞིག་ཡོད་སྲིད་ན།” “རྒྱུ་ནོམ་པ་ཅུང་ཁག་ཡང་ཅི་སྐྱོན། ང་ཁྱེད་དང་མཉམ་པོར་ཚེ་འཇུག་རོལ་འདོད། ང་ལ་བཟའ་ཟླ་སྔོན་མ་ལས་ལྡོག་པའི་བརྩེ་དུང་གི་རྒྱལ་སྲས་ཤིག་མཁོ་” ཟེར་བ་ཡིད་ལ་དྲན་བཞིན། ཁ་པར་བརྙན་མིག་རང་ལ་བསྐོར་ནས་གནག་སྣུམ་གྱི་སྐྲ་ལོར་ཡག་ལས་ཤིག་བྱས། ནང་སེམས་སུ་ཚེ་སྒྲོལ་གྱི་རྒྱལ་སྲས་དེ་ང་མིན་ནམ། ངོ་མ་ངའི་ལག་ལ་མནའ་མ་ཞིག་ཡོང་ཐུབ་པ་མིན་ནམ་སྙམ་ནས། ཁ་ཡར་གསེག་ཙམ་དང་སྣ་གཉེར་ཞིག་བྱ་བཞིན་གདོང་ལ་ཡིད་འཚིམ་པའི་འཛུམ་མདངས་ཤིག་མངོན།

  རླངས་འཁོར་གྱི་འགྲོས་སྙོམས་པོས་རྐུབ་འཕོང་ལ་སྔ་ན་མེད་པའི་བདེ་སྣང་ཞིག་ཤར་བའི་མོད་ལ། ཕག་ཚང་ལྟ་བུའི་མགྲོན་ཁང་ཐབས་ཆག་དེ་དག་ཉུལ་བ་ལས་རང་བྱུང་ཁམས་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ད་ནི་ཚེ་སྒྲོལ་དང་མཉམ་དུ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་མ་ཐུབ་ན། རྒྱུ་ནོམ་པ་ཡོད་དུས་ཤ་སྦྲང་བཞིན་འཁོར་བའི་བུད་མེད་དང་གྲོགས་པོ་དེ་དག དོམ་པས་སྒོ་ཁ་འདེད་དུས། སྤུན་འདང་མེད་པའི་གཉེན་ཉེ་དུ་དེ་ཚོ། སེམས་ཐོག་ནས་བུད་དུས། ཀློའུ་རྒན་སྨྱོན་པ་ཟེར་ནས་འཕྱ་སྨོད་ཟུར་ཟ་གཏོང་མཁན་གྱི་ནང་མི་དེ་ཚོར་བུ་འཁྱོངས་མིན་གྱི་ལྟད་མོ་ཞིག་སྟོན་དགོས་བསམ།

  ཚེ་སྒྲོལ་རིག་ཚེས་ལས་སྔོན་དུ་རྨ་ཆུར་བསླེབས་ཤིང་། ཁོ་མོས་མགྲོན་ཁང་སྟབས་བདེ་ཞིག་བླངས། ཁྲུས་གཙང་དག་ཞིག་བྱས་ཏེ་རིག་ཚེ་བསླེབ་པར་སྒུག ཁོ་མོའི་བསམ་པར། གལ་ཏེ་རིག་ཚེ་ཐོན་མ་ཐག ལས་དེར་འཇུག་པར་བྱས་ན་ཇི་ལྟར་བྱ། ཡུན་རིང་ལ་འདོད་བརྩེར་རོལ་མ་མྱོང་བས། ཁོ་རང་ཡི་ཆད་འདྲ་མི་ཡོང་ངམ་སྙམ། རིག་ཚེས་ངའི་སྙིང་ཉེ་མ་རིག་མ་ཐག དུས་རྒྱུན་གྱི་བུད་མེད་མགོ་སྟོང་དེ་དག་དང་འདྲ་བར། ལས་དེར་འཇུག་མི་ཉན། ཁོ་མོ་ཅུང་བབ་ཆགས་ཤིག་ཡིན་པས་བག་ཆགས་ངན་པ་བཞག་ན་ག་ལ་འགྲིག ཁོ་མོའི་བརྩེ་བ་ཐོབ་ན། འཇིག་རྟེན་ན་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་ག་ལ་ཡོད། ལས་དེར་བྲེལ་མི་དགོས། གལ་སྲིད་སེམས་འཚབ་དྲགས་ནས་ཁོ་མོའི་འདོད་པ་སྐོང་མ་ཐུབ་ན་ཇི་ལྟར་བྱ། དེ་ལས་སྤམ་ཚུགས་འཛིན་དགོས་སྙམ།

  ་་་་་་་་

  བདུན་གཅིག་མ་ལོན་པར། ཁ་ཞེ་མཐུན་པའི་ན་གཞོན་ཕོ་མོ་གཉིས་ཀས་འདོད་པའི་རྟ་ཁ་ཡེ་ནས་འཛིན་མ་ཐུབ།

