དྲིན་གཟོ།

གནམ་ས་འདིའི་ཕ་རོལ་ན་ཅི་ཞིག་ཡོད
ཉི་ཟླ་ཟུང་གི་ཕ་རོལ་ན་ད་དུང་གཞན་ཅི་ཞིག་ཡོད
སེམས་པ་མེ་ལྟར་འབར་ནས
རི་རབ་དང་རྒྱ་མཚོ་ཡང་བསྲེགས་སོང

ལྐོག་གྱུར་གྱི་སྟོན་ཁ་དེ་ཁ་ཐག་རིང་ངོ
རང་ཉིད་ཀྱིས་ལམ་བུ་ཞིག་བཙལ་བའང་ད་དུང་རྙེད་མ་སོང
འཁྲུལ་སྣང་གི་གཤོག་འོག་ནས
ངས   ངའི་མི་དམངས་ཀྱི་རེ་བཅོལ་འཁུར་ནས
དཀའ་ཁག་གི་ལོ་ཟླ་ག་ཚོད་འགོར་ཡོད་ཨང

སེམས་འཕང་གྱེན་ལ་བསྟད་དེ
ཨམ་གཙིག་དམ་དུ་བསྡམས་ནས
གདོང་མཆོང་གི་རལ་གྲི་གང་སར་གཡུགས་དུས
ཐོབ་ཤོར་ཡོད་ཚད་རང་ཉིད་ལ་བཞག་ཅིང
རྒྱལ་ཕམ་ཅི་བྱུང་སྙིང་སྟོབས་ལ་བསྟིམས་ཡོད

འཛུམ་མདངས་གཅིག་གི་རྒྱབ་ཏུ
འཇིགས་རུང་གི་ལྐོག་གཡོ་ཅི་ཙམ་སྦས་ཤིང
གོམ་སྟབསགཅིག་གི་འོག་ཏུ
གདུག་རྩུབ་ཀྱི་དམིགས་ཡུལ་གང་མང་གབ་སྟེ
རྨི་ལམ་གང་མང་སིལ་བུར་གཏོར་ནའང
ངའི་སྙིང་ཁམས་ཅུང་ཙམ་ཡང་འདར་བ་མ་བྱུང

ཐོབ་དང་རྒྱུ་ནོར
ད་དུང་མཚན་སྙན་དང་ཆོ་ལོ
མཇུག་མཐར་ང་རང་ཉིད་ལས་ཐར་དུས
འཇིག་རྟེན་ཅི་འདྲའི་རྒྱ་ཆེ་ཞིང
ངའི་མི་དམངས་ཅི་འདྲའི་སྙིང་དུ་སྡུག་ཨང

གནས་ལུགས་འཚོལ་རྒྱུ་དེ་དཀའ་སོང
གཞན་ངོ་བསྲུང་རྒྱུ་དེ་ཤིན་ཏུ་དཀའ་སོ

ཡིན་ནའང་དེ་ནི་ངའི་བཀག་རྒྱ་མིན
དེ་ནི་ངའི་ཁ་ཕྱོགས་ཀྱི་གདམས་ངག་ལགས་པས
ནད་དུག་དང་མཚོན་དུག
ཁ་དུག་དང་སེམས་དུག་གི་ན་བུན་ཀློང་ནས
དག་གཙང་གི   མཛེས་སྡུག་གི
ཁེར་རྐྱང་གི་མེ་ཏོག་རྐང་གཅིག་འཐུ་ནུས་ན
དེ་ནི་ངས་མི་དམངས་ལ་ཕུལ་བའི་དྲིན་གཟོ་དང
འཇིག་རྟེན་གཞན་ཞིག་གི་བློས་བསླངས་བྱེད་འདོད

གནམ་གྱི་ཕོ་རོལ་ན་གནམ་ཡོད་ཅིང
ཉི་ཟླའི་ཕ་རོལ་ན་ད་དུང་ཉི་ཟླ་ཡོད་ཨང
འཇིག་ངེས་ཤ་ཁྲག་གི་ཕུང་བོ་འདི
ཐུང་ཐུང་མི་ཚེ་གཅིག་གི་དུས་ཡུན་ནང
རང་ཉིད་ཆེས་སྤྲོ་བའི
འཇམ་མཉེན་གྱི་བྱ་གཞག་ཅིག་ལ་བསྟིམས་མ་ཐུབ་ན
དེ་ནི་ངའི་སྲིད་པ་ཧྲིལ་བོའི་སྡུག་བསྔལ་ལོ

