ལ་གཞས་མཐུན་པ་དྲུག་སྐོར་ལས། འབྲལ་བའི་སྐོར།༡


བྱ་ཁུ་ལོ་སྙིང་ལ་རྗེ་བོ།།

ང་རྒྱ་གར་ཡུལ་ལ་འཕུར་དུས།།

ཕྱི་འཁོར་ནས་རྫ་ལ་ལྟ་དུས།།

ནགས་ཙན་དན་ཡིད་ལ་དྲན་གི།

 

འབྲི་ཐུལ་མ་སྙིང་ལ་རྗེ་བོ།།

ང་རྫ་ལུང་གཡས་གཡོན་བརྒྱུད་དུས།།

ཕྱི་འཁོར་ནས་རྫ་ལ་ལྟ་དུས།།

རྩྭ་རམ་དཀར་ཡིད་ལ་དྲན་གི།

 

རོགས་མ་ལོ་སྙིང་ལ་རྗེ་བོ།།

ང་སྡེ་ཆེན་བརྒྱུད་དེ་རྩེ་དུས།།

ཕྱི་འཁོར་ནས་སྡེ་ལ་ལྟ་དུས།།

ཁ་ཚིག་གསུམ་ཡིད་ལ་དྲན་གི།

 

དགུང་ཨ་སྔོན་མི་འགྲོ་འདུག་ནོ་རེད།།

འབྲུག་ཕོ་ཆུང་མི་འདུག་འགྲོ་ནོ་རེད།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

སྨུག་ལང་ལོང་འཐིབས་ན་ཐུག་རྒྱུ་རེད།།

 

ནགས་ཙན་དན་མི་འགྲོ་འདུག་ནོ་རེད།།

བྱ་ཁུ་བྱུག་མི་འདུག་འགྲོ་ནོ་རེད།།

བུད་སོང་བའི་བསམ་པ་མ་འཛིན་དང།།

ཟླ་བཞི་བ་ཚེས་ན་ཐུག་རྒྱུ་རེད།།

 

ང་དགའ་ལོ་མི་འདུག་འགྲོ་ནོ་རེད།།

ཁྱོད་མ་ལོ་མི་འགྲོ་འདུག་ནོ་རེད།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ས་ལ་འོག་བརྒྱུད་ན་ཐུག་རྒྱུ་རེད།།

 

བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།

སྟོད་རྒྱ་གར་ཡུལ་ནས་འཕུར་དུས།།

ཕྱིར་འཁོར་ནས་གཞུག་ལ་ལྟ་དུས།།

ནགས་ཙན་དན་ཡིད་ལ་དྲན་གི།

འདི་དྲན་ན་ཞེ་རེ་སྨྲེང་གི།

 

འབྲི་ཐུལ་མ་སྙིང་ལ་རྗེ་བོ།།

སྨད་རྫ་འདབས་མྱུལ་ནས་འགྲོ་དུས།།

ཕྱིར་འཁོར་ནས་རྫ་ལ་ལྟ་དུས།།

རྩྭ་བྱི་རུག་ཡིད་ལ་དྲན་གི།

འདི་དྲན་ན་ཞེ་རེ་སྨྲེང་གི།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

སྟོད་ཚོ་དྲུག་གྲོང་ལ་འགྲོ་དུས།།

ཕྱིར་འཁོར་ནས་སྡེ་ལ་ལྟ་དུས།།

ནང་ན་ཟླ་ཡིད་ལ་དྲན་གི།

འདི་དྲན་ན་ཞེ་རེ་སྨྲེང་གི།

 

མཚོ་སྔོན་མོ་མར་ཁུ་འཁྱིལ་འདྲ་རེད།།

ཉ་གསེར་མིག་བྱི་རུའི་པ་ཏྲ་རེད།།

མཚོ་རྒས་ནས་ཐིག་ལེ་གཏོང་རག་ལ།།

ཉ་གསེར་མིག་མ་བརྗེད་ཡིད་ལ་ཟུངས།།

 