  བཞི།

  ཕྱི་ན་ཉི་མ་དྲོ་ཞིང་གནམ་ཐང་བའི་ཞོགས་པ་དེར། ཁང་བའི་ནང་དུ་ཁམས་མི་དྭངས་པའི་དུ་སྨུག་ཅིག་འཐིབས་འདུག ཉིན་གུང་ཡོལ་ཟིན། རིག་ཚེ་ནི་ད་དུང་ཤི་གསོན་མི་ཤེས་པར་རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་ཕག་རྒན་ཞིག་དང་འདྲ་བར་ལངས་འདང་མི་འདུག ཚེ་སྒྲོལ་གྱིས་ནང་ལས་ཙག་ཙིག་ཚར། ཡིད་ལ་ནམ་རྒྱུན་ཡོང་སྒོ་མེད་ལ། ཟ་མ་ཕྱི་ནས་ཟོས་ན་འགྲོ་གྲོན་ཆེ་བས། དེ་རིང་དྲོས་ཇ་ཞིག་བསྐོལ་བསམ་པ་ལ། རྐང་བས་རང་ལུས་མི་ལྕོགས་པ་ལྟར་ཐབ་འགྲམ་ནས་ཙོག་པུར་ལུས།

  ཕྱེ་དང་རྩམ་པ། འབྲས། སྣུམ། སྔོ་ཚལ། བྲོ་ལྡེ་སོགས་ཉོ་བར་རིག་ཚེ་སེར་སྣ་སྐྱེས་པ་བཞིན། འགྲུལ་བ་ཞིག་གི་བྲོ་ཁ་ཉོ་བའི་ཚུལ་ལྟར་ཉུང་དྲགས། འཁྱགས་སྒམ་ནང་གི་ཤ་རྡོག་རྒྱ་མ་གང་ཙམ་ལེན་ཞོར། གང་ནས་ཡོང་བ་མི་ཤེས་པའི་ཞེ་སྡང་གནོན་མི་ཐུབ་པ་ཞིག མ་ཁོག་ནས་ཡ་ཁོག་བར་གཅུ་ལོག་རྒྱབ་ཏེ་མགྲིན་པ་ནས་ཁ་ལ་ཐོན་བྱུང་། “སྐྲ་ཁུ་རྒྱག་རྒྱུ་བོ།” “འདི་ལྟར་ཉི་མ་འཁྱོལ་ལམ།” “འདི་ནི་ཁྱིམ་ཚང་ཞིག་རེད་ལ་འགྲུལ་ཁང་ཞིག་རེད་”ཅེས་ཤ་ལོག་དེ་ཉལ་ཁྲིའི་སྣེ་མོར་ཁེལ་བར་བྱས་ཏེ་གཡུག་པ་ན། ཐག་སྒྲ་སྣ་ལ་གཟན་པ་ཞིག་ཁང་བའི་ནང་གང་བོར་ཁྱབ། “ང་ལ་མ་རྒྱག ང་ལ་མ་རྒྱག” “ད་ནས་བཟུང་ངས་སྒོར་མོ་བཙལ་ཡོང་། ངས་སྒོར་མོ་བཙལ་ཡོང་།” “ཨ་པ་ལོ་ལོ། ཨ་པ་ལོ་ལོ་”ཟེར་བཞིན་རིག་ཚེ་གཉིད་མ་སད་ཀྱིས་ཉལ་ཐུལ་མགོར་གོན་ནས་ཡར་ལྡིང་མར་ལྡིང་བྱས།

  “ཨ་གཟའ་རོ།” “ཁྱོད་ལ་རི་བོང་གི་སྙིང་ཙམ་ལས་མེད་པ་ཡིན་ནམ།” “ཤ་རྡོག་ཅིག་ཐང་ལ་ལྷུང་བར་དེ་འདྲ་སྐྲག་དགོས་དོན་ཡོད་དམ།” “ཁྱེད་ཀྱིས་རང་ལ་དཔའ་ཇི་ལྟར་ཡོད་ཚུལ་”དང་། “ཚོང་ཇི་ལྟར་རྒྱབ་ཚུལ།” “རྒྱུ་ཇི་ལྟར་ཡོད་ཚུལ།” “དབྱར་རྩྭ་ཇི་ལྟར་མང་ཚུལ་”སོགས་གླིང་གེ་སེར་གྱི་སྒྲུང་ལྟ་བུ་ཞིག “ལོ་ངོ་གཉིས་གསུམ་ཙམ་ལ་གླེང་གླེང་མཐར་ང་གནས་འདིར་ཁྲིད་ཡོང་བ་མིན་ནམ།” “ཁ་ནས་བཤད་ན་ལྷ་བཞེངས། ལག་ལ་བཞག་ན་སྣབས་ལུག་རྒྱུ་མིན་པ་ཅི་ཤེས།”“གླེན་མ་ང་འདྲ་ཁྱོད་ལ་ཡིད་ཆེས་པ་ལས། མི་སུ་ཞིག་ཁྱེད་ལ་ཡིད་ཆེས་སམ།” “མ་གཞི་སྤྲང་གོག་ཁྱེད་ཀྱིས་ང་མགོ་སྐོར་བ་རེད་ལ།” ཐབ་འགྲམ་ན་ཀེར་རེར་ལངས་པའི་ཚེ་སྒྲོལ་གྱིས་དེ་སྐད་སྨྲས། །

