《རྟོག་ཞིབ་པ》ཞེས་པའི་ཟློས་གར་འཁྲབ་གཞུང་གི་ནང་དོན་ཉིང་བསྡུས་བོད་འགྱུར་མ།

ཟླ་ཚང་ཨོ་རྒྱན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-01-18

ཟློས་གར་འཁྲབ་གཞུང་འདིའི་ནང་དུས་རབས་བཅུ་དགུ་བར་ར་ཞེ་ཡ་ན་གྲོང་ཁྱེར་སུམ་ཅུ་ལྷག་ཡོད་པ་ལས། ཞིང་ཆེན་ཆུང་ངུའི་གྲོང་ཁྱེར་ཞིག་གི་འགོ་ཁྲིད་ནི་སློབ་གསོ་མ་མྱངས་པའི་རིག་གནས་མེད་མཁན་ཞིག་ཡིན་གཤིས། རང་ཉིད་ཕྱུག་པོར་འགྱུར་ཆེད་དབང་ཆ་བེད་སྤྱད་པའོ།།

འགོ་ཁྲིད་ཀྱིས་ཁྲིམས་ལུགས་ལ་བརྩི་འཇོག་མི་བྱེད་ཅིང་། ཁོ་ནི་ལྐོག་རྔན་ལེན་མཁན་དང་། རྒྱལ་ཁབ་ཀྱི་གཞུང་རྒྱུ་ལྐོག་ཟ་བྱེད་མཁན་ཞིག་ཡིན། གྲོང་ཁྱེར་གྱི་དཔོན་པོ་གཞན་དེ་དག་ཀྱང་ཁོ་ནང་བཞིན་ལྐོག་རྔན་ལེན་མཁན་དང་། རྒྱལ་ཁབ་ཀྱི་གཞུང་རྒྱུ་ལྐོག་ཟ་བྱེད་མཁན་གྱི་རིགས་སོ།། འོན་ཏེ་ཁྲིམས་དཔོན་གྱིས་ཁོ་རང་ཉིད་སྐྱེ་བོ་གཞུང་དྲང་ཞིག་ཏུ་འདོད་བཞིན་ཡོད་དེ། ཁོས་བདམས་པའི་ལྐོག་རྔན་དངུལ་མིན་པར་རི་དྭགས་རྔོན་བྱེད་ཀྱི་ཁྱི་ཡིན་པ་རེད། ཁོ་ནི་རྔོན་བྱེད་པར་ཤིན་ཏུ་དགའ། ཐེངས་ཤིག ཡིག་སྐྱེལ་བས་ཡིག་སྒམ་ཁ་ཕྱེས་ནས་འཕྲིན་ཡིག་ཡོད་ཚད་བཏོན་པ་ན། གྲོང་ཁྱེར་ནང་གི་ཡོད་ཚད་ཤིན་ཏུ་སྐྱོ་བོ་ཡོད་ཚུལ་ཐོན་འདུག་པ་རེད། དབུལ་བོ་ཕལ་ཆེ་བར་སྨན་བཅོས་བྱེད་ཀྱིན་མེད་པ་དང་། སྨན་པ་ནི་འཇར་མན་པ་ཡིན་པས་རོ་སིའི་སྐད་སྨྲ་བཞིན་མེད་པ། གྲོང་དམངས་ཀྱིས་སྲིད་དབང་ཆ་མེད་ཅིག་གི་འོག་ཏུ་དཀའ་སྡུག་མྱོང་གིན་ཡོད་ཚུལ་ཐོན་ལ། ཚོང་བྱེད་མཁན་རྣམས་གྲོང་ཁྱེར་གྱི་འགོ་ཁྲིད་ལ་མི་དགའ་བར་གྱུར་ཅིང་། དེ་ནི་འགོ་ཁྲིད་ཀྱིས་རྒྱུ་ནོར་འབོར་ཆེན་བླངས་པ་མ་ཟད། ཚོང་ཁང་དུ་དངོས་པོ་གང་འདེམས་རིན་པ་ཅི་ཡང་མི་སྤྲོད་པས་སོ།།

