ང་ཚོ་ནམ་ཡང་ལམ་ཁ་གཅིག་ལ་འཛོམས་སྲིད་དམ།

བྲག་རྡོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-20
 
  དངོས་མིང་བཤད་པར་མི་ནུས་ལ་སེམས་ནས་བརྗེད་པར་མི་ནུས་པའི་བུ་མོ་ཁྱོད་ནམ་ཡང་ངའི་སེམས་ངོགས་ན་འོད་དུ་འཚེར་ཡོད།མི་ལོ་ཉི་ཤུ་ཐམ་པའི་འགྲུལ་བཞུད་ཀྱི་ཁྲོད་ནས་ཕྲད་པའི་ང་རང་ཆེས་དགའ་བའི་བུ་མོ་ཁྱོད་ནམ་ཡང་ངའི་སེམས་ཀྱི་དཀྱིལ་དབུས་སུ་ཉར་ཡོད།མདོར་ན་ང་ཁྱོད་དང་འཕྲད་པ་ནས་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུངས། མི་ལོ་གཅིག་དང་ཕྱེད་ཀ་འགོར་སོང་བའི་ལོ་ཟླ་དེ་དག་ནང་ལ་ངས་ཁྱོད་རང་གཏན་དུ་བརྗེད་མྱོང་མེད།བདེན་དབང་ནི་འདི་དང་གན་ཞེས་གཟུགས་ཅན་ཞིག་སྟོན་རྒྱུ་མེད་མོད།འོན་ཀྱང་ངས་རྒྱུན་དུ་ཁྱོད་ལ་བཤད་པའི་སྐད་ཆ་དག་གིས་མཚོན་ནུས་པའི། ངས་དེ་ལ་ཡང་བཤད་བསྐྱར་བཤད་ཀྱི་འགྲེལ་བ་རྒྱག་ག་ལ་དགོས་ཏེ་མི་དགོས།

  སྤྱིར་ང་རང་གི་འདོད་གཏམ་འདི་དག་བཤད་དེ་ཁྱོད་ལ་སུན་པོ་བཟོ་འདོད་རྩ་བ་ནས་མེད་མོད། འོན་ཀྱང་ཡ་ཁོག་ནས་གཟུགས་ཅན་གྱི་གང་ཟག་ཅིག་གིས་དེད་ནས་ཡོང་བ་དང་འདྲ་བའི་སྐད་ཆ་འདི་དག་མི་བཤད་པའི་རང་དབང་ཞིག་གང་ནས་ང་ལ་འདུག་ཨང་། གལ་ཏེ་འདི་དག་མི་བཤད་པའི་རང་དབང་ཞིག་ང་ལ་ཡོད་ན་ངས་ཁྱོད་ལ་སྐད་ཆ་འདི་དག་བཤད་དེ་ཁྱོད་ལ་སུན་པོ་བཟོ་བར་མི་བྱེད།འོན་ཏེ་ངའི་སྐད་ཆ་འདི་དག་མི་བཤད་པའི་རང་དབང་ཞིག་ང་རང་ལའང་གཞི་ནས་མི་འདུག འདི་ལྟར་བཤད་ཚེ་ཁྱོད་རང་དགོད་ཁ་ཤོར་ཏེ་མི་རློམ་པ་སྲིད། གང་ལྟར་སྐད་ཆ་འདི་དག་མ་བཤད་ཚེ་ང་རང་གཟུགས་ཅན་ཞིག་གིས་བཙིར་ནས་ཡོང་བ་དང་འདྲ་བའི་ཚོར་བ་ཞིག་གིས་ལུས་ཡོང་བསྟིམས་ཡོང་། ངའི་སྐད་ཆ་འདི་དག་གིས་ཁྱོད་ལ་སུན་པོ་མི་བཟོ་བའི་སྨོན་ལམ་ལན་དགུར་འདེབས་ལ། ཁྱོད་ཀྱི་སེམས་ངོགས་སུ་དྭངས་གཙང་གི་ཆུ་བོ་བཞིན་ལྷོད་ལྷོད་དང་བསིལ་བསིལ་དུ་འབབ་ཐུབ་པའི་སྨོན་ལམ་ཀྱང་ལན་དགུར་འདེབས། ཁྱོད་ལ་སུན་པོ་འདྲ་བཟོས་སོང་ཚེ་སེམས་གཏིང་ནས་ཁྱོད་ལ་དགོངས་དག་ཞུ།

