རྨ་ཆུའི་སྒྲུང་བ་གཅོད་རྒྱལ་གྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་བདུད་གླིང་གི་སྐོར།

     དེའང་འཛམ་གླིང་སེང་ཆེན་རྒྱལ་པོ་དགུངལོ་བཅུ་གསུམ་བཞེས་པའི་ཚེ་ན་ཨ་ནེ་གོང་སྨན་རྒྱལ་མོས།ད་ལོ་བདུད་མ་རུང་ཀླུ་བཙན་གེལ་པོ་འདུལ་བའི་དུས་ལ་བབས་པས།དམེ་བཟའ་འབུམ་མེའི་ར་མདའ་སོང་ཞེས་ལུང་བསྟན་པ་དང༌།འདུ་ས་ར་བ་གོང་མ།རྒྱུག་སའི་རྟ་རྒོད་བཤུལ་བ། ཁྲ་མོ་གླིང་གི་འཚོགས་ར།  ས་མིང་ཡག་སྟག་ཐང་ཁྲ་མོ་ནས། འཛམ་གླིང་སེང་ཆེན་རྒྱལ་པོས་གླིང་དཀར་ལྷ་སྡེ་དཀར་པོ་ལ་གླི་འདི་འདྲ་ཞིག་བླངས་སོ།།
  གླི་ཐ་ལ་ལ་མོ་ཐ་ལ་ལེན།།ཐ་ལ་ང་ཡི་ལེན་ཚུལ་ཡིན།།ཨ་ལ་ལ་མོ་ཨ་ལ་ལེན།།ཨ་ལ་ངག་གི་འགུག་ལུགས་ཡིན།།ས་འདིའི་ས་ངོ་མ་ཤེས་ན།།འདུ་ས་ར་བ་གོང་མ་རེད།།རྒྱུག་ས་རྟ་རྒོད་བཤུལ་བ་རེད།།ཁྲ་མོ་གླིང་གི་འཚོགས་ར་རེད།།ས་མིང་ཡག་སྟག་ཐང་ཁྲ་མོ་རེད།། ཕོ་ང་འདྲའི་ང་ངོ་མ་ཤེས་ན།།  མཁར་སེར་ཕྲུག་ཐོད་པའི་སྟག་རྩེ་ནས།།ང་འཛམ་གླིང་སེང་ཆེན་རྒྱལ་པོ་ཡིན།།ང་དེང་སང་ཕོ་ལོ་བཅུ་གསུམ་ཡིན།།ང་བཅུ་གསུམ་སྟེང་ནས་བདུད་ལ་འགྲོ། བདུད་མ་རུང་ཀླུ་བཙན་འདུལ་བར་འགྲོ།དམེ་བཟའ་འབུམ་མེའི་ར་མདའ་ཡིན།།ཁྲ་མོ་གླིང་གི་ས་ཆ་ནས།།ང་བཤད་རྒྱུ་གཏམ་ཚིག་འགའ་རེ་ཡོད།།མ་བརྗེད་གངས་དཀར་སེམས་ལ་བཟུངས།།མ་འབོར་གླི་ཁུག་ནང་ལ་སྡུས།།ང་ནག་པོ་བདུད་ལ་སོང་ཤུལ་ནས།། ཁྲ་མོ་གླིང་གི་ས་ཆ་ན།།དཔའ་འབུམ་པའི་རྒྱ་ཚ་ཞལ་དཀར་ཁྱེད།།དཔོན་ཁྱེད་གེའི་ཡན་ན་མཐོན་པོ་མེད།།བཀའ་ཁྱེད་གེའི་ཡན་ན་གསུང་རྒྱུ་མེད།།ཁྱེད་ཁྲ་མོ་གླིང་གི་དཔོན་པོ་ཡིན།།མཁར་སེང་ཕྲུག་ཐོད་པའི་སྟག་རྩེ་ན།།སེར་པོ་གསེར་གྱི་གསེར་ཁྲི་ཡོད།།དཀར་པོ་དངུལ་གྱི་པ་ཏྲ་ཡོད།། གླིང་ཕ་ཆོས་དུམ་པ་བཅུ་གཉིས་ཡོད།།གསེར་སེར་པོའི་ཐར་མོད་དགུ་བརྒྱ་ཡོད།།དངུལ་དཀར་པོའི་མ་ཎི་བཀའ་འབུམ་ཡོད།།བྱུ་རུའི་ཚེ་དཔག་མེད་མགོན་ཡོད།།གཡུ་ཡི་སྒྲོལ་མ་རང་བྱོན་ཡོད།།ང་ཕར་ལ་འགྲོ་དུས་བཅོལ་ནི་ཡིན།། ང་ཚུར་ལ་ཡོང་དུས་སྟོན་རྒྱུ་དགོས།། ཚ་ཐབ་ཕྲ་མོའི་གཡས་ཟུར་ན།།དཀར་པོ་དངུལ་གྱི་ཁྲི་སྟེང་ན།།སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡོད།།རྗེ་བཙུན་སྒྲོལ་མའི་སྤྲུལ་བ་ཡིན།། གཞན་པའི་སྨན་དང་འདྲ་ནི་མིན།།ཁྲ་མོ་གླིང་གི་བདག་མོ་ཡིན།།ང་ཕར་ལ་འགྲོ་དུས་བཅོལ་ནི་ཡིན།།ང་ཚུར་ལ་ཡོང་དུས་སྟོན་རྒྱུ་དགོས།། རྨ་སྟོད་འབྲི་སྟོད་རྫ་སྟོད་གསུམ།།རྫ་སྟོད་ལུང་བའི་ཁ་མདོ་ན།། ཆེ་རྒྱུད་གསེར་བ་མཆེད་བརྒྱད་ཡོད།།སྟག་རོང་ཤོག་པ་བཅོ་བརྒྱད་ཡོད།། རྨ་སྟོད་འབྲི་སྟོད་རྫ་སྟོད་གསུམ།།འབྲི་སྟོད་ལུང་བའི་ཁ་མདོ་ན།།འབྲིང་རྒྱུད་འོམ་བུ་ཚོ་དྲུག་ཡོད།།སྒ་འབྲུ་གླིང་གི་སྡེ་བ་ཡོད།། རྨ་སྟོད་འབྲི་སྟོད་རྫ་སྟོད་གསུམ།།རྨ་སྟོད་ལུང་བའི་ཁ་མདོ་ན།།ཆུང་རྒྱུད་དམུ་སྤྱང་སྡེ་བཞི་ཡོད།།ཚ་ཞང་ཆུ་ལ་ཉིན་སྲིབ་ཡོད།།ཚ་ཞང་ཨ་ལྕགས་ཚོ་དྲུག་ཡོད།།གླིང་གི་དཔའ་རྟུལ་སུམ་ཅུར་བཅོལ་ནི་ཡིན།། ང་ཕར་ལ་འགྲོ་དུས་བཅོལ་ནི་ཡིན།།ང་ཚུར་ལ་ཡོང་དུས་སྟོན་རྒྱུ་དགོས།། ད་རུང་དེས་ཀྱང་མི་ཚད་དེ།།ཇ་མ་མ་ཉལ་ཇ་མ་ལོངས།།ཇ་མ་ལོངས་ལ་ཆུ་ལ་རྒྱུགས།།ཆུ་མ་མང་མ་ཉུང་ཟོ་གསུམ་ལོངས།།ཉུང་ངོ་འདོད་ན་ཟེའུ་གསུམ་སྣོན།།ཇ་མ་མང་མ་ཉུང་སྡེར་གསུམ་ཐོབས།།ཉུང་ངོ་འདོད་ན་སྤར་གསུམ་སྣོན།།འོ་མ་མ་མང་མ་ཉུང་ཟེའུ་གསུམ་བླུགས།། ཉུང་ངོ་འདོད་ན་ཐོམ་གསུམ་སྣོན།། དེ་ནས་ང་ཡིས་གྲལ་ཞིག་བསྒྲིགས།།བླ་མ་མང་པོའི་གྲལ་མགོ་ནས།།ཀུན་དགའ་ཉི་མ་རང་ཤར་བཞུགས།།དེའི་འཕྲོ་ན་ལོ་རིམ་གྲལ་གྱིས་སྡོད།།བན་དེ་མང་པོས་གྲལ་ཞིག་སྒྲིགས།།བན་དེ་མང་པོའི་གྲལ་མགོ་ནས།།ཁྲོ་ཐུང་བན་དེ་བསམ་གཏན་སྡོད།།དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།། ཨ་ཁུ་མང་པོས་གྲལ་ཞིག་སྒྲིགས།། ཨ་ཁུ་མང་པོའི་གྲལ་མགོ་ནས།། སྤྱི་སྤོན་རོང་ཚ་ཁྲ་རྒན་བཞུགས།། དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།། དཔོན་པོ་མང་པོས་གྲལ་ཞིག་སྒྲིགས།། དཔོན་པོ་མང་པོའི་གྲལ་མགོ་ནས།། དཔའ་འབུམ་དྲུག་རྒྱ་ཚ་ཞལ་དཀར་སྡོད།། དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།། དཔའ་རྟུལ་མང་པོས་གྲལ་ཞིག་སྒྲིགས།། དཔའ་རྟུལ་མང་པོའི་གྲལ་མགོ་ནས།། ཚ་ཞང་འདན་མ་བྱང་ཁྲ་སྡོད།། དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།། ཕྱོར་པོ་མང་པོས་གྲལ་ཞིག་སྒྲིགས།། ཕྱོར་པོ་མང་པོའི་གྲལ་མགོ་ནས།། གླིང་པདྨ་ཡག་གི་བུ་ཕྱོར་སྡོད།། སྣ་མགོ་མིན་པར་ཙོར་ཅིག་འཕངས།། རྫི་མའི་ནང་ལ་མུ་ཏིག་བསྟར།། དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།། སྔགས་པ་མང་པོས་གྲལ་ཞིག་སྒྲིགས།། སྔགས་པ་མང་པོའི་གྲལ་མགོ་ནས།། སྒ་སྡེ་ཆོས་སྐྱོང་བེར་ནག་སྡོད།། དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།། ཡག་པ་མང་པོས་གྲལ་ཞིག་སྒྲིགས།། ཡག་པ་མང་པོའི་གྲལ་མགོ་ནས།།སྐྱ་ལོའི་བུ་ཡུག་འབྲུག་རྒྱས་སྡོད།།དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།།སྨན་རྒས་པ་མང་པོས་གྲལ་ཞིག་སྒྲིགས།།སྨན་རྒས་པ་མང་པོའི་གྲལ་མགོ་ནས།། འཛམ་གླིང་ཨ་མ་འགག་བཟའ་སྡོད།།དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།།སྨན་མཁས་པ་མང་པོས་གྲལ་ཞིག་སྒྲིགས།།སྨན་མཁས་མང་པོའི་གྲལ་མགོ་ནས།།སྐྱ་ལོའི་སེང་ལྕམ་འབྲུག་མོ་སྡོད།།དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།།ཕྱོར་མོ་མང་པོས་གྲལ་ཞིག་སྒྲིགས།།ཕྱོར་མོ་མང་པོའི་གྲལ་མགོ་ནས།། ཁྲོ་ཐུང་བུ་མོ་རོག་ཐུང་སྡོད།། དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།།སྤྲང་པོ་མང་པོས་གྲལ་ཞིག་སྒྲིགས།།སྤྲང་པོ་མང་པོའི་གྲལ་མགོ་ནས།།ཁྱི་ཤི་མི་ཡི་སྒུར་བུ་སྡོད།།དེ་མེད་པོའི་ནང་གི་ཕྱུག་པོ་ཡིན།།མཛོ་མོ་བདུན་གྱི་བདག་པོ་ཡིན།།དབྱར་ཞོ་དགུན་ཞོ་འཆད་རྒྱུ་མེད།། ཤ་ཁྱི་བདུན་གྱི་བདག་པོ་ཡིན།།དབྱར་ཤ་དགུན་ཤ་འཆད་རྒྱུ་མེད།།བུ་མོ་བདུན་གྱི་བདག་པོ་ཡིན།།དཔྱིད་གྲོ་སྟོན་གྲོ་འཆད་རྒྱུ་མེད།།དེའི་འཕྲོ་ནས་ལོ་རིམ་གྲལ་གྱིས་སྡོད།།དེ་ནས་གྲལ་རྔ་འཛད་ནི་ཡིན།།དེ་ནས་གྲལ་རྔ་ཚར་ནི་ཡིན།།གཡོག་གོ་ཆོད་བེ་རི་སྟག་རྒྱལ་ཁྱོས།། ང་འཛམ་གླིང་མཛོད་ཁང་གོང་ན་ནས།།མགོ་རྨོག་དཀར་ཡིད་བཞིན་ནོར་བུ་ལོངས།།རྒྱབ་ཁྲབ་དཀར་བསམ་པའི་དོན་གྲུབ་ལོངས།།རྐང་སག་ལྷམ་མེ་རིས་པ་ཏྲ་ལོངས།།ང་འཛམ་གླིང་མཛོད་ཁང་བར་མ་ནས།།གཞུ་མ་བཀུག་རྭ་རྒོད་འཁྱིལ་བ་ལོངས།།བཀུག་ན་ཁམས་གསུམ་འདུལ་བ་ཡིན།།ཤར་རྨ་རྒྱལ་སྦོམ་རའི་བླ་གཞི་ཡིན།། མདའ་མོ་ཤེལ་གྱི་ལེབ་ཆེན་ལོངས།།ང་འཛམ་གླིང་མཛོད་ཁང་ཞོལ་མ་ནས།།གཡུ་སྲབ་གཡུང་དྲུང་འཁྱིལ་བ་ལོངས།།སྒ་སྟན་སྨེ་བ་དགུ་བརྩེགས་ལོངས།།གསེར་སྒ་ཉི་མ་རང་ཤར་ལོངས།། ལྕག་ཡུ་ང་བསམ་པའི་དོན་གྲུབ་ལོངས།།ང་དེ་ནས་བདུད་ལ་འགྲོ་རྒྱུ་ཡིན།།  ང་འཛམ་གླིང་རྟ་ར་གོང་མ་ནས།།འཛམ་གླིང་རྐྱང་རྒོད་ཕེར་བ་ལ།།སྒ་འཇོག་སྲབ་འཇོག་མཉམ་དུ་གྱིས།། གློ་ལེན་རྨེད་རྒྱུ་མཉམ་དུ་གྱིས།།མཉམ་དུ་གྱིས་དང་མཉམ་དུ་འགྲོ།ད་རུང་དེས་ཀྱང་མི་ཚད་དེ།ཁྲ་མོ་གླིང་གི་ས་ཆ་ནས།།རྡོ་པོ་ཐོ་གཅིག་རྡོག་པ་གཏོད།།མདུང་སྐྱ་རིང་གཅིག་ལ་མཆིལ་མ་ཐོབས།། དགྲ་ཕར་འགྲོའི་སྔ་བ་རྒྱ་ཚ་ཡིན།། བརྒྱ་ཚོ་དམག་གི་ཁ་ཡ་ཡིན།།སྟོང་ཚོ་དམག་གི་ངོ་ལེན་ཡིན།། གཏམ་གོ་ན་འདྲ་ཐང་དེ་འདྲ་གྱིས།། མ་གོ་གཏམ་ལ་ཉིས་བཤད་མེད།། གླིང་ལྷ་སྡེའི་ཐུགས་ལ་དེ་ལྟར་ཞོག། ཅེས་བླངས་པ་ན། སྐྱ་ལོའི་སེང་ལྕམ་འབྲུག་མོ་དེས་དར་དཀར་པོ་འདོམ་པ་བཅོ་བརྒྱད་ཡོད་པ་ཞིག་བཟུང་ནས་འབྲུག་མོའི་ཨ་སིང་དྲུག་འགྱུར་གྱི་རྟ་ལ་དྲངས་ནས་འདི་འདི་འདྲ་ཞིག་བླངས་སོ།།
