ང་ལ་ཟི་ལིང་ན་ངོ་ཤེས་མེད།

གཅན་རྣམ་ཐར།༼གཅན་ཚ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-08

  ཨ་སྔོན་དབྱིངས་མཐོང་བར་དཀའ་བའི་ཟི་ལིང་གི་གནམ་འོག་ན་ང་ནམ་ཡང་ཁེར་རྐྱང་གི་ལུས་ཡོད།  ཉི་མ་ཤར་བར་དཀའ་ཞིང་ཆར་བ་འབབ་པར་སླ་བའི་ཟི་ལིང་གི་ཁང་བརྩེགས་བར་ན་ང་ནམ་ཡང་བསམ་གཞིགས་ཁྲི་ཕྲག་གི་ཀློང་ན་བཟི་ཡོད། ངོ་ཤེས་རྣམས་མཐོང་དཀོན་ཞིང་རིགས་མཐུན་དབྱེ་བར་དཀའ་བའི་མི་ཚོགས་ཁྲི་འདུས་ཀྱི་ཁྲོད་ན་ང་ནམ་ཡང་གཞུང་དྲང་དང་་ཁེར་རྐྱང་ངང་འདུག་པར་གོམས་པའི་རྒྱལ་སྲས་རྣལ་མ་ཞིག་ཡིན་པར་རློམ་ཡོད། ངས་རང་གི་རིགས་མཐུན་གྱི་ཁྱུ་ཚོགས་རྣམས་ཟི་ལིང་གྲོང་ཁྱེར་གྱི་མི་གཙང་བའི་མཁའ་དབུགས་ཁྲོད་ན་ཡལ་བར་མཐོང་བའི་སྣང་བ་ཞིག་བཅོས་མིན་དུ་ཤར་བས་རང་ཉིད་ཀྱིས་རང་ཉིད་ལ་ལྡོག་འདྲི་དང་ཚ་འདྲི་ཡང་ཡང་བྱས།
  གནས་འདི་ནས་ཕ་ཡུལ་གྱི་ཨ་སྔོན་ཕྱོགས་སུ་ལྟ་ཐེངས་རེར། གནས་དེ་ན་འཁོར་བའི་ཞེན་ཐག་གིས་བཅིངས་པའི་ཡུལ་མི་ཚོའི་ངོ་གདོང་ཡང་ཡིད་ལ་ཡང་ཡང་ཤར་བས། བཟོད་ཐབས་བྲལ་བའི་ན་ཟུག་ཅིག་གིས་ང་འདང་རྒྱག་གི་མཚོ་མོའི་ཀློང་ལ་དབང་མེད་དུ་དྲངས་འགྲོ།  ཟི་ལིང་གྲོང་གི་བོད་མིའི་མི་གཤིས་དང་ཕ་ཡུལ་གྱི་ཡུལ་མིའི་གཤིས་ཀ་གཉིས་ཀྱང་འདྲ་མཚུངས་སུ་ཤར་བའི་གཟུགས་བརྙན་ཞིག་ཡིད་ལ་ཡང་ཡང་དུ་ཤར་འོངས་བས།  གཤིས་བཟང་གི་ལས་ལ་གོམས་ཤིང་།  བློ་རིག་བཀྲ་བ།  ཁ་སེམས་མཐུན་པ། གཡོ་སྒྱུ་དང་བྲལ་བ།  རྫུན་གཏམ་མགོ་སྐོར་ལ་མི་མོས་པ།  ཡ་རབས་སྲོལ་བཟང་རྒྱུད་ལ་འཇགས་པའི་ཡབ་མེས་ཤིག་གནའ་ནས་དགུང་དུ་གཤེགས་ཟིན་པ་ད་གཟོད་ཚོར་བས་སེམས་ཚེགས་ལྷག་མ་ཞིག་གི་སེམས་འགྱུ་ཡང་ཡང་རྒྱུད་ལ་སྐྱེས་འོང་།
  ང་ལ་ཟི་ལིང་ན་ངོ་ཤེས་མེད་པས་ང་ངོ་མ་མི་ལས་ཅན་ཞིག་རེད། རྒྱུ་མཚན་ནི་གནས་འདི་ནས་ལུང་སྟོང་ས་གཙང་གི་ཡུལ་ན་གནས་པའི་ཕ་མེས་ཚོའི་གཤིས་རྒྱུད་དང་།  གཞུང་བཟང་སྲོལ་བཟང་གི་གཤིས་ཀ་ཡུལ་ལ་སྒོམ་ཆོག་ཅིང་།  གཡོ་ཟོལ་བྲལ་བའི་མི་རིགས་ཤིག་གི་གཤིས་ལུགས་སེམས་ཀྱི་གཟི་བརྗིད་དུ་སྒོམ་ཆོག་ལ།  