ཉིན་ཞིག་གི་ནངས་སྔ་མོར། འགོ་ཁྲིད་ཀྱིས་དཔོན་པོ་གཞན་ཚང་མ་བསྡུས་ཤིང་། དེ་ཚོར་འཕྲིན་ཡིག་འབྱོར་བའི་གནས་ཚུལ་དང་། དེ་ནས་པེ་ཐེར་བྷོར་གྷུ་ལས་ཁོ་ཚོའི་སར་ངེས་པར་སུ་ཡིན་མི་ཤེས་པའི་རྟོག་ཞིབ་པ་ཞིག་ཡོང་རྒྱུ་ཡིན་ཚུལ་བཤད་པས། དཔོན་པོ་ཚང་མ་རྟོག་ཞིབ་པ་དེར་སྐྲག་ཐག་ཆོད་པར་གྱུར། སྤྱིར་བཏང་སྔོན་ཆད་ནས་གྲོང་ཁྱེར་ནང་རྟོག་ཞིབ་པ་སུ་ཞིག་ཡོང་ན་ལྐོག་རྔན་བདམས་པ་ཡིན་མོད། གལ་སྲིད་རྟོག་ཞིབ་པ་གཞུང་དྲང་ཞིག་སླེབས་ཀྱིན་ཡོད་ཚེ། དཔོན་པོ་རྣམས་ཀྱིས་ལྐོག་རྔན་སྤྲོད་པའམ། ཡང་ན་འཛིན་བཟུང་བྱས་ཏེ་བཙོན་དུ་འཇུག་ངེས། དེའི་སྟབས་ཀྱིས་དོན་དག་འདིའི་སྟེང་དུ་དཔོན་པོ་ཚང་མས་ག་དུས་རྟོག་ཞིབ་པ་དེ་གྲོང་ཁྱེར་ནང་སླེབས་ན་མགོ་སྐོར་ཇི་ལྟར་གཏོང་རྒྱུར་ལབ་གླེང་བྱེད་ཀྱིན་འདུག

སྐབས་དེར་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་སར་གྲོང་དམངས་པེའོ་ཏར·ཨེ་བན་ནོ་བེ་ཆི·བྷོ་བྷི་ཆེན་ས་ཀེ་ཡེ·དང་། པེའོ་ཏར·ཨེ་བན་ནོ་བེ་ཆི·ངྷོ་བྷི་ཆེན་སི་ཀེ་ཡེ་གཉིས་སླེབས་ཤིང་། ཁོ་གཉིས་ཀས་རྟོག་ཞིབ་པ་སྔར་ནས་ཐོན་འདུག་ཚུལ་ཞུས། དེ་ཡང་བྷོ་བྷི་ཆེན་ས་ཀེ་ཡེ་དང་ངྷོ་བྟི་ཆེན་ས་ཀེ་ཡེ་གཉིས་ཀྱིས་མགྲོན་ཁང་གི་སྣེ་ལེན་ཁང་ཞིག་ཏུ་གཞོན་སྐྱེས་ཆ་མེད་ཅིག་མཐོང་བར་པེ་ཐེར་བྷོར་གྷུའི་ལྭ་བ་གྱོན་ཡོད་པ་རེད། གཞོན་སྐྱེས་འདི་ཉིད་སྣེ་ལེན་ཁང་དུ་ཡོང་སྟེ། མགྲོན་པོ་རྣམས་ཀྱིས་ཅི་ཞིག་ཟས་ཡོད་པར་བལྟས། བྷོ་བྷི་ཆེན་སི་ཀེ་ཡེ་དང་། ངྷོ་བྷི་ཆེན་སི་ཀེ་ཡེ་གཉིས་ཀྱིས་གཞོན་སྐྱེས་འདིའི་མིང་ལ་ཨེ་བན·ཨ་ལེ་ཁི་ཟན་ངྷི་ར་བེ་ཆི·ཧུ་ལེ་སི་ཏ་ཀོ་བུ་ཟེར་བ་དང་། ཁོ་རང་པེ་ཐེར་བྷོར་གྷུ་ལས་སླེབས་ཤིང་། མགྲོན་ཁང་དུ་གཟའ་འཁོར་གཉིས་ལ་བསྡད་ཅིང་། སྒོར་མོས་འདང་གིན་མེད་པ་ཤེས་པས། བྷོ་བྷི་ཆེན་སི་ཀེ་ཡེ་དང་ངྷོ་བྷི་ཆེན་སི་ཀེ་ཡེ་གཉིས་ཀྱིས་གཞོན་སྐྱེས་ཧུ་ལེ་སི་ཏ་ཀོ་བུ་རྟོག་ཞིབ་པར་ཡིད་ཆེས་པའོ།།

གྲོང་ཁྱེར་གྱི་འགོ་ཁྲིད་གཙོས་པའི་དཔོན་པོ་ཀུན་བྷོ་བྷི་ཆེན་སི་ཀེ་ཡེ་དང་། ངྷོ་བྷི་ཆེན་སི་ཀེ་ཡེ་གཉིས་ལ་ཡིད་ཆེས་ནས་རྟོག་ཞིབ་པར་འཇིགས་སྣང་སྐྱེས། དེ་ལྟར་ཁོ་ཚོ་སྐྲག་སྣང་ཆེན་ཆེན་པོ་ཞིག་སྐྱེས་ཤིང་། སྐབས་དེར་རྟོག་ཞིབ་པ་སྔར་ནས་གྲོང་ཁྱེར་ནང་གཟའ་འཁོར་གཉིས་ལ་བསྡད་པ་དེས། གྲོང་ཁྱེར་ནང་གི་དམངས་ཀྱི་འཚོ་བ་དེ་འདྲ་སྡུག་པོ་ཡིན་མིན་དང་། དཔོན་རིགས་རྣམས་དེ་འདྲའི་མི་བཙོག་ཡིན་མིན་རྒྱུས་ལོན་བྱེད་ཀྱིན་པར་སྙམ་སྟེ། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་མགྲོན་ཁང་ལ་འགྲོ་རྒྱུ་དང་། ཧུ་ལེ་སི་ཏ་ཀོ་བུ་དང་ངོ་ཤེས་བསྒྲིག་ནས་ལྐོག་རྔན་རྫོང་རྒྱུའི་ཐགས་བཅད།

འོན་ཏེ་ཨེ་བན·ཨ་ལེ་ཁི་ཟན་ངྷི་ར་བེ་ཆི·ཧུ་ལེ་སི་ཏ་ཀོ་བུ་ནི་རྟོག་ཞིབ་པ་མ་ཡིན་པར་ཞིང་བ་དཀྱུས་མ་ཞིག་གི་བུ་ཡིན་པ་རེད། པེ་ཐེར་བྷོར་གྷུ་རུ་དཔོན་པོ་ཆུང་ཆུང་ཞིག་བྱས་ཡོད་ཅིང་། ཁོ་ནི་མི་ལེ་ལོ་ཅན་དང་། བླུན་པོ། ལབ་རྒྱག་རྒྱུར་གོམས་ཡོད་པ་ཞིག་འདུག་ཅིང་། ཁོ་རང་བྱ་བ་སྒྲུབ་རྒྱུར་མི་དགའ་བར་རྩེད་མོ་དང་ཤོ་རྒྱག་རྒྱུར་སྤྲོ་བ་ཞིག་རེད་དེ། ག་དུས་ཡིན་ཙང་ཤོ་བརྒྱབ་སྟབས། ཕ་ལགས་ཀྱིས་ཁོ་རང་ཡུལ་ལ་ལོག་རྒྱུའི་རེ་བ་བཏོན་མོད། ཧུ་ལེ་སི་ཏ་ཀོ་བུ་སྡེ་ཁུལ་དུ་འདུག་འདོད་མེད་པར་པེ་ཐེར་བྷོར་གྷུ་རུ་འདུད་འདོད་ཆེ་བ་རེད། ཡུལ་ལ་ཡོང་བཞིན་པའི་ལམ་ཁར་ཧུ་ལེ་སི་ཏ་ཀོ་བུས་ཤོ་བརྒྱབ་སྟེ་དངུལ་ཡོད་ཚད་ཤོར་བས། ཁོས་ཕ་ལ་འཕྲིན་ཡིག་བྲིས་ཏེ་སྒོར་མོ་བསྐུར་ཡོང་རྒྱུའི་རེ་བ་ཞུས་ཤིང་དེ་ལ་སྒུག་པ་ནི། ཁོ་བོར་མགྲོན་ཁང་ལ་སྤྲོད་བྱའི་དངུལ་གྱིས་མ་འདང་བས་སོ།། ཁོས་མགྲོན་པོ་རྣམས་ཀྱིས་ཅི་ཞིག་ཟས་ཡོད་པར་བལྟས། དེ་ནི་ཁོ་རང་ལྟོགས་ཀྱིན་ཡོད་པས་རེད། མགྲོན་ཁང་གི་བདག་པོས་ཧུ་ལེ་སི་ཏ་ཀོ་བུ་ལ་བཤད་རྒྱུར། གལ་སྲིད་ཁོ་རང་ལ་སྒོར་མོས་མ་འདང་བ་ཡིན་ཚེ། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་འཛིན་བཟུང་བྱས་ནས་བཙོན་ཏུ་སྦྱོར་ངེས་པ་བཤད།