        གླུ་ཐ་ལ་ལ་མོ་ཐ་ལ་ལེན།། ཐ་ལ་ང་ཡི་ལེན་ཚུལ་ཡིན།། ཨ་ལ་ལ་མོ་ཨ་ལ་ལེན།། ཨ་ལ་ངག་གི་འགུག་ལུགས་ཡིན།། གཡུ་ལོ་བཀོད་པའི་ཞིང་བཀོད་ནས།། རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན།། ལྷ་དེ་ཡི་ཡན་ལ་དེ་མཆོད་མེད།། དེ་རིང་ང་ཡི་གྲོགས་ལ་བྱོན།། ས་འདིའི་ས་ངོ་མ་ཤེས་ན།། འདུ་ས་ར་བ་གོང་མ་རེད།། རྒྱུག་སའི་རྟ་རྒོད་བཤུལ་བ་རེད།། ཁྲ་མོ་གླིང་གི་འཚོགས་ར་རེད།།སྨན་ང་འདྲའི་ང་ངོ་མ་ཤེས་ན།།ང་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡིན།།ངའི་གླུ་འདིའི་གླུ་ངོ་མ་ཤེས་ན།།འབྲུག་མོའི་ཨ་སིང་དྲུག་འགྱུར་ཡིན།། ཁྲ་མོ་གླིང་གི་ས་ཆ་ན།། གླུ་དྲུག་འགྱུར་ཐོགས་པའི་མི་བཞི་ཡོད།། འབྲུག་མོ་ཨ་སིང་དྲུག་འགྱུར་གཅིག། རྒྱ་ཚའི་དཀར་སིང་དྲུག་འགྱུར་གཉིས།། ནེའུ་ཆུང་ཅོ་ཀ་དྲུག་འགྱུར་གསུམ།། ཚ་ཞང་ཐ་ལ་དྲུག་འགྱུར་བཞི།།  གླུ་དྲུག་འགྱུར་ཐོགས་པིའེ་མི་བཞི་ཡིན།། འཛམ་གླིང་སེང་ཆེན་རྒྱལ་པོ་ལགས།། སྐུ་སེང་ཆེན་ནོར་བུ་དགྲ་འདུལ་ལགས།།ད་རུང་དགུང་ལོ་བཅུ་གསུམ་རེད།། ད་རུང་དགུང་ལོ་ཆུང་ཆུང་རེད།།ཁྱེད་ནག་པོ་བདུད་ལ་འགྲོ་རྒྱུ་མེད།།ཁྲ་མོ་གླིང་ནས་བཞུགས་རོགས་མཛོད།།གླིང་ལ་ཁྲ་གླག་སྤྱང་གསུམ་ཡོད།།དཔའ་རྟུལ་དམ་པའི་མི་བདུན་ཡོད།། དཔའ་རྟུལ་སུམ་ཅུ་ཐམ་པ་ཡོད།། བུ་དེ་ཚོ་བདུད་ལ་མ་ཆས་ན།། ཁྱེད་འཛམ་གླིང་འགྲོ་དོན་ཅི་ལ་ཡིན།། ཁྱེད་མ་འགྲོ་ཁྲ་མོ་གླིང་ནས་བཞུགས།། ཐབས་མེད་ལ་བདུད་ལ་འགྲོ་རྒྱུ་ན།། སྐྱ་ལོའི་སེང་ལྕམ་འབྲུག་མོ་གཅིག། འཛམ་གླིང་སེང་ཆེན་རྒྱལ་པོ་གཉིས།།  