  “ག་རེ། ཚེ་སྒྲོལ། སྤོ་མ་ལངས།” “ངས་གང་ཞིག་ལས་ནས་མ་འགྲིག་གམ།” “ལས་པ་”ཟེར་ན། “ཁྱེད་ཀྱིས་ཅི་ཞིག་ལས་ཡོང་བསམ་པ་ནི་རི་བོང་གི་རྭ་རེད། རང་ཉིད་ཀྱིས་ཐལ་འགམ་བསམ་ན། ད་ཐལ་འགམ་རོགས་ཞིག་བཙལ་དགོས་དོན་ཡོད་གཱ ཟླ་ལྷག་སྟེང་ལ་མུག་གེ་ཟེར་བ་ལོས་ཤོས། ཁྱོད་ཨོང་ཤར་ཉི་མ་ཤར་རག་བར་ཉལ་རྒྱུར་ངོ་མི་ཚ་ན། ང་ཁང་ཆག་འདིའི་སྒོར་འབུད་རྒྱུར་ངོ་ཚ་གི་”ཞེས་ངུ་དངངས་བྱས།

  རིག་ཚེའི་བསམ་པར་ད་བྱ་ལམ་ལ་མ་སོང་། ཚེ་སྒྲོལ་ཡོང་ནས་ལོ་ཕྱེད་འགོར་བའི་རིང་། ཁྱིམ་མི་གང་བོས་ང་བླ་མ་ཞིག་གི་སར་བཞག་སྟེ། གཉེན་སྟོན་བྱེད་རྒྱུའི་ཉི་མར་བསླེབ་ལ་ཁད་དུ། མནའ་མ་བྲོས་སོང་ན་ག་ལ་འགྲིག རང་ཉིད་ཁོ་མོར་དགའ་བ་དོན་དངོས་ཡིན་ལ། ཨ་ཕས་ཁས་བླངས་པའི་དོན་དེ་བདེན་ཞད་ཆེ་ཆེ་འདྲ་བས། ང་ལ་ཁྱིམ་ཞིག་བཅའ་ཁོ་ཐག་རེད། ཤི་མ་གསོན་གྱི་འཚོ་བར་རེ་བཞག་གི་ཁ་དོག་འཁུ་ཙམ་དང་། ཚེ་འདིར་གསོན་པ་ལ་དོན་སྙིང་ཏིལ་ཙམ་མངའ་བ་ཁོ་མོའི་ལྷད་མེད་ཀྱི་བརྩེ་བ་འདིས་གནང་བ་ཡིན་པས། ཚེ་སྨད་ཅི་ནས་ཀྱང་ཁོ་མོར་མཉམ་འདུག་བྱ་དགོས་ལ། ད་ནི་ཕྱག་འཚལ་དགོས་ཀྱང་འཚལ་རན་རེད་སྙམ།

  “སྒྲོལ་བྷོ། ཁ་བྲོ། ད་ཁྱོད་སྤོ་མ་ལངས།”“ཁྱིམ་མི་གང་བོས་ཨུ་གཉིས་ཀྱི་གཉེན་དོན་ཆེད། ཟླ་ཕྱེད་རིང་རྒྱུ་ནོམ་པའི་ཕྱོགས་ནས། ཟས་ཟ་མའི་སྟེང་ལ། ཁ་བཀོད་པ་གང་ཡིན་ཡང་སྡུག་གང་མང་མྱོང་གི་ཡོད།” “ངེད་གཉིས་ཀྱི་དོན་དག་ཆུང་ཆུང་ཞིག་ལ་འཁོན་རེས་བྱས་ན་ག་ལ་འགྲིག” “ཁ་སང་ཨ་ཅེས་ཉིན་ལམ་རྟས་བཅད་དེ། འབྲོག་ས་ནས་འབུད་རྒྱུ་དྲུད་ཡོང་།” “ཕུ་བོས་ཆར་ཞོད་ཀྱི་ཉེན་ཁར་མ་འཛེམས་པར་གྲོང་རྡལ་ནས་ཤ་ཉོས།” “ཨ་ཕས་རྒྱུ་ནོར་ལ་སེར་སྣ་མ་བྱས་པར་ངེད་གཉིས་ཀར་ཁང་བ་གླས།” “ང་ནི་ཆུང་མགོ་ཡིན་པས་ནང་མིའི་གཅེས་མ་ཁེར་བོ་ཡིན། ད་འཐུང་རྒྱུ་ཉལ་རྒྱུ་ལས་ལས་ཀ་མེད་”ཅེས་བདེན་ཤག་ཤག་ངང་བཤད།