དུས་དེར། ཧུ་ལེ་སི་ཏ་ཀོ་བུས་ཁོ་རང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་མཐོང་ཨེ་འགྲོ་སྙམ་སྟེ་སྐྲག་སྣང་ཤོར་བ་ནི། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་པེ་ཐེར་བྷོར་གྷུ་ལས་འོངས་པའི་རྟོག་ཞིབ་པས་ཁོ་རང་འཛིན་བཟུང་བྱ་ངེས་འདོད་དེ་འཇིགས་སྣང་སྐྱེས་པ་དང་མཚུངས་ཤིང་། དེར་བརྟེན། འགོ་བརྩམས་པ་ནས་ཁོ་ཚོ་ཕན་རྒྱུན་ལ་རྒྱུས་ལོན་མེད་པ་རེད། དེ་ནས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁོ་རང་གིས་བྱ་བ་ཡག་པོར་སྒྲུབ་བཞིན་ཡོད་ཚུལ་བཤད་པ་ན། ཧུ་ལེ་སི་ཏ་ཀོ་བུས་སྐད་འབོད་བྱས་ཏེ། ཁོ་རང་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་མི་རུང་བ་བཤད་པ་ནི། ལྷག་ཏུ་ཁོ་རང་པེ་ཐེར་བྷོར་གྷུ་ལས་སླེབས་པའི་རྟོག་ཞིབ་པ་ཞིག་དང་ཇི་འདྲའི་མཚུངས་ཨང་། དེ་ནས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་བློ་རྩེ་གཅིག་ཏུ་གཏད་པའི་ཚེ། ཧུ་ལེ་སི་ཏ་ཀོ་བུས་དུས་ཚོད་རིང་མོ་ཞིག་ཏུ་ཁོ་རང་ལ་དངུལ་མེད་ཚུལ་བཤད་པས། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁོ་བོར་ལྐོག་རྔན་བརྫང་རྒྱུ་བྱས་ཤིང་། ལྐོག་དངུལ་མཁོ་འདོན་བྱས་པས། ཧུ་ལེ་སི་ཏ་ཀོ་བུས་སྤྲོ་བ་ཆེན་པོ་ཞིག་དང་བཅས་ལྐོག་དངུལ་བླངས་སྟབས། འགོ་ཁྲིད་ཀྱིས་རྟོག་ཞིབ་པ་འདི་ནི་རྟོག་ཞིབ་པ་གཞན་དང་འདྲ་བར་ལྐོག་རྔན་ལེན་མཁན་ཞིག་ཡིན་པ་ཐགས་བཅད་ཅིང་། སྐྲག་དགོས་དོན་གང་ཡང་མེད་པར་བསམ་ཡང་། ཧུ་ལེ་སི་ཏ་ཀོ་བུས་ཁོ་ཚོས་རང་ཉིད་རྟོག་ཞིབ་པར་ཡིད་ཆེས་བཞིན་པ་ཧ་མ་གོ་བར་གྲོང་ཁྱེར་གྱི་འགོ་ཁྲིད་ནི་མི་བཟང་བོ་ཞིག་ཡིན་པའི་གདེང་ཚོད་སྐྱེས།

ད་ནི་གྲོང་ཁྱེར་གྱི་འགོ་ཁྲིད་དང་། ཧུ་ལེ་སི་ཏ་ཀོ་བུ་གཉིས་ཀྱིས་གྲོགས་པོ་ནང་བཞིན་ལབ་གླེང་བྱས་ཤིང་། འགོ་ཁྲིད་ཀྱིས་ཧུ་ལེ་སི་ཏ་ཀོ་བུ་རང་ཁྱིམ་ལ་འཁྲིད་རྒྱུ་བྱས་སྟབས། ཁོ་རང་ཤིན་ཏུ་དགའ་སྟེ་གྲོང་ཁྱེར་གྱི་འགོ་ཁྲིད་ཚང་ལ་འགྲོ་བར་ཡིད་འཐད་བྱུང་བ་དང་། འགོ་ཁྲིད་ཀྱིས་ཁོ་ལ་གྲོང་ཁྱེར་དང་། ཁྲིམས་ཁང་། སྨན་ཁང་། གང་དུ་དྲོས་ཇ་ཡག་པོ་ཡོད་མེད་བཅས་བསྟནད་ཅིང་། ཧུ་ལེ་སི་ཏ་ཀོ་བུས་ཁོ་རང་ཧ་ལས་པའི་ཡིད་ཚིམས་པ་བཤད། དེ་ནི་གྲོང་ཁྱེར་གཞན་གང་དུའང་ཁོ་བོར་འདི་ལྟ་བུའི་སྣེ་ལེན་ཞིག་མ་བྱུང་བས་སོ།།