སྐྱིད་ན་འུ་གཉིས་མཉམ་སྐྱིད་བྱེད།།སྡུག་ན་འུ་གཉིས་མཉམ་སྡུག་ཡིན།། འགྲོ་ན་འུ་གཉིས་མཉམ་འགྲོ་བྱེད།།བདུད་ནག་པོར་ཐོད་མདའ་སྤྲོད་དུས་ན།།སྐྱ་ལོའི་སེང་ལྕམ་འབྲུག་མོ་གཅིག།བདུད་མོ་དམེ་བཟའ་འབུམ་སྐྱིད་གཉིས།།སྨན་ངེད་གཉིས་བཟང་ངན་ཡོད་རབས་མེད།། གཡོག་གོ་ཆོད་བེ་རུ་སྟག་རྒྱལ་ཁྱོས།།མགྱོགས་མི་མགྱོགས་རྒོད་མ་ལག་དཀར་མར།།སྒ་འཇོག་སྲབ་འཇོག་མཉམ་དུ་གྱིས།། གློ་ལེན་རྨེད་རྒྱུ་མཉམ་དུ་གྱིས།། མཉམ་དུ་གྱིས་དང་མཉམ་དུ་འགྲོ།གླུ་འདི་ལྟར་འཛམ་གླིང་ཐུགས་ལ་ཞོག། ཅེས་བླངས་ནས།སྐྱ་ལོའི་སེང་ལྕམ་འཚབཝ་གློ་མོ་དེས་གོས་རྨང་ནག་རིང་ཐུང་བཅོ་བརྒྱད་གོན།  དཀར་པོ་ཚི་ལེན་ཞིག་དང་བཅུ་དགུ་གོན། ནག་པོ་རྡུལ་ལེན་ཞིག་དང་ཉི་ཤུ་ཐམ་པ་གོན་ནས་ལམ་ལ་ལང་གྲབས་བྱས་ཚེ། འཛམ་གླིང་སེང་ཆེན་རྒྱལ་པོས་གླུ་འདི་འདྲ་ཞིག་བླངས་སོ།།
       གླུ་ཐ་ལ་ལ་མོ་ཐ་ལ་ལེན།། ཐ་ལ་ང་ཡི་ལེན་ཚུལ་ཡིན།། ཨ་ལ་ལ་མོ་ཨ་ལ་ལེན།། ཨ་ལ་ངག་གི་འགུག་ལུགས་ཡིན།། ཟངས་མདོག་དཔལ་རིའི་རྩེ་མོ་ནས།། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། པདྨ་རཱ་གའི་ཁྲི་སྟེང་ནས།། སློབ་དཔོན་པདྨ་འབྱུང་གནས་མཁྱེན།།  གཡུ་ལོ་བཀོད་པའི་ཞིང་བཀོད་ནས།།རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན།། སྨན་འདི་ཡི་བློ་ཁ་ཆོས་ལ་སྒྱུར།།  ལྷ་ཆེན་ཚངས་པ་དཀར་པོ་མཁྱེན།། ཨ་ནེ་གོང་སྨན་རྒྱལ་མོ་མཁྱེན།།  སྲིང་མོ་ཤེལ་ལྕམ་འོད་དཀར་མཁྱེན།། ནུ་བོ་ཀླུ་ཕྲུག་འོད་ལྡན་མཁྱེན།།  ལྷ་ཕྲུག་ཉི་ཁྲི་དགུ་འབུམ་མཁྱེན།།  སྨན་འདི་ཡི་བློ་ཁ་ཆོས་ལ་སྒྱུར།། སྐྱ་ལོའི་སེང་ལྕམ་འབྲུག་མོ་ལགས།། མགོ་ཟུར་རྣ་བའི་ཉམ་ཡག་གྱིས།།  