  ཁྱོད་ཀྱིས་བཤད་པའི་སྐད་ཆ་དག་གིས་གུས་པོ་ཁོ་བོ་ལ་དངོས་ནས་བློ་བསྐྱེད་མི་དམན་པ་བྱིན་སོང་།གཟབ་ནན་ལྡན་པའི་ཁྱོད་ཀྱི་སྐད་ཆ་དེ་དག་གིས་གུས་པོ་ཁོ་བོ་ལ་གནས་ལུགས་མང་པོ་ཞིག་ངོ་སྤྲོད་གནང་སོང་། ཉམས་མྱོང་ལྡན་པའི་ཁྱོད་ཀྱི་སྐད་ཆ་དག་གིས་གུས་པོ་ཁོ་བོ་ལ་ཁ་ཕྱོགས་ཡང་དག་ཅིག་བསྟན་སོང་། མདོར་ན་ཁྱོད་ཀྱིས་བཤད་པའི་སྐད་ཆ་དག་ནི་གུས་པོ་ཁོ་བོ་ལ་མཚོན་ན་བསླབ་བྱ་རྐྱང་རྐྱང་ཡིན།གུས་པོ་ཁོ་བོས་ཁྱོད་ལ་དངོས་གནས་བཀའ་དྲིན་ཞུས་ན་འགྲིག་ལ། གུས་པོ་ཁོ་བོས་ཁྱོད་ལ་བཀའ་དྲིན་ཞུ་གིན་ཀྱང་ཡོད། ཁྱོད་ཀྱི་བཀའ་དྲིན་དག་མི་བརྗེད་ཅེས་རང་ཉིད་ཀྱིས་རང་ཉིད་ལ་དམ་བཅའ་བཞག་ཡོད།

  ངའི་སེམས་ཀྱི་སྐད་ཆ་འདི་དག་ཁྱོད་ལ་ཇི་ལྟར་བཤད་དགོས་པ་ང་ཁྱོན་ནས་རྨོངས་འདུག གང་ནས་མགོ་བརྩམས་ཏེ་བཤད་དགོས་པ་ཁོ་བོའི་ཤེས་ཀྱིན་མེད། གལ་ཏེ་དེ་ཤེས་ཚེ་ངའི་སེམས་ཀྱི་སྐད་ཆ་དག་ཁྱོད་ལ་ལོ་ཟླ་མང་པོ་ཞིག་ལ་བཤད་དགོས་ཀྱང་སྲིད། བཤད་ནས་མཐའ་མི་ཟིན་ཀྱང་སྲིད། གང་ལྟར་ཁྱོད་ལ་བརྗོད་འདོད་པའི་སྐད་ཆ་མོད་པོ་ཞིག་ངའི་སེམས་གཏིང་དུ་ལུས་ཡོད།སེམས་ནང་དུ་ལུས་ཏེ་ལོ་ཟླ་མང་པོ་ཞིག་འགོར་ཡོད། ཁྱོད་ཀྱིས་དེ་དག་ཤེས་སམ། ངའི་གློ་སྙིང་མཆིན་གསུམ་གྱི་དཀྱིལ་ན་ཡོད་པའི་བུ་མོ་ལགས།

    མི་ལོ་ཉི་ཤུའི་འགྲུལ་བཞུད་ཀྱི་ཁུགས་སོ་འདི་ནས་ཁྱོད་དང་འཕྲད་པ་ཁོ་བོ་དངོས་ནས་ཡིད་སེམས་ཀྱི་གཏིང་ནས་སྤྲོ་བོ་བྱུང་ཡོད། གཞན་ཁྱོད་ལ་བཤད་ཟིན་པའི་སྐད་ཆ་དག་ལབ་པ་ཁོ་བོ་ལར་ནས་ནོངས་འགྱོད་གང་ཡང་མེད་ལ།ཕྱིན་ཆད་ཀྱང་ནོངས་འགྱོད་གང་ཡང་མི་སྐྱེས་པ་རང་ཉིད་ལའང་གདེང་ཚོད་ཆེན་པོ་ཡོད་ལགས།དེ་བཞིན་དུ་ངས་ཁྱོད་ལ་བཤད་པའི་སྐད་ཆ་འགའ་ཤས་ལ་ཁྱོད་ཀྱིས་བརྩི་བཀུར་ཡོད་པའི་སྒོ་ནས་ཡིག་ལན་བྱིན་པ་ཁོ་བོ་སྤྲོ་ཡོད། བརྩི་བཀུར་ལྡན་པའི་ཁྱོད་ཀྱིས་ང་ལ་བཤད་པའི་སྐད་ཆ་དག་བསམ་ནས་ཡོང་ཚེ། གུས་པོ་ང་ལ་བསམ་གཞིག་གི་བར་སྟོང་ཡངས་པོ་ཞིག་སྤྲད།བསམ་གཞིག་གི་བར་སྟོང་ཡངས་པོ་དེ་ནས་ང་རང་གཤོག་ལྡན་གྱི་བྱེའུ་ཆུང་བཞིན་འཕུར་ཏེ་བསམ་གཞིག་གི་ཐང་ཆེན་དུ་ཉུལ།