ཁྱིམ་ནང་དུ་ཧུ་ལེ་སི་ཏ་ཀོ་བུས་འགོ་ཁྲིད་ཀྱི་སྐུ་ལྕམ་དང་། སྲས་མོ་གཉིས་ངོ་ཤེས་པ་དང་། ཁོ་ཅག་ཧུ་ལེ་སི་ཏ་ཀོ་བུ་ལ་དགའ་བ་ཆེན་པོ་བྱུང་སྟེ། ཁོ་བོར་པེ་ཐེར་བྷོར་གྷུའི་སྐོར་དྲིས་པ་ན། ཧུ་ལེ་སི་ཏ་ཀོ་བུས་ལབ་རྒྱག་འགོ་བརྩམས་ཏེ། ཁོ་རང་གི་པེ་ཐེར་བྷོར་གྷུའི་འཚོ་བའི་སྐོར་གླེང་བསླངས་པར། ཁོ་ནི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ཉིན་རྒྱུན་གོང་མ་དང་མཇལ་འཕྲད་གནང་གིན་ཡོད་པ། ཁོ་བོར་པེ་ཐེར་བྷོར་གྷུ་རུ་ཁང་བ་ཆེན་པོ་ཞིག་ཡོད་པ། ཁོ་རང་སྐད་གྲགས་ཆེ་བའི་རྩོམ་པ་པོ་ཞིག་དང་། ཕོ་ཧྲི་ཀེན་གྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ཚུལ་སོགས་བཤད་པས། དཔོན་པོ་རྣམས་ཧུ་ལེ་སི་ཏ་ཀོ་བུ་ལ་ཡིད་རབ་ཏུ་ཆེས་ཏེ། འདི་ལྟ་བུའི་མི་སྣ་གལ་ཆེན་ཞིག་ལ་ད་དུང་ལྐོག་རྔན་དབུལ་དགོས་ཞེས་གྲོས་ཁ་འཆམ་པར་གྱུར།

དཔོན་པོ་རྣམས་རེ་རེ་བཞིན་ཧུ་ལེ་སི་ཏ་ཀོ་བུའི་སར་ཡོང་སྟེ། རང་གི་བྱ་བའི་ཐད་ནས་ཁ་བརྡ་བྱས། ཁོ་ཚོ་བྱ་བ་གཅིག་པུའི་སྟེང་ནས་རྟོག་ཞིབ་པར་སྐྲག་སྔངས་སྐྱེས་ཤིང་། འཕྲལ་མར་ལྐོག་རྔན་རྫོང་བརྩིས་བྱས། ཧུ་ལེ་སི་ཏ་ཀོ་བུས་དཔོན་པོ་རྣམས་ཅིའི་ཕྱིར་ཁོའི་སར་ཡོང་ནས་རང་གི་བྱ་བའི་སྐོར་ལབ་དོན་མ་ཤེས་པ་རེད། འོན་ཀྱང་རིམ་གྱིས་ཁོ་ཚོར་དངུལ་བསླང་ཆོག་པའི་གོ་བ་སྐྱེས་ཏེ། ཁོས་དཔོན་པོ་རྣམས་ལ་ཁོ་བོར་དངུལ་ག་ཚོད་དགོས་མིན་བཤད་པ་ལ། ཁོ་ཚོས་དགའ་སྣང་ཞིག་དང་འགྲོགས་ཏེ་དངུལ་བྱིན་འཕྲོར། དཔོན་པོ་རྣམས་བུད་སོང་བའི་མཇུག་ཏུ། ཧུ་ལེ་སི་ཏ་ཀོ་བུས་ཁོ་ཚོས་རང་ལ་མི་སྣ་གལ་ཆེན་ཞིག་གི་འདུ་ཤེས་འཛིན་གྱིན་ཡོད་པ་ཚོར་ཏེ། ཁོ་རང་གིས་ལུས་ལ་པེ་ཐེར་བྷོར་གྷུའི་ལྭ་བ་གྱོན་འདུག་པས་སོ།། ཧུ་ལེ་སི་ཏ་ཀོ་བུ་དཔོན་རིགས་བླུན་པོ་རྣམས་ཀྱི་སྟེང་ལ་དགོད་ཁ་ཤོར་བ་དང་། ཁོ་ཚོའི་ཐད་ཀྱི་འཕྲིན་ཡིག་ཅིག་རང་གི་གྲོགས་པོ་པེ་ཐེར་བྷོར་གྷུ་རུ་ཡོད་པའི་གསར་འགོད་པ་ལ་བྲིས། དེ་ནི་ཁོས་རང་གི་ཚགས་པར་སྟེང་ཞིང་ཆེན་གྱི་དཔོན་པོ་བླུན་ནག་ཚོའི་ཐད་ཀྱི་རྩོམ་ཡིག་ཅིག་དགོད་ཆེད་དོ།། ཧུ་ལེ་སི་ཏ་ཀོ་བུའི་གཡོག་པོ་ཨའོ་ཞེ་ཕུ་ཟེར་བ་དེས་ཁོ་བོར་མྱུར་མོར་གྲོང་ཁྱེར་དང་ཁ་འབྲལ་རྒྱུའི་རེ་བ་བཏོན་པ་ནི། ད་ལྟ་ཁོ་ལ་དངུལ་མང་བས་སོ།། ཧུ་ལེ་སི་ཏ་ཀོ་བུ་འཐད་པ་བྱུང་ཞིང་། ཨའོ་ཞེ་ཕུ་སྦྲགས་ཁང་ལ་བསྐྱོད་ནས་འཕྲིན་ཡིག་བསྐུར་འཕྲོར་ཞོན་རྟ་འཁྲིད་འོངས་པ་རེད།