ས་བྱང་ལམ་མཚོ་མོ་རང་འཁྱིལ་རེད།།

རྟ་འདོ་བ་གློག་དམར་འཁྱུག་འདྲ་རེད།།

རྟ་རྒས་ནས་ཐིག་ལེ་གཏོང་རག་ལ།།

སྒ་བེ་སང་མ་བརྗེད་ཡིད་ལ་ཟུངས།།

 

བོད་ཚོ་ཆེན་མཚོ་མོ་རང་འཁྱིལ་རེད།།

རོགས་ན་ཟླ་མཚོ་ཁའི་མེ་ཏོག་རེད།།

རོགས་རྩེ་ནས་མི་ཁས་འགལ་རག་ལ།།

ང་དགའ་ལོ་མ་བརྗེད་ཡིད་ལ་ཟུངས།།

 

མཛོ་ཆུང་མཛོ་མོ་མཉམ་སྐྱེས་རེད།།

ཁྱོད་མཛོ་མོ་རང་ས་རང་ཡུལ་རེད།།

ང་མཛོ་ཆུང་གོང་མའི་ཁལ་མཛོ་རེད།།

ཁལ་ལྗིད་མོ་རྒྱབ་ལ་བཀལ་བཏང་ན།།

ས་མཐོན་པོའི་ས་མཐར་བུད་བཏང་ན།

ང་མཛོ་ཆུང་སྐོར་རེ་རྒྱག་ཏུ་ཤོག།

 

ཐོ་རུ་ཐོར་མོ་མཉམ་སྐྱེས་རེད།།

ཁྱོད་ཐོར་མོ་རང་ས་རང་ཡུལ་རེད།།

ང་ཐོ་རུ་གོང་མའི་དམག་རྟ་རེད།།

སྒ་ཁྱུང་ཆེན་རྒྱབ་ལ་བསྟད་བཏང་ན།།

ས་མཐོན་པོའི་ས་མཐར་བུད་བཏང་ན།།

ང་ཐོ་རུར་སྐོར་རེ་རྒྱག་ཏུ་ཤོག།

 

དགའ་ལོ་མ་ལོ་མཉམ་སྐྱེས་རེད།།

ཁྱོད་མ་ལོ་རང་ས་རང་ཡུལ་རེད།།

ང་དགའ་ལོ་གོང་མའི་དམག་མི་རེད།།

བོའུ་རྭ་རིང་ཕྲག་ལ་འཁུར་བཏང་ན།།

ང་དགའ་ལོར་སྐོར་རེ་རྒྱག་ཏུ་ཤོག།

 

བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།

དབྱར་དྲུག་པར་གྲགས་ནས་འགྲོ་ནོ་རེད།།

ལྷོ་མོན་ཡུལ་བརྒྱུད་དེ་ཡོང་རག་ལ།།

གསུང་སྙན་མོ་ཡིད་ཀྱིས་བརྗེད་མེད་རེད།།

 

རྟ་འདོ་བ་སྙིང་ལ་རྗེ་བོ།།

འདོ་གོམ་གསུམ་སྤོས་ནས་འགྲོ་ནོ་རེད།

དུས་གཞུག་ཐེངས་སྐོར་ནས་ཡོང་རག་ལ།།

གོམ་བདེ་མོ་ཡིད་ཀྱིས་བརྗེད་མེད་རེད།།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཁ་ཚིག་གསུམ་བཤད་ནས་འགྲོ་ནོ་རེད།།

དུས་གཞུག་ཐེངས་ཐུག་ན་ཡོང་རག་ལ།།

ཞེ་མཐུན་ནོ་ཡིད་ཀྱིས་བརྗེད་མེད་རེད།།

 

སྟོད་གངས་རི་དུང་དཀར་གཡས་འཁྱིལ་རེད།།

སྐེད་རྫ་ཆུ་བདུད་རྩི་བསིལ་མ་རེད།།

བཅུ་མ་ཐུབ་ཡིད་ཀྱིས་བརྗེད་མེད་རེད།།

 

