གསང་གཏམ་ནང་གི་གསང་གཏམ།༡

     ཐེངས་ཤིག་གྲོགས་པོ་ཞིག་གིས་ང་ལ་ཁ་པར་ཡོང་ནས་ཇ་ཁང་དུ་ཤོག་ཟེར་བས་དེ་རུ་སོང་བ་ན་ཁོའི་གམ་དུ་ལང་ཚོ་དར་བའི་བུ་མོ་ཆ་མེད་ཅིག་འདུག   ང་ཚོ་མཉམ་དུ་བསྡད་ནས་ཅུང་ཙམ་ལས་མ་འགོར་བར་ཁོ་མོས་ལ་རྒྱ་དང་གཟི་བརྗིད་མཚོན་པའི་ཉམས་དང་བཅས་སྐད་ཆ་ཅི་ཞིག་བཤད་རུང་"ང་ཚོའི་སློབ་གྲྭ"དང་"ང་ཚོའི་སློབ་གྲྭ"ཏག་ཏག་ཟེར་བས་དེ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པ་ཤེས་བྱུང༌།    ཁོ་མོས་དེང་རབས་ཀྱི་ཆས་མང་བོ་སྤྲས་ཡོད་ལ་ལུས་པོ་ཕར་གཡོ་ཚུར་གཡོ་དང་ཁ་ཕར་འཁོར་ཚུར་འཁོར་ལ་བདུག་ཆུའི་དྲི་ཞིམ་ཞིག་ཀྱང་འཐུལ་ཡོང་བས་མི་སེམས་ལ་སྐྱིད་སྣང་སྟེར་ཡོང་བ་ཞིག་རེད།   འོན་ཀྱང༌།   བར་ཞིག་ལ་ངེད་གཉིས་ཀྱིས་བོད་ཀྱི་བླ་མ་ཚོའི་སྐོར་ཁ་བརྡ་བྱེད་པའི་སྐབས་ཁོ་མོས་ཀྱང་ཅི་ཞིག་དྲན་པ་བཞིན"ག་རེ།  དེའི་མིང་ལ་ཅི་ཟེར་རམ།  བོད་ཀྱི་བླ་མ་དེ"ཟེར་ནས་ཅི་ཞིག་བཤད་རྩིས་བྱས།   ངས་བོད་ལ་དེ་འདྲའི་བླ་མ་མང་བོ་ཞིག་ཡོད་པས་དེའི་ནང་ནས་ཁོ་མོས་སུ་ཟེར་གྱིན་ཡོད་པ་མི་ཤེས་ནའང"ཨ་ལགས་འབྲོང་ཚང་ཨེ་རེད"ཅེས་ཀུ་རེ་དང་བཅས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ནང་གི་མི་སྣ་དེ་བཤད་པ་ན་ཁོ་མོས་གཟབ་ནན་དང་བཅས"མ་རེད་མ་རེད།  ངེད་ཚང་གི་མཆོད་ཁྲིའི་སྟེང་བཤམས་པ་དེའི་མིང་ལ་ཅི་ཟེར་རམ"ཟེར་དུས་ངས་སླར་ཡང་ཀུ་རེ་དང་བཅས"པཎ་ཆེན་རིན་པོ་ཆེ་ཨེ་རེད"ཅེས་དྲིས་པ་ན་ཁོ་མོས"རེད་རེད་རེད།   པཎ་ཆེན་རིན་པོ་ཆེ་ཟེར་བ་དེ་རེད"ཟེར་བས་ང་ངོ་མ་པཎ་ཆེན་རིན་པོ་ཆེའི་མིང་ཡང་མི་ཤེས་པའི་བོད་ཀྱི་བུ་མོ་དེ་ལ་ཁོ་ཆད་ཅིང་དེའི་སྟེང་ལ་ཁོང་ཁྲོ་དང་ཞེན་པ་ཞིག་ཀྱང་ལངས་བས་ཁོ་མོ་དེའི་སྔོན་གྱི་བུ་མོ་མཛེས་སྡུག་ལྡན་པ་དེ་མིན་པའི་སྣང་བ་ཞིག་སྐྱེས།   ངའི་གྲོགས་པོ་དེས་འཛུམ་དམུལ་དམུལ"ཁྱོད་ཀྱིས་མ་ཤེས་པ་མ་གཏོགས་ད་རུང་འདི་འདྲ་མང་ནི་རེད"ཟེར་བ་ལྟ་བུའི་མིག་ཟུང་ཞིག་བརྡབས་ནས་ཇ་ལ་ཧུབ་ཅིག་བརྒྱབ། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་གཏམ་ནང་གི་གསང་གཏམ།༡

2009-06-14 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།