སྐབས་འདིར་ཚོང་བ་རྣམས་རྟོག་ཞིབ་པའི་སར་འོངས་ཏེ་གྲོང་ཁྱེར་གྱི་འགོ་ཁྲིད་ལ་ལེ་བདའ་བྱས། ཁོ་ཚོས་ཀྱང་རྟོག་ཞིབ་པར་དངུལ་དང་། བཟའ་བའི་རིགས་ཀྱི་ལྐོག་རྔན་འཁྱེར་ཡོང་ཡོད་ཅིང་། ཧུ་ལེ་སི་ཏ་ཀོ་བུས་ཁོ་རང་གིས་ལྐོག་རྔན་མི་ལེན་པའི་སྐད་ཆ་བཤད་འགོ་བརྩམས་མོད། དེ་མུར་རྔན་པ་ཚང་མ་བླངས་པ་རེད། ད་ནི་ཧུ་ལེ་སི་ཏ་ཀོ་བུས་རྟོག་ཞིབ་པའི་སྣང་བརྙན་དངོས་འཁྲབ་བཞིན་ཡོད་པ་དང་། ཚོང་བ་ཚོར་གྲོང་ཁྱེར་གྱི་འགོ་ཁྲིད་ལ་ཐགས་གཅོད་ནན་མོ་བྱ་རྒྱུའི་ཁས་བླངས་སྟབས། ཚོང་བ་རྣམས་དགའ་བ་ཆེན་པོས་ཁེངས། དེ་ནས་གྲོང་དམངས་གཞན་རྣམས་ཀྱིས་ཀྱང་གྲོང་ཁྱེར་གྱི་འགོ་ཁྲིད་ལ་འཁང་ར་བྱས། འོན་ཀྱང་ཧུ་རེ་སི་ཏ་ཀོ་བུ་སྔར་ནས་རྟོག་ཞིབ་པའི་སྣང་བརྙན་འཁྲབ་རྒྱུར་ཐང་ཆད་ཡོད་ཕྱིར། ཁོ་ཚོའི་སྐད་ཆར་ཉན་འདོད་ཅི་ཡང་མ་བྱུང་།

ཧུ་ལེ་སི་ཏ་ཀོ་བུ་སྒུག་རྒྱུར་སུན་སྣང་གིས་ཁེངས། གནས་སྐབས་ཨོ་ཞེ་ཕུ་དང་ལམ་ཁར་ཐུགས་འཕྲད་བྱེད་ཀྱིན་ཡོད་ལ། དུས་ཚོད་འགའི་རིང་འགོ་ཁྲིད་ཀྱི་སྐུ་ལྕམ་དང་། སྲས་མོ་གཉིས་ཀྱི་གང་ལ་འགྲོགས་རྒྱུ་བློ་ཐག་མ་ཆོད་མོད། དེ་རྗེས་ཁོས་སྲས་མོ་ལོ་ན་ཆུང་བས་ཡག་པོར་མཐོང་ངོ་།། དེ་ནས་ཧུ་ལེ་སི་ཏ་ཀོ་བུས་འགོ་ཁྲིད་དང་ཁོའི་སྐུ་ལྕམ་ལ༼   ཁོ་བོས་སྲས་མོར་གཉེན་བསྒྲིག་འདོད ༽ ཅེས་བཤད་པས། འགོ་ཁྲིད་དང་སྐུ་ལྕམ་གཉིས་དགའ་བ་འབུམ་གྱིས་བརྟས། འགོ་ཁྲིད་ཀྱིས་ད་ནི་ཁོ་རང་སྐྲག་སྣང་ཅི་ཡང་སྐྱེ་དོན་མེད་པར་དགོངས་ཏེ། རྟོག་ཞིབ་པས་རང་གི་སྲས་མོར་གཉེན་བསྒྲིག་རྒྱུ་ཡིན་པས་སོ།། ཧུ་ལེ་སི་ཏ་ཀོ་བུས༼  ང་རང་ཉིན་འགའི་རིང་ཕྱི་ལ་བསྐྱོད་དགོས། དེ་རྗེས་ཕྱིར་ལོག་སྟེ་གཉེན་སྟོན་བྱེད ༽ ཅེས་སྨྲས།