  ལྔ།

  “ཚེ་སྒྲོལ། ཐད་གཏོང་ལ་མ་བལྟ། ཐད་གཏོང་བ་ཚང་མ་ནི་འཁྱམ་པོ་ལྡོམ་པོ་དང་། ཕ་མའི་བླ་འཚོང་། ཁ་རྒྱལ་མགོ་རྒྱལ། མི་རིགས་ཀྱི་ཞབས་འདྲེན་ཏག་ཏག་རེད། དེ་རུ་མགོ་སྐོར་དང་བསླུ་བྲིད་གཏོང་མཁན་གྱི་ཞི་ལུ་མང་གི་”ཟེར། “ཨེ་གོ་ད། ནམ་ཡིན་ན་དུས་ཚོད་འཕྲོ་བརླག་གཏོང་བ་ལས། རྒྱ་ནང་དུ་ལས་ཀ་ཞིག་འཚོལ་དུ་སོང་”ཞེས་བཤད་ཀྱང་། ནམ་ནམ་ལ་རིག་ཚེའི་ཁར་རྒྱུགས་ཏེ། ཕ་ས་གསེར་འདྲ་བོ་སྐྱུར་ནས་ཆ་རྒྱུས་མེད་པའི་ཡུལ་མགོ་ལོག་ས་ཆར་བསླེབ་པ་ནི་གནམ་རྒན་མས་ཁོ་མོར་ཉེས་ཆད་བཅད་པ་ཡིན་ནམ། ལས་དབང་གིས་ཁོ་མོར་བསམ་ནག་བྱས་པ་ཡིན། ད་ནི་བཟང་ངན་གང་ཡིན་མི་ཤེས་ཀྱང་། སྟག་

  གི་རྔ་མ་འཛིན་མི་ཉན། བཟུང་བའི་ཉིན་མོ་གཏོང་མི་ཉན་སྙམ་བཞིན་ཨམ་གཙིགས་བསྡམས་ནས་བསྡད།

  ཚེ་སྒྲོལ་གྱི་སེམས་ལ་ང་གནས་འདིར་ཡོང་ནས་ལོ་ཕྱེད་འགོར་བའི་རིང་། རིག་ཚེ་ཚང་གི་སྟོང་ཟོག་ཟེར་བའི་འབྲོག་འཚེར་དང་། ཁྲི་ལུ་ཟེར་བའི་རྒྱུ་ནོམ། འབུ་ས་ཟེར་བའི་རྩྭ་ཐང་། ཤ་ཉེ་ཟེར་བའི་ནང་མི། ཚོ་བ་ཟེར་བའི་རུ་སྡེ། སྤུན་ཟླ་ཟེར་བའི་ཕུ་ནུ། ན་ཟླ་ཟེར་བའི་གྲོགས་པོ་སོགས་གཅིག་ཀྱང་མ་རིག ཚ་བོ་ཚ་མོ་ཟེར་བའི་ཐལ་མདོག་གི་བྱིས་པ་ཚོ་དང་། མ་འོངས་ཕུགས་བསམ་མེད་པའི་ན་གཞོན་འགའ་ཤས། འཚོ་བར་ཨ་ཐང་ཆད་པའི་རྒན་རྒོན་རེ་འགའ། དེ་དག་གི་ཚི་དྲེགས་ཆགས་པའི་གོན་པ་དང་ཟང་ཟིང་གཟེངས་པའི་སྐྲ་ལོ། སྐྱ་ཐག་ཆད་པའི་ངོ་གདོང་། སྐེམ་ཞིང་རིད་པའི་ཕུང་བོ་རིག་ན། ཐབས་ཆག་འཚོ་བ་ཞིག་གི་སྣང་བརྙན་དངོས་སུ་མཐོང་ཐུབ།

  རིག་ཚེ་མ་གཞི་ནས་སྒོ་ན་རྒྱུ་མེད། ནང་ན་ཟས་མེད། གཅིག་ཡོད་པ་རོ་ཐོའི་འོག་གི་རྟ་མཇེ་འདྲ་བོ་དེ་མ་གཏོགས། བུད་མེད་ཞིག་འགུག་ནུས་པའི་འཇོན་ཐང་ཉག་ཙམ་མེད་པ་ཁོ་ཐག་རེད། ཚུལ་འཆོས་མཁན་འདིའི་གཡོ་འོག་ཏུ་ཚུད་སོང་སྙམ་བཞིན་རང་དབང་མེད་པར་བྱམས་བརྩེ་ལྡན་པའི་ཨ་མ་དང་ཕུ་ནུ་མིང་སྲིང་དྲན་པར་བྱེད་ལ། དྲོ་འཁོལ་འཛོམས་པའི་ཁྱིམ་གཞིས་དང་ཕ་ཡུལ་གྱི་འཚོ་བ་དྲན་ཏེ། མིག་ཆུ་རང་དབང་མེད་པར་མཁུར་མགོ་ནས་ཉིལ།

  རིག་ཚེས་ཤ་རྡོག་དེ་ཐང་ནས་ལེན་ཞོར། ཁོ་མོའི་ལག་པ་ནས་འཐེན་ཏེ། “ཅི་ཡང་ལས་མི་དགོས། ང་ཡོད་ས་ན་ཁྱེད་ཉིད་སྐྱིད་རྒྱག་རྒྱུ་ལས་སྡུག་འདག་དགོས་མེད།” “གཉེན་སྒྲིག་རྗེས་ཡོང་སྒོ་ཚང་མས་ངས་ཁྱེད་ལ་ཟ་ཁང་ཞིག་འབྱེད།” “ན་ནིང་དབྱར་རྩྭ་བཙོང་བའི་སྒོར་ཁྲི་འགའ་ལྷག་ལག་ལ་འཕྲོད་མེད་པས། དོན་དེ་འགྲུབ་ན་ངས་ཁྱེད་ཀྱི་ཨ་ཅེ་ཡོད་ས་ནས་ཐོག་ཁང་ཞིག་ཉོ།” “དགུན་ཁ་འདི་ན་ཚོང་མེད་པས་ཁྱེད་ཀྱི་ཕ་ཡུལ་ནས་སྐོར་བ་རེ་བྱ།” “དབྱར་ཁ་འབུ་ས་དྲིན་ཅན་པོའི་དོན་དུ་འདི་ནས་ཚོང་བརྒྱབ་ན།ལོ་རེར་ཁྲི་ལུ་འགའ་སྣང་དག་ཡོད་པ་མ་རེད།དེ་སྔ་ངས་ཁྱོད་དང་ཁྱོད་ཀྱི་ཨ་ཅེར་ཁས་བླངས་ཡོད།” “ལྷ་སའི་ཇོའི་མཇལ། ང་སྐྱེས་པ་ཕོ་ཞིག་རེད་ལ། ཕོ་རབ་ཚིག་ཐོག འཕར་བ་རྗེས་ཐོག་ཡིན་”ཞེས་མ་འོངས་པར་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས་ཆུ་བཞུར་བཞུར་གླེང་གི་འདུག

  ཚེ་སྒྲོལ་གྱི་བསམ་པར། ལོ་བཅོ་བརྒྱད་རིང་སྡུག་དག་པའི་མཐའ་མར། གནས་ཚང་ནས་སྐར་ལུ་གང་ཡང་མ་བྱིན་པར་གནས་ཕུད་བཏང་བ་རེད། ད་ནི་ལོ་ཉི་ཤུར་བསླེབ་ལ་ཉེ་བའི་བུ་ཕྲུག་གཉིས་ལ་ཡང་བལྟ་བའི་དབང་ཆ་མེད་པར། ཁེར་རྐྱང་ངང་བསྡད་དེ་ལོ་ངོ་ལྔ་ལྷག་འགོར་སོང་། རང་ལ་རྒྱུ་ནོམ་པ་མེད། ཡག་མོ་སྒོ་མེད། བྱིས་པ་སྐྱེ་མི་ཐུབ་ཡང་། དང་ལེན་བྱས་ཏེ་གཉེན་སྒྲིག་འདོད་པའི་སྐྱེས་པ་ཞིག་རྙེད་པ་ནི་དགའ་འོས་པའི་དོན་བཟང་རེད། ཁོང་གི་བཤད་པ་ལྟར་ལས་བསམ་སར་སོང་ན། ཨ་མས་འཆད་པ་ནང་བཞིན་སྡེ་ཚོ་བ་མ་ཟད། ནང་ཉེ་མི། བུ་བུས་ཕྲུག་གི་སྔུན་ན་ཁ་ལ་རྒྱ་ཞིག་ལོས་ཡོད་སྙམ་ནས། རང་སེམས་རང་གིས་གསོས་ནས་མུན་པས་གཡོགས་པའི་འབྱུང་འགྱུར་གྱི་འཚོ་བར་འོད་སྣང་ཅུང་ཙམ་འཆར་བར་གྱུར།

  ཁོ་མོ་དང་རིག་ཚེས་སྒྱིད་ལུག་གི་གོམ་པ་རེ་སྤོས་ནས། ལྡུམ་བུས་གང་བའི་སྲང་ལམ་གྱི་རྡོ་གཅལ་འབར་འབུར་བརྒྱུད་དེ་སོང་། ཁོ་མོའི་སྣང་ངོར། རང་ལ་སྙིང་ཉེ་ཉེ་བྱེད་པའི་སྐྱེས་པ་འདི་དང་། མདོག་ཤོར་བའི་གཞིས་ཁུལ་འདི་ནི། སྒྱུ་མ་མཁན་ཞིག་གིས་རྫུ་འཕྲུལ་ལ་བརྟེན་ནས་སྐད་ཅིག་ཉིད་ལ་རང་ཉིད་ཀྱི་ཆེད་དུ་བསྐྲུན་པ་ཞིག་སྟེ། གྲལ་འགྲིག་པའི་ཁང་ལེབ་དང་། ཤི་མ་གསོན་གྱི་སྐྱེད་ཚལ། ཤར་རེ་བཏང་བའི་མོ་ཊ། འདུར་རྒྱུག་བྲེལ་བའི་ཁྱི་ལྡོམ། ལུད་རྫིང་འབྱར་བའི་ལ་ལོ། གྲོང་མདུན་གྱི་གྲྭ་བ་གྱོལ་ལྡིང་ལས་མེད་པའི་རྙིང་མ་དགོན་བཅས་ནི། འདི་གའི་མི་རྣམས་ཀྱི་འཚོ་རྟེན་དང་འདི་ཕྱིའི་སྐྱབས་གནས་བཅོལ་ས་ཡིན་མོད། ཁོ་མོའི་འཚོ་བ་དང་ཡུག་གཅིག་ཏུ་སྦྱར་ཐབས་ཡེ་ནས་མེད།