ནགས་ཙན་དན་ལོ་མ་གོས་སྔོན་རེད།།

མགོ་སིལ་ཏོག་བྱིར་དཀར་བྱིར་དམར་རེད།།

འཐུ་མ་ཐུབ་ཡིད་ཀྱིས་བརྗེད་མེད་རེད།།

བོད་ཚོ་ཆེན་ལྷ་ཡུལ་དཀར་བོ་རེད།།

 

རོགས་མ་ལོ་ལྷ་སྐུ་བཞེངས་འདྲ་རེད།།

རྩེ་མ་ཐུབ་ཡིད་ཀྱིས་བརྗེད་མེད་རེད།།

 

ཆུ་ཡག་པ་ལྷ་ལུང་ཕུ་ན་ཡོདལ།།

ཆུ་རྔ་ལྷ་མོ་འགག་ན་ཡོད།།

ཆུ་བྲུག་ནས་དྭངས་རག་ཅིག་ལ།།

ཆུ་དེ་ཚོ་མ་བརྗེད་ཡིད་ལ་ཟུངས།།

 

ཤིང་ཡག་པ་ཙན་དན་ནགས་ན་ཡོད།།

འབྲུ་ཤུག་བྲག་དཀར་གཡས་ན་ཡོད།།

ཤིང་སྐྱེས་ཏེ་སྐམ་རག་བར་ལ།།

ཤིང་དེ་ཚོ་མ་བརྗེད་ཡིད་ལ་ཟུངས།།

 

རོགས་ཡག་པ་སྲིད་སྡེ་གྲོང་ན་ཡོད།།

ཚིག་སྙན་མོ་རང་གི་ཡིད་ན་ཡོད།།

རོགས་རྩེ་ནས་རྒས་རག་བར་ལ།།

ཕོ་ངེད་ཚོ་མ་བརྗེད་ཡིད་ལ་ཟུངས།།

 

བྲག་དམར་ཐེམ་གྱི་ཤུག་སྡོང་།།
བྲག་དམར་ཐེམ་ཁ་གཟར་བས།།

གཅོད་མ་ཐུབ་ཤུག་སྡོང་ལུས་ཡོད།།

ལུས་ཡོད་རུང་ཞེ་རེ་ཆགས་ཡོད།།

 

བྱང་ལམ་གཡས་ཀྱི་རྟ་བོ།།

རྡོ་གོ་མོ་ཕ་བོང་ཆེ་བས།།

བརྒྱུག་མ་ཐུབ་རྟ་བོ་ལུས་ཡོད།།

ལུས་ཡོད་རུང་ཞེ་རེ་ཆགས་ཡོད།།

 

ཚོ་ཆུང་སྡེ་ཡི་རོགས་ལོ།།

ཕྱི་སྡེ་བའི་མི་ཁ་བཙན་པས།།

རྩེ་མ་ཐུབ་རོགས་ལོ་ལུས་ཡོད།།

ལུས་ཡོད་རུང་ཞེ་རེ་ཆགས་ཡོད།།

 

༡༠ནགས་ཙན་དན་མ་གཡོ་མ་ལྡེམ་དང་།།

བྱ་ཁུ་བྱུག་ཕར་འགྲོ་ཚུར་འོང་ཡིན།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ཕྱིར་འོངས་ན་ནགས་ལ་ལོས་འབབ།།

 

ཆུ་རྒྱ་མཚོ་མ་གཡོ་མ་ལྡེམ་དང་།།

བྱ་རྨ་བྱ་ཕར་འགྲོ་ཚུར་འོང་ཡིན།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ཚུར་འོངས་ན་མཚོ་ཁར་ལོས་འབབ།།

 

རོགས་ཆུང་ལོ་མ་གཡོ་མ་ལྡེམ་དང་།།

ང་དགའ་ལོ་ཕར་འགྲོ་ཚུར་འོང་ཡིན།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ཚུར་འོངས་ན་རོགས་ལ་ལོས་རྩེ།།

 