རང་ཉིད་ཀྱིས་རང་ཉིད་ཀྱི་སེམས་རྒྱུད་ལ་བྱབས་ཁྲུས་ཡང་ཡང་བརྒྱབ་སྟེ། རང་ཉིད་ཀྱི་སེམས་རྒྱུད་ན་ད་ལྟ་ད་དུང་ཡ་རབས་གཞུང་དྲང་གི་ཕ་མེས་གནང་བའི་གཤིས་ཀ་རྒྱུན་འཇགས་སུ་གནས་ཡོད་པས་ང་རྒྱལ་མགོ་འཕང་མཐོ་རུ་བཏེགས་ཆོག་ལ།  སུས་ཀྱང་གཡོ་སྒྱུ་ཡིས་ཁེངས་པའི་གནས་ལུགས་བརྒྱ་སྟོང་བཤད་ཀྱང་བདེན་དུ་མི་བརྩི་བའི་རྣམ་དཔྱོད་ཀྱི་བློ་སྤོབས་མངའ་སྲིད་པས་བྲང་ཁོག་ལྡིར་ནས་ནམ་ཡང་མདུན་དུ་བསྐྱོད་ཆོག་ཆོག་ཡིན་པས་སོ།།
  ལོ་རྒྱུས་དང་མི་གཤིས་ཡིས་ང་ཚོ་འདམ་རྫབ་དང་གད་སྙིགས་ཀྱི་ཀློང་དུ་ཁྲིད་ནའང་། ནམ་ཡང་བདེན་དྲང་ལ་དགའ་ཞིང་། ཁ་གསེག་དང་གཡོ་ཟོལ་བྲལ་བའི་གཤིས་ཀ་ཡོད་པའི་མི་བུ་དག་ནི་རང་ཉིད་ཀྱི་གྲོགས་སུ་སྒོམ་ན། ད་གཟོད་རང་ཉིད་ཁེར་རྐྱང་མིན་པ་དང་།  རང་ཉིད་ལ་སྡུག་བསྔལ་ཡོད་མི་སྲིད།  འུད་བསྟོད་ལ་དགའ་ཞིང་མགོ་སྐོར་མགོ་གཡོག་ལ་གོམས་པའི་ཝ་མོ་དང་།  སྤྱང་ཀིའི་རྣམ་ཤེས་ལུས་ལ་ཞུགས་ཡོད་པའི་ཚོགས་སྐོར་དང་རྒྱང་དུ་བཀྱེད་དེ།  ནམ་ཡང་ཁེར་རྐྱང་ལ་གོམས་ཤིང་།  བདེན་དྲང་དང་གཤིས་བཟང་གི་རྒྱ་མ་ཁ་རུ་ཁྱེར་བའི་ཁྱུ་ཚོགས་ལ་འགྲོགས་ན།  ད་གཟོད་ང་ལ་ཟི་ལིང་མཁར་ན་ངོ་ཤེས་མེད་ཀྱང་། རང་ཉིད་ཀྱི་གཤིས་རྒྱུད་དང་བློ་སེམས་མཐུན་པའི་གྲོགས་པོ་ཁྱུ་ཚོགས་ཤིག་ནམ་ཡང་རང་གི་ཉེ་འགྲམ་དང་ཁོར་ཡུག་ན་ཡོད་སྲིད་པའི་ངེས་ཤེས་དང་གདེང་ཚོད་ཡོད་པས། རང་ཉིད་ཁེར་རྐྱང་ལས་རིང་དུ་བྲལ་ཏེ་ཡ་རབས་སྲོལ་བཟང་གི་ལས་ལ་གོམས་ཤིང་། གཡོ་སྒྱུ་ཁ་གསེག་གི་འདམ་ལས་བྲལ་བའི་གྲོགས་པོ་དེ་དག་བཙལ་ཏེ། ཁ་སེམས་མཐུན་པའི་སེམས་གཏམ་གྱི་འཁོར་ལོ་བསྐོར་ན་རང་ཉིད་ནམ་ཡང་གཤིས་འཇམ་གཞུང་དྲང་གི་མི་བུ་རྣལ་མ་ཞིག་ཡིན་པར་རློམ་ཆོག་ཆོག་བྱས་ན་འགྲིག་པར་སྙམ་མོ།།

            (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་ཟི་ལིང་ན་ངོ་ཤེས་མེད།

2014-11-08 གཅན་རྣམ་ཐར།༼གཅན་ཚ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།