གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་བརྩམས་དམངས་གཞས།

2011-12-23 10:06:00 དོན་གྲུབ།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

རྒྱ་ལམ་སྣུམ་ནག་སྒང་ལ། །                       ལྕགས་གཟེར་བཏབ་པ་མིན་ན།
བདེ་མོའི་ལམ་ཆེན་བཞག་ནས།               ལམ་ཆུང་བསྐོར་བ་མ་གནང་།

སྤང་གཞོང་གྲུ་བཞིའི་སྟེང་གི།                     ཆུ་མིག་དྭངས་གཙང་དབང་པོ།  
འགྲོ་བ་ཀུན་ལ་བདག་པས།                        ལོངས་སྤྱོད་སྒེར་གྱིས་མ་བྱེད།

གནས་ཁང་ལོངས་སྤྱོད་ཁང་གསར། །      རྒྱལ་སྒོ་ཟིལ་རྔམ་ལྡན་ཡང་།
 སེམས་ཅན་ཝ་མོ་ཟེར་བ། །                        མགོ་འབུལ་གཞུག་འབུལ་བྱེད་ཀྱིས།

གསེར་དང་གཡུ་ཡི་ནོར་བུ། །                    ནས་དང་གྲོ་ཡི་འབྲུ་རིགས།།
རྟ་དང་ནོར་གྱི་འབུལ་བ།   །                       ཕྱོགས་མཚམས་ཀུན་ནས་ཕུལ་སོང་།།

ཚངས་སྤྱོད་སྐུ་དབང་བཙན་པས།  །         སྙེམས་ཆུང་མཐའ་ལ་ཕུད་སོང་། །
དངུལ་ལོར་བརྒྱ་འབུལ་བྱས་ཀྱང་། །         ཞུ་ཚིག་མེ་ལ་སྲེག་སོང་།།

ཚེམས་དཀར་དྲ་བའི་སྲུབ་ནས། །               གཡོ་རྒྱུའི་རྡུལ་རླུང་འཚུབ་པས། །
 སྙེམས་ཆུང་མི་ཡི་རྒྱུ་ནོར།  །                        གར་སོང་ཆ་མེད་རེད་འདུག།

ངམ་ནག་བཞིན་རས་མཐོང་བས། །             ཁྲོས་པའི་རི་དྭགས་གདུག་ཅན། ། 
ལས་ཀྱི་འབྲས་བུར་མི་བསམ།  །                   གདོན་འདྲེ་གསོན་མ་འདྲ་བྱུང་།།


རང་སེམས་ཤ་ཁྲག་མཉེན་པོར། །                  གདུག་པའི་སྟག་རྒོད་གཅིག་གིས།།
ཚོད་མེད་ཁྲག་འཐུང་བྱས་པས།  །                 ལུས་ཀྱི་ཟུངས་ཤུགས་ཟད་སོང་།།

ངར་ངར་ལས་ཀྱི་འབྲས་བུར།  །                      སྐྱིད་སྡུག་འདི་ནས་ཕུད་པས། །
 སྐྱབས་བཅོལ་གཞན་ཞིག་འཚོལ་དུས།   །     བློ་གཏད་བཅོལ་ཐབས་མེད་འདུག།

མགོ་སྐྱེས་ལན་བུ་ཆུང་ཆུང་།།                            རིང་ཐུང་མི་གཅིག་སྐྲ་ཚོགས། །
འདུ་འགོད་ཟང་ཟིང་གནས་འདིར།།                སླར་ཡང་མཉམ་དུ་འཛོམས་བཞག།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།