གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《《སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས》ལ་ཅུང་ཙམ་དཔྱད་པ།

  • རྟ་མགྲིན།ip:118.244.255.*
    2016-06-18 12:29:47
    སྔོན་མེད་གཏམ་གྱི་བང་མཛོད་
  • རྟ་མགྲིན།ip:118.244.255.*
    2016-06-18 12:26:37
    རེབ་གོང་རྡོ་རྗེ་མཁར་ལགས་ཀྱིས་མཛད་པའི་ལོ་རྒྱུས་ཀྱི་དཔེ་དེབ་དེའི་མིང་ལ་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སྔོན་མེད་གཏམ་གྱི་བང་མཚོད་ཟེར་ཞིང་།     ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པ་ཡིན།
  • སྐལ་བཟང་ཚེ་དབང་།ip:183.221.14.*
    2016-06-09 19:52:11
    རེབ་གོང་རྡོ་རྗེ་མཁར་ལགས་ཀྱིས་བྲིས་པའི་ལོ་རྒྱུས་དཔེ་ཆ་དེའི་མཚན་བྱང་ལ་ཅི་ཟེར་བ་རེད།ང་རང་ཅིག་མཇལ་ན་འདོད་གི
  • པ་སངས།ip:211.157.180.*
    2015-09-07 17:10:48
    ཆེད་རྩོམ་འདི་བྲིས་པ་ནི་ཧ་ཅང་ཡག་པོ་འདུག    ང་ཚོས་བོད་ཀྱི་རྩོམ་རིག་གསར་པ་དར་བར་མཛད་རྗེས་བཞག་མྱོང་པའི་རྩོམ་པ་པོ་རྣམས་བརྗེད་མི་རུང་ཞིང་།    ཁོང་རྣམ་པ་ཚོ་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་ཡིན་པ་སྟེ།    དོན་གྲུབ་རྒྱལ་དང་རེབ་གོང་རྡོ་རྗེ་མཁ ར་མཆོག་ནི་བོད་དུ་རྩོམ་རིག་གསར་པ་དར་བར་སྣེ་ཁྲིད་མཛད་པའི་རྩོམ་པ་པོ་བྱས་རྗེས་ཆེ་བ་ཞིག་ཡིན།    ངས་ཆེད་རྩོམ་འདི་མཐོང་བ་ན་སེམས་ཧ་ཅང་དགའ་བ་རེད།    དེའི་རྒྱུ་མཚན་ནི་དེང་སང་གི་བོད་མིའི་ཁྲོད་དུ་ཡང་གནས་ལུགས་ཤེས་ཤིང་།    སེམས་རྒྱ་ཡངས་པ།     བླང་དོར་ལ་མཁས་པའི་བློ་ལྡན་འདི་འདྲ་ཡོད་པ་ནི་དངོས་གནས་དགའ་སྤྲོ་འཕེལ་བ་ཞིག་ཡིན།     ད་དུང་མུ་མཐུད་ནས་དོན་སྙིང་ལྡན་ཞིང་ཀུན་གྱིས་ཀློག་འདོད་པའི་ཆེད་རྩོམ་འདི་འདྲ་མུ་མཐུད་ནས་སྤེལ་བར་རེ་མོས་བྱེད་བཞིན་ཡོད་དོ།   །
  • གད་རྒྱངས།ip:211.157.180.*
    2015-09-06 17:58:00
    དེང་སང་གི་རྩོམ་རིག་སྐོར་གྱི་དཔྱད་རྩོམ་འབྲི་མཁན་རྣམས་ཀྱིས་བོད་ཀྱི་རྩོམ་རིག་གསར་བའི་སྲོལ་འབྱེད་པའི་མི་རབས་དང་པོ་དང་།     མི་རབས་གཉིས་པ།     མི་རབས་གསུམ་པ།     མི་རབས་བཞི་པ་བཅས་ཀྱི་དབྱེ་བར་རྨོངས་བཞིན་དུ་དཔྱད་རྩོམ་བྱུང་རྒྱལ་དུ་འབྲི་བཞིན་ཡོད།     