༡༡སྟོད་མཛོ་བརྒྱ་མཛོ་མང་ཁྱུ་ནས།།

མཛོ་གཅིག་ལ་རྭ་ཐམ་བརྒྱབ་ཡོད།།

ཁྱོས་རྭ་ཐམ་སྣོག་ཏུ་མ་འཇུག།

ང་མཛོ་བདག་ཡིད་ནས་མི་བརྗེད།།

 

བྱང་རྟ་བརྒྱ་རྟ་མང་ཁྱུ་ནས།།

རྟ་གཅིག་ལ་རྟ་ཐམ་བརྒྱབ་ཡོད།།

ཁྱོས་རྟ་ཐམ་སྣོག་ཏུ་མ་འཇུག།

ང་རྟ་བདག་ཡིད་ནས་མི་བརྗེད།།

 

སྡེ་རོགས་བརྒྱ་རོགས་མང་ཁྱུ་ནས།།

རོགས་གཅིག་ལ་ཚིག་གསུམ་བཤད་ཡོད།།

ཁྱོས་ཚིག་གསུམ་ཡིད་ནས་མ་བརྗེད།།

ངས་ཚེ་གང་ཡིད་ནས་མི་བརྗེད།།

 

༡༢གནས་འཁོར་ལོ་རྩིབས་བརྒྱད་མན་ཆད་ནས།།

ས་པད་མ་འདབས་བརྒྱད་ཡན་ཆད་ནས།།

བློས་མི་ཐོངས་འཛམ་གླིང་ཉི་མ་རེད།།

བློས་ཐོངས་རུང་དྲོད་གསལ་མི་བརྗེད།།

 

སྟོད་རི་རྒྱལ་ལྷུན་པོའི་མན་ཆད་ནས།།

སྨད་རྒྱ་ནག་དར་རྩེའི་ཡན་ཆད་ནས།།

བློས་མི་ཐོངས་གོས་ཆེན་གསེར་མ་རེད།།

བློས་ཐོངས་རུང་རི་མོ་མི་བརྗེད།།

 

ནང་དྲིན་ཆེན་ཕ་མའི་མན་ཆད་ནས།།

ནང་ལས་མཐུན་བཟའ་བའི་ཡན་ཆད་ནས།།

བློས་མི་ཐོངས་རོགས་ལོ་ཁྱོད་རེད།།

བློས་ཐོངས་རུང་ཡིད་ཀྱི་མི་བརྗེད།།

 

༡༣མཚོ་སྔོན་མོར་འགྲམ་དར་ཆགས་ན།།

བྱ་ངང་བས་ངང་ཕྲུག་མི་བསྐྱུར་མོ།།

བྱ་ངང་བས་ངང་ཕྲུག་བསྐྱུར་བཏང་ན།།

བྱ་ངང་བར་ཞེ་སེམས་མེད་ནི་རེད།།

 

ནགས་ཙན་ཆུང་སེར་བོར་འགྲོ་དུས།།

ཤ་ཡུ་མོས་ཤེའུ་མི་བསྐྱུར་མོ།།

ཤ་ཡུ་མོས་ཤེའུ་བསྐྱུར་བཏང་ན།།

ཤ་ཡུ་མོར་ཞེ་བསམ་མེད་ནི་རེད།།

 

རོགས་མ་ལོ་ཡུལ་ལ་འགྲོ་དུས་ན།།

རོགས་མ་ལོས་དགའ་ལོ་མི་བསྐྱུར་མོ།།

རོགས་མ་ལོས་དགའ་ལོ་བསྐྱུར་བཏང་ན།།

རོགས་མ་ལོར་ཞེ་བསམ་མེད་ནི་རེད།།

 

༡༤འབྲི་ཐུལ་མའི་ལྗང་སྨུག་རྭ་ལ།།

ངས་མི་སྣོག་རྭ་ཐེལ་བརྒྱབ་ཡོད།།

འབྲི་བསམ་པ་ཅན་ཞིག་ཁྱོད་ཡིན་ན།།

ཐེལ་དེ་ཚོ་སྣོག་ཏུ་མ་འཇུག་དང་།།

ཚེ་གཅིག་གི་བཞོ་འབྲི་ཁྱོད་བྱེད།།

 