གངས་དཀར་སེམས་ཀྱི་དཔྱད་ཡག་གྱིས།། ང་ནག་པོ་བདུད་ལ་སོང་དུས་ན།། བདུད་མ་རུང་ཀླུ་བཙན་གེལ་བོ་འདི།། ཐབས་ཤེས་རབ་སྒོ་ནས་ནས་མ་ཐུབ་ན།། བུ་སྙིང་སྟོབས་ཆེ་བས་ཐུབ་དོན་མེད།།  བདུད་ཀྱི་བཀའ་བློན་བྱང་སྔོན་ཅན།།  ཐབས་ཤེས་རབ་སྒོ་ནས་མ་ཐུབ་ན།།  བུ་སྙིང་སྟོབས་ཆེ་བས་ཐུབ་དོན་མེད།།  ཨ་སྟག་འཁྱིལ་བའི་ཀླུ་མོ་དེ།། ཐབས་ཤེས་རབ་སྒོ་ནས་མ་ཐུབ་ན།། བུ་སྙིང་སྟོབས་ཆེ་བས་ཐུབ་དོན་མེད།།  ད་རུང་དེས་ཀྱང་མི་ཚད་དེ།།  གླིང་ལ་ཁྲ་གླག་སྤྱང་གསུམ་ཡོད།།  བུ་དེ་ཚོའི་ཆུང་མ་ཡུལ་ན་ཡོད།།  ང་སེང་ཆེན་ཆུང་མ་བདུད་ན་ཡོད།། དཔའ་རྟུལ་དམ་པའི་མི་བདུན་ཡོད།། བུ་དུ་ཚོའི་ཆུང་མ་ཡུལ་ན་ཡོད།། ང་སེང་ཆེན་ཆུང་མ་བདུད་ན་ཡོད།།  དཔའ་རྟུལ་སུམ་ཅུ་ཐམ་པ་ཡོད།།  བུ་དེ་ཚོའི་ཆུང་མ་ཡུལ་ན་ཡོད།།  ང་སེང་ཆེན་ཆུང་མ་བདུད་ན་ཡོད།།  ང་འགྲོ་དོན་རྩ་བ་དེ་ལ་ཐུག།  ང་འགྲོ་དོན་རྩ་བ་བཤད་རྒྱུ་ན།། གཅིག་པ་དམེ་བཟའི་ར་མདའ་ཡིན།།  གཉིས་པ་བདུད་རྒན་འདུལ་བར་འགྲོ།  གསུམ་པ་བདུད་སྡེ་ཆོས་ལ་འགོད།།  ང་མི་འགོར་ད་ད་ཐོན་ནི་རེད།།  ཁྱོད་འབྲུག་མོ་མ་འགྲོ་གླིང་ནས་སྡོད།།  གླིང་དཀར་པོའི་བདག་མོ་འབྲུག་མོ་ཡིན།།  གཏམ་ཅི་གསུང་རྒྱ་ཚའི་ཞལ་ལ་ཉོན།།  གཏམ་གོ་ན་འདྲ་ཐང་དེ་འདྲ་བྱོས།།  མ་གོ་གཏམ་ལ་ཉིས་བཤད་མེད།། གླུ་འདི་ལྟར་འབྲུག་མོའི་ཐུགས་ལ་ཞོག  ཅེས་བླངས་པ་དང་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཁོང་བདུད་ཁམས་ལ་ཕེབས་སོ།།

རྩོམ་ཁུངས། རྨ་ཆུའི་སྒྲུང་བ་གཅོད་རྒྱལ་གྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་བ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་སྒྲུང་བ་གཅོད་རྒྱལ་གྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་བདུད་གླིང་གི་སྐོར།

2010-07-09 གཅོད་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།