བོད་ཀྱི་རྩོམ་རིག་གསར་བའི་སྲོལ་འབྱེད་པའི་རྩོམ་པ་བོ་མི་རབས་དང་པོ་ནི་མཁས་དབང་དོན་གྲུབ་རྒྱལ་དང་།    རེབ་གོང་རྡོ་རྗེ་མཁར།     ཆབ་འགག་རྡོ་རྗེ་ཚེ་རིང་།     ནོར་སྡེ།      གཅོད་པ་དོན་གྲུབ།    རྨ་ཆུའི་དཀོན་ལོ།     རིན་ཆེན་ཚེ་དགའ།     བློ་བཟང་རྒྱ་མཚོ་བཅས་ཡིན།    མི་རབས་གཉིས་པ་ནི་འཇུ་སྐལ་བཟང་དང་།     གནས་སྲས།   ལྷ་རྒྱལ་ཚེ་རིང་།    ལྗང་བུའམ་རྡོ་རྗེ་ཚེ་རིང་།     ཚེ་རིང་དོན་གྲུབ་སོགས་ཡིན།     མི་རབས་གསུམ་པ་དང་མི་རབས་བཞི་པ་ནི་ཀུན་གྱིས་མཁྱནེ་གསལ་ལྟར་ཡིན།     མི་རབས་དང་པོའི་རྩོམ་པ་བོ་རྣམས་ཀྱིས་ཤན་མ་ཞུགས་པའི་མི་རབས་གཇིས་པ་དང་གསུམ་པའང་མེད་པས།     ང་ཚོས་བོད་ཀྱི་རྩོམ་རིག་སྐོར་གྱི་དཔྱད་རྩོམ་འབྲི་བའི་ཚེ།       རྩོམ་པ་བོའི་མི་རབས་རྣམས་མཉམ་བསྲེས་བྱས་ཏེ་བརྗོད་མི་རུང་ཞིང་།     དེ་ལྟར་དུ་བརྗོད་པ་ནི་འཛམ་གླིང་གི་རྩོམ་རིག་གི་ལོ་རྒྱུས་འབྲི་ལུགས་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཞིག་ཡིན་པས།    རྩོམ་པ་བོའི་མི་རབས་རྣམས་མཉམ་བསྲེས་མི་བྱེད་པར་རེ་རེ་བཞིན་བྲིས་ཏེ་འཛམ་གླིང་གི་རྩོམ་རིག་དར་བའི་ལོ་རྒྱུས་དང་མཐུན་པ་ཞིག་ཡོང་བར་བྱ་དགོས་སོ།  །
  • གངས།ip:211.157.180.*
    2015-09-06 13:10:08
    དཔྱད་རྩོམ་ཡག་པོ་ཞིག་བྲིས་འདུག      
  • ཁ་བ།ip:211.157.180.*
    2015-08-03 19:56:22
    བདག་གིས་ཀྱང་སྐུ་ཞབས་རེབ་གོང་རྡོ་རྗེ་མཁར་ལགས་ཀྱི་སྙན་ངག་ལ་བལྟས་ཤིང་།   དེ་ནི་བོད་ཀྱི་སྙན་ངག་གི་མིག་དཔེ་བྱས་ཆོག་པ་ཞིག་རེད་སྙམ་པ་དང་།      བདག་གིས་བཤད་པ་བདེན་པ་ཡིན་མིན་ལ་ཀློག་པ་པོ་རྣམས་ཀྱིས་བལྟས་ན་ཤེས་ཐུབ་པ་ཡིན།     ང་ཚོས་དེང་སྐབས་ཀྱི་སྙན་ངག་པ་གསར་བུ་རྣམས་ཀྱི་སྙན་ངག་ཁོ་ན་བཀླགས་ཏེ་སྙན་པ་རྒན་པ་རྣམས་ཀྱི་སྙན་ངག་ལ་དོ་སྣང་མ་བྱས་པས།    སྐུ་ཞབས་རེབ་གོང་རྡོ་རྗེ་མཁར་ལགས་ཀྱི་སྙན་ངག་ནི་དེ་འདྲའི་མཆོག་ཏུ་གྱུར་པ་ཞིག་ཡིན་པ འང་མ་ཤེས།    ཚང་མས་སྐུ་ཞབས་རེབ་གོང་རྡོ་རྗེ་མཁར་ལགས་ཀྱི་སྙན་ངག་ལ་ལྟོས་དང་།    བསམ་ཚུལ་ལྟ་ཚུལ་གསར་བ་ཞིག་སྐྱེས་སུ་འཇུག་ངེས་ཡིན།
  • མིང་མེད།ip:220.181.73.*
    2015-07-26 18:08:03