རྟ་འདོ་བའི་ཕུམ་དཀར་གསེང་ལ།།

ངས་མི་འབོར་སྲུང་ཐག་བཏགས་ཡོད།།

རྟ་བསམ་པ་ཅན་ཞིག་ཡིན་ན།།

སྲུང་དེ་ཚོ་འབོར་ཏུ་མ་འཇུག་དང་།།

ཚེ་གཅིག་གི་བློ་རྟ་ཁྱོད་བྱེད།།

 

རོགས་ཁྱོད་ཚོའི་གངས་དཀར་ཡིད་ལ།།

ངས་མི་བརྗེད་ཚིག་གསུམ་བཤད་ཡོད།།

རོགས་བསམ་པ་ཅན་ཞིག་ཡིན་ན།།

ཚིག་དེ་ཚོ་བརྗེད་དུ་མ་འཇུག་དང་།།

ཚེ་གཅིག་གི་རྩེ་རོགས་ཁྱོད་བྱེད།།

 

༡༥ཡར་སྟོད་ན་རྫ་ཞིག་རིག་ལེ་བོ།།

སྟོད་ཨ་ཕྱུག་ཚེ་སྔོན་རྫ་རྒྱུད་རེད།།

འབྲི་ཐུལ་མའི་ཕ་ས་ཕ་ཡུལ་རེད།།

རྭ་ལྗང་སྨུག་མཁར་ཆུང་རྡུང་ས་རེད།།

ཞོ་འོ་མའི་འབྲེལ་རེ་འཇོག་ས་རེད།།

 

ཕར་བར་ན་ཐང་གཅིག་རིག་ལེ་བོ།།

ས་རྒན་རྒྱའི་ཐང་རྒྱ་བར་མ་རེད།།

རྟ་འདོ་བའི་ཕ་ས་ཕ་ཡུལ་རེད།།

ལྕགས་རྨིག་པས་མཁར་ཆུང་རྡུང་ས་རེད།།

རྒྱུག་གོམ་པས་འབྲེལ་རེ་འཇོག་ས་རེད།།

 

མར་སྨད་ན་སྡེ་རེ་རིག་ལེ་བོ།།

བོད་ཚོ་ཆེན་སྲིད་སྡེ་ཞོལ་མ་རེད།།

རོགས་ན་ཟླའི་ཕ་ས་ཕ་ཡུལ་རེད།།

ངག་ཕྲ་མོའི་མཁར་ཆུང་རྡུང་ས་རེད།།

ཚིག་དོན་པའི་འབྲེལ་རེ་འཇོག་ས་རེད།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། འབྲལ་བའི་སྐོར།༡

2009-07-27 བོད་མི་དམངས། ཀློག་གྲངས། མཆན ཡོད།


བྱ་ཁུ་ལོ་སྙིང་ལ་རྗེ་བོ།།

ང་རྒྱ་གར་ཡུལ་ལ་འཕུར་དུས།།

ཕྱི་འཁོར་ནས་རྫ་ལ་ལྟ་དུས།།

ནགས་ཙན་དན་ཡིད་ལ་དྲན་གི།

 

འབྲི་ཐུལ་མ་སྙིང་ལ་རྗེ་བོ།།

ང་རྫ་ལུང་གཡས་གཡོན་བརྒྱུད་དུས།།

ཕྱི་འཁོར་ནས་རྫ་ལ་ལྟ་དུས།།

རྩྭ་རམ་དཀར་ཡིད་ལ་དྲན་གི།

 

རོགས་མ་ལོ་སྙིང་ལ་རྗེ་བོ།།

ང་སྡེ་ཆེན་བརྒྱུད་དེ་རྩེ་དུས།།

ཕྱི་འཁོར་ནས་སྡེ་ལ་ལྟ་དུས།།

ཁ་ཚིག་གསུམ་ཡིད་ལ་དྲན་གི།

 

དགུང་ཨ་སྔོན་མི་འགྲོ་འདུག་ནོ་རེད།།

འབྲུག་ཕོ་ཆུང་མི་འདུག་འགྲོ་ནོ་རེད།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

