གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《འབྲོག་བུ་དཀོམ་བཀྲའི་སྙན་རྩོམ། འཁོར་བའི་འོབས་དོང་གི་གླུ།(ཚན་པ་ལྔ)

  • མ་གཙང་སྒྲོལ་རྡོའམ་འབip:118.183.209.*
    2017-06-08 00:18:52
    མཚན་སྨག་ཀློང་ནས་གྲོགས་པོ་འབྲོག་བུ་དདཀོམ་བཀྲའི་སྙན་ངག་ལ་རོལ་མྱངས་བྱས་ཟིན།   ཡག་འདུག   མུ་རུ་རྒྱུན་བསྲིང་བའི་རེ་བ་དང་ཡིད་ཆེས་ཡོད།    མཚན་སྨག་གི་ནང་ནས་རང་སེམས་ལ་བདུག་སྤོས་རེ་གསོལ་ཞོར་མགོ་མཇུག་ཁ་ཚང་ལ་ལྟས་ཟིན།   བཀྲིས་བདེ་ལེགས།
  • ཆོས་མཚོ།ip:111.63.0.*
    2017-06-07 23:54:10
    བྲེལ་ཟིང་ཁྲོད་སྙན་ངག་འདིར་མིག་བཤེར་ཐེངས་ཤིག་བྱས་པས། དོ་སྣང་ཆེ་ཙམ་བྱུང་།རྒྱུ་མཚན་ནི་འབྲོག་པའི་ཤྭ་འོད་རྒྱུགས་པ་ལྟ་བུའི་དེང་གི་གནས་བབས་ཤིག་ཐར་ཆགས་སུ་བཀྲམས་འདུག  ཆུང་ཆུང་བྱིས་པའི་རྩེད་ར་འཇིག་བཞིན་པའི་ཚོར་སྣང་ཐོལ་གྱིས་བརྡོལ།དེ་བས་སྙན་ངག་འདིའི་གཏིང་མཐར་སིམ་པ་ནི་དུས་རབས་ཀྱི་ཁ་དབུགས་ལྗིད་ཆེ་བ་ཞིག་གིས་ཡོངས་སུ་བཏུམས་འདུག་དེ་རེད། རྩོམ་པ་པོའི་མིག་དབང་རྣོ་ཐག་ཆོད་པ་མཐོང་ཐུབ་ལ། སྟོད་འབྲོག་གི་རིག་གནས་ལ་ཁོང་ཡངས་འདུན་ཆེ་བའང་རྟོགས་ཐུབ།
  • གྱད་མི།ip:117.136.18.*
    2017-06-07 13:07:25
    སྤྱིར་བཏང་དཀོམ་བཀྲས་བྲིས་པའི་ཚིག་བཅད་སྙན་ངག་དག་ནི་ཡིད་ལ་འཕྲོད་སྦྱོར་ཆེ་ཞིང་ཀློག་པ་པོ་དག་གིས་སེམས་ལ་ཚོར་བ་འདྲ་མིན་མ་ཚད་སྙན་ངག་ལ་མི་དགའ་མཁན་དག་གི་འགྲམ་ནས་ཁོས་བྲིས་པའི་ཚིག་བཅད་སྙན་ངག་དག་ཀློག་ན་ཁོ་པ་ཚོའང་རིམ་གྱིས་སྙན་ངག་ལ་དགའ་མཁན་ཞིག་གྱུར་འགྲོ་བ་བཤད་མི་དགོས་པ་མངོན་གསལ་དོད་པོ་རེད་ཅེས་བཤད་འདོད་བྱུང་།ཡང་གཅིག་བཤད་ན།ཉེ་བའི་ལོ་འདི་གར་ཚིག་བཅད་སྙན་ངག་ལ་གསར་ཞུགས་རབ་ཏུ་མང་པོ་བྱུང་ཡོད་ཀྱང་།དེ་ལས་ཀྱང་ཆེས་མི་ཚོས་གླེང་བཞིན་པ་དང་ཁ་ནས་ཀྱང་ཚིག་བཅད་སྙན་ངག་གི་རྒྱལ་པོ་གྲགས་པ་སྐུ་ཞབས་སེང་རྡོར་ལགས་རེད།ཁོས་ད་ལོར་ཕུད་པའི་དེབ་གསར་<<ཚོན་མ་གཏོང་བའི་སྙན་ངག>>ཟེར་བ་དེ་བལྟས་མ་ཐག་ལ་སྙན་ངག་ཞེས་པའི་མིང་དེ་ཁོ་ལ་ཆེ་འདུག་བསམ་བྱུང་།ཁོའི་དེབ་དེར་གཅན་མེ་སྟག་གིས་"སེང་རྡོར་གྱི་རྩོམ་ཡིག་དག་ལ་ཁྱད་ཆོས་གཅིག་ཡོད་པ་ནི་ཚིག་གསལ་ཁ་ཅན་པོ་གོ་བདེ་བ་སོགས་ཡོད་"བཟླས་འདུག་པས་དེ་ལས་ལྡོག་སྟེ་ཁོས་བྲིས་པའི་རྩོམ་ཡིག་དག་གོ་བདེ་བ་མེད་པ་འདོན་མི་བདེ་བ་ཀློག་པ་པོ་དག་ལ་ཚོར་བའང་དེ་ཙམ་མི་གདའ།གང་ལྟར་ཚིག་བཅད་སྙན་ངག་བྲིས་ན་དཀོམ་བཀྲས་བྲིས་པའི་ཚིག་བཅད་སྙན་ངག་འདྲ་འབྲི་དགོས་ནི་རེད།