  ནང་སེམས་སུ་གླེང་རིན་སྤུ་ཙམ་མེད་པའི་རི་གྲོང་འདིའི་ལྷིང་འཇགས་ཀྱིས་ཁོ་མོ་མུ་མེད་ཐང་སྟོང་ཞིག་ན་ཁེར་རྐྱང་ངང་ལུས་པའི་སྣང་བ་ཞིག་རྒྱུ་བར་བྱེད་ལ། ཟ་ཁང་སྦྱིན་བདག་མ་དེས། བྱེས་ཡུལ་འགྲིམས་པའི་ཁོ་མོ་ནི་མནའ་མ་ཞིག་ཡིན་པར་གསལ་འདེབས་ཡང་ཡང་བྱེད།

  སྦྱིན་བདག་མ་དེ་ལོ་ལྔ་བཅུར་སོན་པའི་ཨ་ཡེས་ཚི་སྟུག་ཞིག་ཡིན་ལ། སྨི་རྒྱ་དཔངས་གྲུ་བཞི་ཉི་ཤུ་ལས་མེད་པའི་ཁང་མིག་འདིའི་ནང་། ལྕགས་ཐབ་དང་། ཟས་ཅོག ཐབ་ཚང་། ལག་སྣོད། ཉལ་ས་སོགས་འདི་དང་འདི། གན་དང་གན་ཟེར་བའི་དབྱེ་བ་མེད་ཁར། སྔོ་ཚལ་དང་ལྡུམ་བུ་རུལ་བའི་དྲི་མ་ཞིག་མཁའ་དབུགས་གང་བོར་ཁྱབ་པས་ཟ་མར་ཡུ་ག་མེད་པའི་སྣང་བ་ཞིག་སྟེར། ཁོ་མོའི་ལྡོར་ཐུག་གི་བྲོ་བ་ནི་དེ་ལས་ལྡོག་སྟེ་ཧ་ཅང་ཞིམ། འོན་ཀྱང་དོགས་མི་བདེ་བ་ཞིག་ལ། ཨ་ཡེས་དེས་ཚེ་སྒྲོལ་ཡོང་ཐེངས་རེར། “ཨ་མའི་བུ་མོ། འདི་མོ་ཡག་མ་སྙིང་རྗེ་ཞིག ས་ཐག་རིང་འདི་མོར་ཡོང་ནས་སྙིང་མ་རྗེ།” “རིག་བྷ། ལོ་སོ་དགུའི་སྣེ་མོ་ཟིན་དུས་མནའ་མ་ཞིག་རྙེད་པ་ལས་བཟང་གི། རོང་མོ་ཞིག་ལས་འདི་ན་ཁྱེད་ཚང་ལ་མནའ་མ་ཞིག་ཡོད་སྲིད་དམ།” སྤྱིར་བོད་ཀྱི་གཏམ་དཔེ་ལ་“ཕ་སེམས་བུ་དང་བུ་སེམས་རྡོ་”ཟེར་མོད། “ཕྱོགས་གང་ནས་བལྟས་ན། ཁྱེད་ཀྱི་ཕ་རྒན་ལས་ཅན་རེད། ད་ཐེངས་ཁོང་གིས་ཁྱེད་ལ་ཁྱིམ་ཚང་ཞིག་བཅའ་སྲིད་ན།ད་ཁྱེད་རང་སྤྲང་གོག་ཏུ་འགྲོ་དགོས་པ་མ་རེད་གདའ་”ཟེར།

  རིག་ཚེས་ཚེ་སྒྲོལ་ལ་འཛུམ་ཙམ་བསྟན་ནས། “སྡུག་རོ་མ། སུན་གི ཡ། ངའི་ཁྱིམ་ཚང་གི་དོན་དག་ཁོ་མོར་བབས་ཡོད་ག རེམ་མར་འཐུང་། ཧོན་ལོག་མ་གན་”ཞེས་ཤབ་ཤུབ་ངང་དམོད་ཞོར། ནངས་དུས་ཕ་རྒན་ལས་བསླངས་པའི། ལྟེབས་འཆག་མི་འགྲིག་པའི་སྒོར་སིལ་མ་རེ་འགའ་གློ་ཁུག་གོང་འོག་ནས་ལེན་པར་བྱེད།