སྨུག་ལང་ལོང་འཐིབས་ན་ཐུག་རྒྱུ་རེད།།

 

ནགས་ཙན་དན་མི་འགྲོ་འདུག་ནོ་རེད།།

བྱ་ཁུ་བྱུག་མི་འདུག་འགྲོ་ནོ་རེད།།

བུད་སོང་བའི་བསམ་པ་མ་འཛིན་དང།།

ཟླ་བཞི་བ་ཚེས་ན་ཐུག་རྒྱུ་རེད།།

 

ང་དགའ་ལོ་མི་འདུག་འགྲོ་ནོ་རེད།།

ཁྱོད་མ་ལོ་མི་འགྲོ་འདུག་ནོ་རེད།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ས་ལ་འོག་བརྒྱུད་ན་ཐུག་རྒྱུ་རེད།།

 

བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།

སྟོད་རྒྱ་གར་ཡུལ་ནས་འཕུར་དུས།།

ཕྱིར་འཁོར་ནས་གཞུག་ལ་ལྟ་དུས།།

ནགས་ཙན་དན་ཡིད་ལ་དྲན་གི།

འདི་དྲན་ན་ཞེ་རེ་སྨྲེང་གི།

 

འབྲི་ཐུལ་མ་སྙིང་ལ་རྗེ་བོ།།

སྨད་རྫ་འདབས་མྱུལ་ནས་འགྲོ་དུས།།

ཕྱིར་འཁོར་ནས་རྫ་ལ་ལྟ་དུས།།

རྩྭ་བྱི་རུག་ཡིད་ལ་དྲན་གི།

འདི་དྲན་ན་ཞེ་རེ་སྨྲེང་གི།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

སྟོད་ཚོ་དྲུག་གྲོང་ལ་འགྲོ་དུས།།

ཕྱིར་འཁོར་ནས་སྡེ་ལ་ལྟ་དུས།།

ནང་ན་ཟླ་ཡིད་ལ་དྲན་གི།

འདི་དྲན་ན་ཞེ་རེ་སྨྲེང་གི།

 

མཚོ་སྔོན་མོ་མར་ཁུ་འཁྱིལ་འདྲ་རེད།།

ཉ་གསེར་མིག་བྱི་རུའི་པ་ཏྲ་རེད།།

མཚོ་རྒས་ནས་ཐིག་ལེ་གཏོང་རག་ལ།།

ཉ་གསེར་མིག་མ་བརྗེད་ཡིད་ལ་ཟུངས།།

 

ས་བྱང་ལམ་མཚོ་མོ་རང་འཁྱིལ་རེད།།

རྟ་འདོ་བ་གློག་དམར་འཁྱུག་འདྲ་རེད།།

རྟ་རྒས་ནས་ཐིག་ལེ་གཏོང་རག་ལ།།

སྒ་བེ་སང་མ་བརྗེད་ཡིད་ལ་ཟུངས།།

 

བོད་ཚོ་ཆེན་མཚོ་མོ་རང་འཁྱིལ་རེད།།

རོགས་ན་ཟླ་མཚོ་ཁའི་མེ་ཏོག་རེད།།

རོགས་རྩེ་ནས་མི་ཁས་འགལ་རག་ལ།།

ང་དགའ་ལོ་མ་བརྗེད་ཡིད་ལ་ཟུངས།།

 

མཛོ་ཆུང་མཛོ་མོ་མཉམ་སྐྱེས་རེད།།

ཁྱོད་མཛོ་མོ་རང་ས་རང་ཡུལ་རེད།།

ང་མཛོ་ཆུང་གོང་མའི་ཁལ་མཛོ་རེད།།

ཁལ་ལྗིད་མོ་རྒྱབ་ལ་བཀལ་བཏང་ན།།

ས་མཐོན་པོའི་ས་མཐར་བུད་བཏང་ན།

ང་མཛོ་ཆུང་སྐོར་རེ་རྒྱག་ཏུ་ཤོག།

 