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲིན་གཟོ།

2010-10-10 གངས་ཞུན། ཀློག་གྲངས། མཆན ཡོད།

གནམ་ས་འདིའི་ཕ་རོལ་ན་ཅི་ཞིག་ཡོད
ཉི་ཟླ་ཟུང་གི་ཕ་རོལ་ན་ད་དུང་གཞན་ཅི་ཞིག་ཡོད
སེམས་པ་མེ་ལྟར་འབར་ནས
རི་རབ་དང་རྒྱ་མཚོ་ཡང་བསྲེགས་སོང

ལྐོག་གྱུར་གྱི་སྟོན་ཁ་དེ་ཁ་ཐག་རིང་ངོ
རང་ཉིད་ཀྱིས་ལམ་བུ་ཞིག་བཙལ་བའང་ད་དུང་རྙེད་མ་སོང
འཁྲུལ་སྣང་གི་གཤོག་འོག་ནས
ངས   ངའི་མི་དམངས་ཀྱི་རེ་བཅོལ་འཁུར་ནས
དཀའ་ཁག་གི་ལོ་ཟླ་ག་ཚོད་འགོར་ཡོད་ཨང

སེམས་འཕང་གྱེན་ལ་བསྟད་དེ
ཨམ་གཙིག་དམ་དུ་བསྡམས་ནས
གདོང་མཆོང་གི་རལ་གྲི་གང་སར་གཡུགས་དུས
ཐོབ་ཤོར་ཡོད་ཚད་རང་ཉིད་ལ་བཞག་ཅིང
རྒྱལ་ཕམ་ཅི་བྱུང་སྙིང་སྟོབས་ལ་བསྟིམས་ཡོད

འཛུམ་མདངས་གཅིག་གི་རྒྱབ་ཏུ
འཇིགས་རུང་གི་ལྐོག་གཡོ་ཅི་ཙམ་སྦས་ཤིང
གོམ་སྟབསགཅིག་གི་འོག་ཏུ
གདུག་རྩུབ་ཀྱི་དམིགས་ཡུལ་གང་མང་གབ་སྟེ
རྨི་ལམ་གང་མང་སིལ་བུར་གཏོར་ནའང
ངའི་སྙིང་ཁམས་ཅུང་ཙམ་ཡང་འདར་བ་མ་བྱུང

ཐོབ་དང་རྒྱུ་ནོར
ད་དུང་མཚན་སྙན་དང་ཆོ་ལོ
མཇུག་མཐར་ང་རང་ཉིད་ལས་ཐར་དུས
འཇིག་རྟེན་ཅི་འདྲའི་རྒྱ་ཆེ་ཞིང
ངའི་མི་དམངས་ཅི་འདྲའི་སྙིང་དུ་སྡུག་ཨང

གནས་ལུགས་འཚོལ་རྒྱུ་དེ་དཀའ་སོང
གཞན་ངོ་བསྲུང་རྒྱུ་དེ་ཤིན་ཏུ་དཀའ་སོ

ཡིན་ནའང་དེ་ནི་ངའི་བཀག་རྒྱ་མིན
དེ་ནི་ངའི་ཁ་ཕྱོགས་ཀྱི་གདམས་ངག་ལགས་པས
ནད་དུག་དང་མཚོན་དུག
ཁ་དུག་དང་སེམས་དུག་གི་ན་བུན་ཀློང་ནས
དག་གཙང་གི   མཛེས་སྡུག་གི
ཁེར་རྐྱང་གི་མེ་ཏོག་རྐང་གཅིག་འཐུ་ནུས་ན
དེ་ནི་ངས་མི་དམངས་ལ་ཕུལ་བའི་དྲིན་གཟོ་དང
འཇིག་རྟེན་གཞན་ཞིག་གི་བློས་བསླངས་བྱེད་འདོད

གནམ་གྱི་ཕོ་རོལ་ན་གནམ་ཡོད་ཅིང
ཉི་ཟླའི་ཕ་རོལ་ན་ད་དུང་ཉི་ཟླ་ཡོད་ཨང
འཇིག་ངེས་ཤ་ཁྲག་གི་ཕུང་བོ་འདི
ཐུང་ཐུང་མི་ཚེ་གཅིག་གི་དུས་ཡུན་ནང
རང་ཉིད་ཆེས་སྤྲོ་བའི
འཇམ་མཉེན་གྱི་བྱ་གཞག་ཅིག་ལ་བསྟིམས་མ་ཐུབ་ན
དེ་ནི་ངའི་སྲིད་པ་ཧྲིལ་བོའི་སྡུག་བསྔལ་ལོ

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།