  དྲུག

  ཁོ་དང་ཁོ་མོའི་གཉེན་སྟོན་ལ། ཁོང་གིས་བཤད་པའི་འགྲུལ་བ་སུམ་བརྒྱ་ལྷག་ཅིག་གང་ན། ཐ་ན་དེའི་ཕྱེད་ཀ་ཙམ་ལས་མེད་ལ། ཁོ་མོ་དང་རིག་ཚེ་ལ་མག་གསར་བག་གསར་གྱི་འགྲོ་ལུགས་ཅི་ཡང་མེད། མགྲོན་པོ་ཚོ་ནི་དེ་ལས་ལྡབ་འགྱུར་གྱིས་སྟོན་མོའི་སྣང་བ་མེད་པར། རྟེན་འབྲེལ་གྱི་ཁ་གཡང་བརྗོད་མཁན་ཡང་ཉུང་ཉུང་རེད། ཁོ་དང་རིག་ཚེས་བོད་ལྭ་སོ་མ་ཞིག་གོན་ཡོད་པ་མ་གཏོགས། མགྲོན་པོར་སྣེ་ལེན་བྱེད་མཁན་གྱི་ཇ་མ་ལྟ་བུར་སྣང་། དེ་དག་ནི་ཁོང་གི་ཕ་རྒན་གྱི་བཀོད་སྒྲིག་ཡིན་ལ། མགྲོན་ཤོག་སྟེར་བར་ཡང་རྒྱུན་པར་ཁོང་དང་ཁ་རྩོད་ཤོར་གི་ཡོད།

  རྟགས་སྟོན་མོར་ཤ་ཆང་མི་འགྲོ་བར་དཀར་ཟས་ཁོ་ནར་རོལ་ཚུལ་ནི། རང་ཡུལ་གྱི་གཉེན་སྟོན་རྒྱས་སྤྲས་དེ་དག་དང་བསྡུར་ཐབས་ཡེ་ནས་མེད་ལ། ཐ་ན་སྡེ་གཅིག་གི་སྙུང་གནས་ལ་ཡང་མི་དོ་བར། བྲེལ་བྲེལ་ཟང་ཟིང་གི་ཉིན་གཅིག་གི་གཉེན་སྟོན་དཀྱུས་མ་དེ་ལྟར་མཇུག་སྒྲིལ།

  དགོང་མོ་དེར། རིག་ཚེའི་ཨ་ཕ་དང་ཕུ་བོ། ཨ་ཅེ་ཡིན་ཟེར་བའི་ཁྱིམ་མི་ཚོ་ལྷན་དུ་འཛོམས། རིག་ཚེའི་ཨ་ཕས་རྩིས་ཐོ་ཙམ་ཡང་མི་སྟོན་པར་བཤད་དོན། “མནའ་མ། དེ་རིང་གཉེན་སྒྲིག་གི་ཡོང་སྒོ་ཚང་མ་སྒོར་ཁྲི་བཅུ་ལྷག་ཡོད།” “ཡོང་སྒོ་འདིས་ཁྱེད་གཉིས་ལ་ཟ་ཁང་ཞིག་ཕྱེ། ཁང་བ་ཞིག་ཉོ་རྒྱུའི་འཆར་གཞི་ཡོད་མོད། ཞི་ལུ་ཐ་ཆད་འདིས་དེ་སྔ་རྒྱན་བཞག་ནས་སྒོར་ཁྲི་ཉི་ཤུ་ལྷག་དོམ་ཡོད།” “འདི་དག་མ་འཇལ་ན་ནམ་ཡང་ཁྱེད་གཉིས་ཀའི་དོམ་རེད།” “ད་ཞིབ་འདང་རེ་རྒྱབ་ན། མ་བྱིན་ཐབས་མེད་ཀྱི་དོམ་དག་འཇལ་ན་ལུས་ཡོད་ནོ་སྒོར་སྟོང་དྲུག་ལྷག་ཙམ་ལས་མེད།” “འདི་ཁྱེད་ཀྱིས་བདག་དོམ་བྱོས། དེ་མིན་གཞན་པ་དོམ་ས་རྒྱབ་ཚར་”ཟེར།

  “ག་ལ། ངས་མི་འཛིན། ངས་མི་འཛིན་”ཞེས་ངོ་མདངས་སྐྱ་ཐག་ཆོད་པའི་ཚེ་སྒྲོལ་ཕྱིར་བཀྱེད། ཁོ་མོའི་ནང་སེམས་སུ། ད་ནི་མགོ་སྐོར་ཐེབས་ཚར་ཟིན་པས། ཅིས་ཀྱང་ཕ་ཡུལ་དུ་ལོག་འགྲོ་བ་ལས། ཁ་བཤད་དོན་ལ་མི་གནས་ཤིང་། རང་གི་བུ་ཁྱི་སར་ཡང་མི་འཇོག་པའི་གནས་འདི་ནས་ང་རང་འཚོ་བ་རོལ་ཐབས་ག་ལ་ཡོད། བསླུ་བྲིད་ཀྱི་སྒོར་མོ་དེས་ངས་སྐྱག་པ་ཟའམ། གཟིག་ལྤགས་བཀབ་པའི་བོང་རྒན་འདྲ་བོ། དེ་རིང་མི་སྡུག་པའི་རང་མཚང་ངོ་མ་ལྷང་ལ་བུད་པས། བུའི་བརྩེ་བ་བསླུ་བྲིད་ལ་བརྗེ་ཐུབ་པ་འདི་ཇི་འདྲའི་ཨ་ཅང་ཅང་སྙམ་བཞིན། ལུས་པོ་འཁྱག་རེངས་སུ་ཐེབས་པ་ལྟར་འདར་སིག་སིག་བྱེད།