ཧུ་ལེ་སི་ཏ་ཀོ་བུ་ལམ་ལ་ཆས་རྗེས། གྲོང་ཁྱེར་གྱི་འགོ་ཁྲིད་དང་སྐུ་ལྕམ་གཉིས་ཀྱིས་མ་འོངས་སྔོན་དཔག་བྱས་པ་ནི་འདི་ལྟ་སྟེ། ཁོ་ཚོ་པེ་ཐེར་བྷོར་གྷུ་ལ་བསྐྱོད་འདོད་ཅིང་། འགོ་ཁྲིད་ཁོ་རང་དམག་སྤྱི་ཞིག་བྱ་བརྩིས་ཡོད་པའོ།། ཚོང་བ་རྣམས་འགོ་ཁྲིད་ཀྱི་སར་སླེབས་པ་དང་། སྔོན་རྟོག་ཞིབ་པའི་དྲུང་དུ་འགོ་ཁྲིད་ལ་འཁང་རའི་ལས་བགྱིས་པར་དགོངས་དག་བྱས་ཤིང་། གཉེན་སྟོན་ལ་དབུལ་བྱའི་ལེགས་སྐྱེས་རྩ་ཆེན་མང་བོ་སྤུངས་སོ།།

མཚན་མོར། འགོ་ཁྲིད་ཀྱི་ཁང་ཁྱིམ་དུ་དུས་སྟོན་ལ་རོལད་ཙ་ན། དཔོན་པོ་མང་བོ་དང་། གྲོང་དམངས་རྣམས་ཀྱིས་འགོ་ཁྲིད་དང་། ཁོའི་ཁྱིམ་མིར་རྟེན་འབྲེལ་ཞུས་མོད། དེ་དག་ཐམས་ཅད་ངོ་གཉིས་མའི་རང་བཞིན་འབའ་ཞིག་ཏུ་ལྷགས་ཏེ། གྲོང་ཁྱེར་ནང་གི་སྐྱེས་བུ་སུ་གང་ཡང་འགོ་ཁྲིད་ལ་མི་དགའ་བས། ཁོའི་དོན་བཟང་ཐད་སུ་ཡང་དགའ་བ་སྐྱེས་མེད་དོ།། ཏག་ཏག་སྐབས་འདིར། སྦྲགས་ཁང་གི་འགོ་བ་སླེབས་པ་དང་མཉམ་དུ་ཧུ་ལེ་སི་ཏ་ཀོ་བུ་ནི་ཁྱོན་ནས་རྟོག་ཞིབ་པ་མིན་ཚུལ་བཤད། སྦྲགས་ཁང་གི་འགོ་བས་འཕྲིན་ཡིག་སྟོནད་ཞོར། ༼   དེ་ནི་ཧུ་ལེ་སི་ཏ་ཀོ་བུས་ཁོ་རང་གི་པེ་ཐེར་བྷོར་གྷུ་རུ་ཡོད་པའི་གྲོགས་པོ་གསར་འགོད་པ་ལ་བྲིས་པ་ཞིག་རེད ༽ ཅེས་བཤད་པ་དང་། འཕྲིན་ཡིག་འདི་ལས་ཧུ་ལེ་སི་ཏ་ཀོ་བུ་དཔོན་པོ་ཚང་མའི་སྟེང་ལ་བགད་པ་དང་། ཁོ་རང་མ་གཞི་ནས་མི་ཕལ་བ་ཞིག་ཡིན་པ་ལས་རྟོག་ཞིབ་པ་མིན་ཚུལ་ཡོད་པ་རེད། དཔོན་པོ་རྣམས་ཀྱིས་འཕྲིན་ཡིག་འདོན་འགོ་བརྩམས། དེ་ཡང་དཔོན་པོ་རེ་རེས་གཞན་གྱི་སྐོར་ལས་རང་གི་ཐད་ལ་བལྟ་འདོད་མ་བྱུང་ལ། དཔོན་པོ་ཕན་ཚུན་གྱི་སྟེང་ལ་དགོད་ཁ་ཤོར་བ་ལས། སུ་ཡང་རང་སྟེང་ལ་དགོད་འདོད་ཡེ་ནས་མ་སྐྱེས། འཕྲིན་ཡིག་བཏོན་ཚར་བ་ན། ཚང་མས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་སྟེང་ལ་དགོད་སྒྲ་སྒྲོག  བལྟས་ཚོད་དུ་འགོ་ཁྲིད་ཀྱི་དྲན་པ་འཐོར་ཞིང་། མཐའ་འཁོར་གྱི་མི་རྣམས་དུད་འགྲོ་རུ་གྱུར། ཁོས༼   སུ་ཞིག་དགོད་ཀྱིན་ཡོད་དམ། ཁྱོད་ཚོ་རང་སྟེང་ལ་དགོད་རོགས ༽ཞེས་ལབ། འགོ་ཁྲིད་ཀྱིས་ཅིའི་ཕྱིར་ཧུ་ལེ་སི་ཏ་ཀོ་བུ་རྟོག་ཞིབ་པར་བསྙོན་པ་ཧ་གོ་གྱིན་མེད། དཔོན་པོ་གཞན་ཚང་མས༼དེ་ནི་བྷོ་བྷི་ཆེན་ས་ཀེ་ཡེ་དང་། ངྷོ་བྷི་ཆེན་ས་ཀེ་ཡེ་གཉིས་ལན་པ་ཡིན་ཏེ། ཁོ་གཉིས་ཀས་ཆེས་ཐོག་མར་ཧུ་ལེ་སི་ཏ་ཀོ་བུ་རྟོག་ཞིབ་པ་རེད་ཅེས་བཤད་སོང་༽ཞེས་སྨྲས། དཔོན་པོ་ཀུན་རྟོག་ཞིབ་པ་རྫུན་མ་ཞིག་ལ་ལྐོག་རྔན་འབོར་ཆེན་དོན་མེད་དུ་སྤྲད་པར་འགྱོད་སེམས་ཀྱིས་དྲག་ཏུ་མནར། སྐབས་འདིར། ཉེན་རྟོག་པ་ཐོན་ནས༼   རྟོག་ཞིབ་པ་པེ་ཐེར་བྷོར་གྷུ་ལས་སླེབས་ཡོད་ཅིང་། གྲོང་ཁྱེར་གྱི་འགོ་ཁྲིད་གཙོས་པའི་དཔོན་པོ་ཐམས་ཅད་ལ་ཐུག་དགོས ༽་ཞེས་ཁྱབ་བསྒྲགས་བྱས་སོ།།