  ཁྱོད་ཀྱི་སྐད་ཆ་དག་ལས་ཁ་སང་དེ་རིང་གི་བོད་ཀྱི་བུད་མེད་དག་གི་གནས་བབས་ཀྱི་ཟུར་ཅིག་མཐོང་།ཁྱོད་ཀྱི་སྐད་ཆ་དག་ལས་ཁ་སང་དེ་རིང་གི་བོད་ཀྱི་བུད་མེད་མེད་དག་འཚར་ལོངས་བྱུང་དང་འབྱུང་གིན་པ་མཐོང་།རང་ཉིད་ལ་རང་ཉིད་ཀྱི་སྒེར་ཚུགས་ལྡན་པའི་བསམ་ཕྱོགས་དང་དྲན་ཕྱོགས།ལངས་ཕྱོགས་སོགས་ཡོད་ཀྱིན་པ་འདི་མཐོང་མ་ཐག་གུས་པོ་ཁོ་བོ་དངོས་གནས་དགའ་བ་ཆེན་པོ་སྐྱེས་ཀྱིན་ཡོད་དེ། ཡུན་རིང་གི་དུས་ཚོད་ནང་རང་ཉིད་ལ་རང་ཉིད་ཀྱི་དྲན་ཕྱོགས་དང་བསམ་ཕྱོགས། ལངས་ཕྱོགས་སོགས་གང་ཡང་མེད་པར་གཞན་ནམ་ཕ་རོལ་པ་རྐྱང་རྐྱང་གི་རྗེས་སུ་འབྲངས་ཤིང་གཞན་གྱི་བསམ་ཕྱོགས་དང་དྲན་ཕྱོགས།ལངས་ཕྱོགས་སོགས་ལ་བསྟུན་ནས་ཡོང་བའི་ལོ་ཟླ་སྐྱོ་བོ་དེ་དྲན་ན་མི་བུ་མང་པོ་ཞིག་ལ་སྐྱོ་བ་སྐྱེས་ངེས། སྐྱོ་བ་མི་སྐྱེས་པའི་རང་དབང་ཀྱང་མི་འདུག ཡིན་ཡང་ཁ་སང་དེ་རིང་བོད་རིགས་བུད་མེད་དག་ལའང་རང་ཉིད་ཀྱི་དྲན་ཕྱོགས་དང་ལངས་ཕྱོགས་སོགས།རང་ཉིད་ལ་སྒེར་ཚུགས་ལྡན་པ་རེ་བྱུང་གིན་འདུག་པ་མཐོང་མ་ཐག་དགའ་སྤྲོ་མི་སྐྱེས་མཁན་སུ་ཞིག་ཡོད་ཨང་།དེ་དག་ཁྱོད་ཀྱིས་གུས་པོ་ཁོ་བོར་བཤད་པའི་སྐད་ཆ་དག་གི་མཚོན་ཏེ། ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དག་གིས་ང་ལ་གནས་ལུགས་དང་དོན་དག་མང་པོ་ཞིག་ངོ་སྤྲོད་གནང་སོང་ལ། རང་ཉིད་ཀྱི་དྲན་ཕྱོགས་དང་ལངས་ཕྱོགས་ཡོད་པའི་ཁྱོད་དང་ཁྱོད་འདྲའི་བོད་རིགས་བུད་མེད་ན་གཞོན་མང་པོ་ཞིག་འཚར་ལོངས་བྱུང་དང་འབྱུང་གིན་པ་མཐོང་མ་ཐག་ཁོ་བོ་དགའ་སྤྲོ་ཚད་མེད་སྐྱེས་ཀྱིན་ཡོད།ལྷག་ཏུ་འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་ཁྱོད་ཀྱིས་རང་ཉིད་ཀྱི་སྒེར་ཚུགས་ལྡན་པའི་བྱ་གཞག་མང་པོ་སྒྲུབ་ཏེ།བོད་ཀྱི་སྤྱི་ཚོགས་དང་ལྷག་ཏུ་བོད་རིགས་བུད་མེད་ཀྱི་སྡེ་ལ་སྒུལ་ཤུགས་མི་དམན་པ་རེ་སྟེར་ཐུབ་པ་ཁོ་བོ་གདེང་ཚོད་ཆེན་པོ་ཡོད།