  རྒན་པོས་ཅི་མི་སྙམ་པར་ཨོག་ཚར་དཀར་བོ་བྱིལ་བྱིལ་བྱ་བཞིན་“དེ་ན་ངས་བདག་བྱེད། མཁོ་དུས་ཤོད་ཨ་”ཟེར།

  ཨ་ཅེ་ཟེར་བ་དེས་སྐད་དབྱངས་ལ་བཀུག་ནས། “ཨ་ཅེ་སྲུ་མོ། དེ་ན་ཁྱེད་གཉིས་ཀ་ནམ་ལས་ཀར་འགྲོ་རྒྱུ།” “ཨ་”ཞེས་ལན་མ་ལྡོག་གོང་། “འོ་རེད་ཡ། རིག་ཚེར་ཆང་འཐུང་གི་མ་འཇུག ཨ་ལགས་འབའ་ཚང་གིས་གསུང་ན། ཁོའི་སྲོག་ལ་ཉེན་ཁ་ཡོད་”ཟེར།

  “ཨོ། ཁོང་གི་ཁ་ངས་འགོག་ཐུབ་བམ་”ཞེས་པའི་ཚེ་སྒྲོལ་གྱི་ངག་ལན་མ་གོ་བར། ཕུ་བོ་མགོ་སུག་དེས་མིག་རིག་རིག་གིས་ཡར་ལྟ་མར་ལྟ་ཞིག་བྱས་ཏེ། “ལྷ་སའི་ཇོ་བོ་ཐོད་པ་གཏུག་རྒྱུ་བོ། ཨ་ཕ། རྒྱ་ཁང་འདི་ངེད་བཟའ་མི་གང་བོར་བཞེངས་བཞག་”ཟེར།

  རིག་ཚེའི་བསམ་པར་ཨ་ཕ་ཁ་བཤད་དོན་ལ་མི་གནས་པ་ཐེངས་གཅིག་ག་ལ་ཡིན། མ་གཞི་ང་ལ་ཁྱིམ་ཚང་ཞིག་བཅའ་འདང་ཡེ་ནས་མེད་པར། ཐོག་མ་ཉིད་ནས་གཡོ་ཐབས་བཀོལ་དོན་ཡོང་སྒོ་བཙལ་ཆེད་རེད། ཐོག་དང་བོར་ཨ་ཕར་ “དགེ་བཅུའི་ཁྲིམས་ལ་ཞུགས་མི་ཉན།” “རྒྱུ་བཙོང་མི་ཆོག སྐམས་བཤའ་མི་རུང་ན།” “ཕྱུགས་ལ་བརྟེན་པའི་འབྲོག་པས་འཚོ་བ་ཇི་ལྟར་རོལ་ལམ”ཞེས་ཞུ་བ་བྱ་སྐབས། མཇུག་འབྲས་འདི་མ་བསམ་པ་ཡིན་ནམ། ད་ནི་མནའ་མ་ཐེངས་བཅུ་བླངས་ཀྱང་ངའི་དོམ་ནི་སོད་ཐབས་ཡོད་པ་མ་རེད། མནའ་མ་རེ་རེ་ནི་ཁོང་གི་ཡོང་སྒོ་བཙལ་བའི་ཐབས་ལམ་རེད་ལ་སྙམ་བཞིན། ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཀྱང་གནོན་ཅི་ཐུབ་ཀྱིས་ངག་སྒོ་བཅད་དེ་ལུས་འདུག དེ་ནི་ཁོ་རང་ཨ་ཕར་སྐྲག་པ་མ་ཡིན་ཏེ། ཚེ་སྒྲོལ་གྱི་སྔུན་ནས་ཕ་བུ་འཁོན་རེས་བྱེད་པའི་རང་མཚང་དེ་དམར་རྗེན་དུ་སྟོན་མ་འདོད་པས་རེད།

  ཚེ་སྒྲོལ་གྱིས་གཞི་ནས་ཡུལ་འདིའི་འབྲོག་པ་རྣམས་སྤྲང་གོག་ཏུ་གྱུར་བའི་ཡང་སྙིང་རྟོགས་ཤིང་། མ་གཞི་ཕྱུགས་ལ་བརྟེན་པའི་འབྲོག་པ་ཚོས་ཤ་མི་ཟ། སྲོག་མི་གཅོད། རྒྱུ་མི་བཙོང་བར་སེར་མོ་བའི་འཚོ་བ་རོལ་དགོས་ཚེ། ཁྱིམ་གཞི་སྐྱོང་བར་ཐབས་འདི་ལས་མེད་པ་རྟོགས།

  ཞག་མ་དེར། ཁོ་མོ་གཉིད་ཡེ་ནས་མ་ཁུག རིག་ཚེའི་ཁ་པར་གྱི་སིང་སྒྲ་ཡང་མཚམས་མ་ཆད།

                                     ༢༠༢༣ལོའི་ཟླ༡༡པའི་ཚེས༥ཉིན་བྲིས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕ་ཁྲམ་པ་དང་བུ་དོམ་པ།

2025-02-25 བཞོ་ཟེའུ།(བླ་བྲང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།