རྩོམ་པ་པོ་ནི་གྷོ་གྷ་ལི་ཡིན་ཞིང་། ཁོང་ནི་རོ་སི་མི་རིགས་ཡིན་ལ། སྤྱི་ལོ༡༨༠༩ལོར་ཨོ་ཁི་རན་གྱི་ཞིང་དུད་ཕལ་བ་ཞིག་ཏུ་སྐྱེས། དུས་རབས་བཅུ་དགུ་བའི་ནང་སྟེ་རླབས་ཆེ་བའི་སྙན་ངག་པ་ཨ་ལེ་ཁི་ཟན་ངྷིར·སེར་གྷེ་བེ་ཆི·ཕོ་ཧྲི་ཀེན་དང་དུས་མཉམ་ཡིན་པ་དང་། ཕོ་ཧྲི་ཀེན་སྐུ་གཤེགས་པའི་རྗེས་སུ། དེ་དུས་ཀྱི་རྩོམ་རིག་གི་འཇིག་རྟེན་དུ་གསེར་གྱི་ཁྲི་འཕང་མཐོན་པོར་མངལ་གསོལ་བ་ནི་ཁོང་ཉིད་དོ།། ཁོང་ལ༼   རྟོག་ཞིབ་པ ༽དང་།   ༼   ལྭ་རིང ༽  སོགས་བརྩམས་སྒྲུང་དང་། སྙན་ངག་གི་བརྩམས་ཆོས་དུ་མ་ཞིག་བཞུགས་ཤིང་། སྤྱི་ལོ༡༨༥༢ལོར་ཚེ་ཡི་འཕེན་པ་རྫོགས།

                                                                                    —སྤྱི་ལོ༢༠༡༨.༡.༡༦ཉིན་བསྒྱུར།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《རྟོག་ཞིབ་པ》ཞེས་པའི་ཟློས་གར་འཁྲབ་གཞུང་གི་ནང་དོན་ཉིང་བསྡུས་བོད་འགྱུར་མ།

2018-01-18 ཟླ་ཚང་ཨོ་རྒྱན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།