  མི་འགྱངས་པར་འུ་ཅག་ཀྱང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་སུ་ཞུགས་དགོས། དེ་དུས་ཀྱང་ཁྱོད་སྔར་བཞིན་འདི་ལྟར་རང་ཉིད་ལ་རང་ཉིད་ཀྱི་སྒེར་ཚུགས་ལྡན་པའི་ངང་མུ་ནས་མུ་རུ་འགྲོ་བར་ཁོ་བོ་གདེང་ཚོད་ཆེན་པོ་ཡོད། དེ་དུས་རང་ཉིད་ལ་འོད་ཅི་ཙམ་ཡོད་ན།དེ་ཙམ་གྱིས་འཕྲོས་པར་གྱིས་དང་། རང་ཉིད་ཀྱི་འོད་དེ་ལྡོག་འཕྲོ་བྱས་ཏེ་ཕྱིར་རང་ཉིད་སྟེང་དུ་འཕྲོ་བ་ཆོས་ཉིད་ཅིག་ཏུ་གྲུབ་འདུག་མོད།འོན་ཀྱང་ཁྱོད་སྔར་བཞིན་བློ་མི་ཞུམ་པར་མདུན་དུ་བསྐྱོད་པ་ང་ལ་ཡིད་ཆེས་ཡོད། ཁྱོད་ཀྱི་འོད་དེའི་ཁྱོད་ལྟ་བུའི་མི་བུ་མང་པོ་བསྐྱེད་བསྲིང་བྱེད་ཐུབ་པའང་གུས་པོ་ལ་གདེང་ཚོད་ཡོད།

  ང་ཚོ་འདི་ལྟར་ལམ་ཁ་གཅིག་ལ་འཛོམས་ཏེ་ལམ་ཁ་གཅིག་ལ་བརྒྱུད་པའི་ལོ་ཟླ་འདི་དག་གི་ནང་དུ། གུས་པོ་ལ་བློ་བསྐྱེད་སྟེར་ནུས་པའི་སྐད་ཆ་མང་པོ་ཁྱོད་ཀྱིས་ང་ལ་ལབ། ཡང་ན་གུས་པོ་ཁོ་བོའི་སྐད་ཆ་འགའ་ཤས་ཀྱིས་ཁྱོད་ལ་བློ་བསྐྱེད་འདྲ་མིན་བྱིན་ཡོད་ཀྱང་སྲིད།གང་ལྟར་དཔུང་བ་མཉམ་གཤིབ་ཀྱི་ལོ་ཟླ་འདི་དག་གི་ནང་དུ། ངས་ཁྱོད་རང་གཏན་ནས་བརྗེད་མྱོང་མེད། མ་མཐའ་ཡང་ཁྱོད་ཀྱིས་འདི་དག་ཤེས་ཡོད་ན། ངའི་འདི་དག་རང་ཉིད་ཀྱི་བདེ་སྐྱིད་ཅིག་ཏུ་བསམ་ངེས་ཡིན།  སྐད་ཆ་ཚིག་གཅིག་གིས་མདོར་བསྡུས་ན་ང་ཚོ་ནམ་ཡང་ལམ་ཁ་གཅིག་ལ་འཛོམས་སྲིད་དམ།ཡང་ན་ང་ཚོ་ལམ་ཁ་གཅིག་ལ་འགྲོ་མཁན་ཡིན་ནམ།

 མཐར་འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་ཁྱོད་ཀྱི་ལུས་སེམས་ལ་ནག་ནོག་གི་དྲི་མའི་མི་བྱུག་པར། ལུས་སེམས་བདེ་ཐང་འབྱུང་བའི་སྨོན་ལམ་འདེབས། བཀྲ་ཤིས་བདེ་ལེགས།།

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་ནམ་ཡང་ལམ་ཁ་གཅིག་ལ་འཛོམས་སྲིད་དམ།

2014-11-20 བྲག་རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།