    རེབ་གོང་རྡོ་རྗེས་མཁར་ལགས་ནི་བོད་དུ་རྩོམ་རིག་གསར་པ་དར་བར་ཕྱག་རྗེས་ཆེན་པོ་བཞག་མྱོང་བའི་རྩོམ་པ་བོ་དང་།    སྙན་ངག་མཁན།     ཞིབ་འཇུག་པ་བཅས་ཡིན་པས།    བོད་ཀྱི་རྩོམ་རིག་གསར་པ་དང་།    རིག་གནས་དར་བ་བཅས་ལ་ཕྱག་རྗེས་ཆེན་པོ་བཞག་ཡོད་པ་དང་།    བོད་ཀྱི་རྩོམ་རིག་གསར་པ་ཐོག་མར་སྤེལ་བའི་མི་རབས་དང་པོ་རྩོམ་པ་བོ་གྲགས་ཅན་དོན་གྲུབ་རྒྱལ་དང་།   རེབ་གོང་རྡོ་རྗེ་མཁར།    ཆབ་འགག་རྡོ་རྗེ་ཚེ་རིང་།    གཅོད་པ་དོན་གྲུབ།     རིན་ཆེན་ཚེ་དགའ།   རྨ་ཆུའི་དཀོན་ལོ།     རྡོ་རྗེ་རིན་ཆེན་སོགས་ཀྱིས་བོད་དུ་རྩོམ་རིག་གསར་པ་དར་ཞིང་རྒྱས་པར་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད།    དེ་ལས་བོད་དུ་རྩོམ་རིག་གསར་པ་དར་བར་ཕྱག་རྗེས་ཆེ་བ་ནི་དོན་གྲུབ་རྒྱལ་དང་རེབ་གོང་རྡོ་རྗེ་མཁར་གཉིས་ཡིན་ཞིང་།     དེ་རིང་རེབ་གོང་རྡོ་རྗེ་མཁར་ལགས་ཀྱི་སྙན་ངག་ལ་གདེང་འཇོག་གནང་བའི་དཔྱད་རྩོམ་འདི་མཐོང་བ་ན།     དཔྱད་རྩོམ་འབྲི་བ་པོ་འདི་ནི་ཕྱོགས་གང་ཅིའི་ཐད་ཀྱི་ཡོན་ཏན་ལྡན་ཞིང་བློ་ཁོག་ཡངས་པ་ཞིག་ཡིན་པ་རྟོགས་ཐུབ་པ་དང་།    དཔྱད་རྩོམ་འདི་བྲིས་པ་ནི་ཤིན་ཏུ་ལེགས་པ་ཞིག་ཡིན།     གུས་ཕྲན་གྱིས་དཔྱད་རྩོམ་འབྲི་མཁན་གྱི་བློ་ལྡན་ཁྱེད་ལ་ཐུགས་རྗེ་ཆེ་ཞུའོ།  །
  • རིག་པའི་འབིགས་ཆེན།ip:223.221.206.*
    2015-02-06 18:05:41
    རེབ་གོང་རྡོ་རྗེ་མཁར་ལགས་ཀྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག  ཆོས་ལུགས །  གླིང་སྒྲུང་།  འགྱུར་རྩོམ། སྙན་ངག་དང་བརྩམས་སྒྲུང་གསར་རྩོམ་གྱི་ཐད་དུ་བཏོན་ནས་བརྩམས་ཆོས་པོད་གྲངས་ཉི་ཤུ་ལྷག་རང་རེའི་ཁ་བའི་ལྗོངས་ཀྱི་མི་རིགས་ལ་ཤུལ་དུ་བསྐྱུར་ཡོད་པ་དང་།  ལོ་རྒྱུས་བརྩམས་ཆོས་གྲགས་ཅན་བོད་ཀྱི་གནའ་རབས་ལོ་རྒྱུས་དང་བོད་ཀྱི་རྩོམ་བྱུང་ལོ་རྒྱུས།  ཡི་དམ་ཚེ་རིང་དང་མགོན་པོ་བཀྲ་ཤིས་ཀྱི་སྙན་ངག་འགྱུར་ཡིག  བརྩམས་སྒྲུང་མེ་ཏོག་ཕྲེང་བ། སྙན་ངག་སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས་སོགས་ང་ཚོར་རྗེས་རབས་པར་ཕངས་མེད་དུ་བསྐྱུར་ཡོད། ཁོང་ནི་བོད་ཞི་བའི་བཅིངས་འགྲོལ་བྱེད་པའི་ཚུན་ནས་བོད་ཀྱི་རྩོམ་རིག་མཛད་རྗེས་བླ་ན་མཐོ་བ་ཞིང་བརྩམས་ཆོས་ཆེས་མང་བའི་རིག་པའི་ཁྱུ་མཆོག་ཅིག་ཡིན་པས།  དཔྱད་བརྗོད་འདི་སྤེལ་བ་དངོས་གནས་དོན་སྙིང་ལྡན་ལ།  མི་རིགས་ཀྱི་རིག་པའི་དཔའ་བོ་ཆེན་པོ་ཞིག་གི་གཟི་བྱིན་དེ་སྐུ་ཉིད་ཀྱིས་རྟོགས་འདུག  ངོ་མ་བཟང་།  མུ་མཐུད་དུ་སྤེལ་བར་ཞུའོ།