ཐོ་རུ་ཐོར་མོ་མཉམ་སྐྱེས་རེད།།

ཁྱོད་ཐོར་མོ་རང་ས་རང་ཡུལ་རེད།།

ང་ཐོ་རུ་གོང་མའི་དམག་རྟ་རེད།།

སྒ་ཁྱུང་ཆེན་རྒྱབ་ལ་བསྟད་བཏང་ན།།

ས་མཐོན་པོའི་ས་མཐར་བུད་བཏང་ན།།

ང་ཐོ་རུར་སྐོར་རེ་རྒྱག་ཏུ་ཤོག།

 

དགའ་ལོ་མ་ལོ་མཉམ་སྐྱེས་རེད།།

ཁྱོད་མ་ལོ་རང་ས་རང་ཡུལ་རེད།།

ང་དགའ་ལོ་གོང་མའི་དམག་མི་རེད།།

བོའུ་རྭ་རིང་ཕྲག་ལ་འཁུར་བཏང་ན།།

ང་དགའ་ལོར་སྐོར་རེ་རྒྱག་ཏུ་ཤོག།

 

བྱ་ཁུ་བྱུག་སྙིང་ལ་རྗེ་བོ།།

དབྱར་དྲུག་པར་གྲགས་ནས་འགྲོ་ནོ་རེད།།

ལྷོ་མོན་ཡུལ་བརྒྱུད་དེ་ཡོང་རག་ལ།།

གསུང་སྙན་མོ་ཡིད་ཀྱིས་བརྗེད་མེད་རེད།།

 

རྟ་འདོ་བ་སྙིང་ལ་རྗེ་བོ།།

འདོ་གོམ་གསུམ་སྤོས་ནས་འགྲོ་ནོ་རེད།

དུས་གཞུག་ཐེངས་སྐོར་ནས་ཡོང་རག་ལ།།

གོམ་བདེ་མོ་ཡིད་ཀྱིས་བརྗེད་མེད་རེད།།

 

རོགས་ཆུང་ལོ་སྙིང་ལ་རྗེ་བོ།།

ཁ་ཚིག་གསུམ་བཤད་ནས་འགྲོ་ནོ་རེད།།

དུས་གཞུག་ཐེངས་ཐུག་ན་ཡོང་རག་ལ།།

ཞེ་མཐུན་ནོ་ཡིད་ཀྱིས་བརྗེད་མེད་རེད།།

 

སྟོད་གངས་རི་དུང་དཀར་གཡས་འཁྱིལ་རེད།།

སྐེད་རྫ་ཆུ་བདུད་རྩི་བསིལ་མ་རེད།།

བཅུ་མ་ཐུབ་ཡིད་ཀྱིས་བརྗེད་མེད་རེད།།

 

ནགས་ཙན་དན་ལོ་མ་གོས་སྔོན་རེད།།

མགོ་སིལ་ཏོག་བྱིར་དཀར་བྱིར་དམར་རེད།།

འཐུ་མ་ཐུབ་ཡིད་ཀྱིས་བརྗེད་མེད་རེད།།

བོད་ཚོ་ཆེན་ལྷ་ཡུལ་དཀར་བོ་རེད།།

 

རོགས་མ་ལོ་ལྷ་སྐུ་བཞེངས་འདྲ་རེད།།

རྩེ་མ་ཐུབ་ཡིད་ཀྱིས་བརྗེད་མེད་རེད།།

 

ཆུ་ཡག་པ་ལྷ་ལུང་ཕུ་ན་ཡོདལ།།

ཆུ་རྔ་ལྷ་མོ་འགག་ན་ཡོད།།

ཆུ་བྲུག་ནས་དྭངས་རག་ཅིག་ལ།།

ཆུ་དེ་ཚོ་མ་བརྗེད་ཡིད་ལ་ཟུངས།།

 

ཤིང་ཡག་པ་ཙན་དན་ནགས་ན་ཡོད།།

འབྲུ་ཤུག་བྲག་དཀར་གཡས་ན་ཡོད།།

ཤིང་སྐྱེས་ཏེ་སྐམ་རག་བར་ལ།།

ཤིང་དེ་ཚོ་མ་བརྗེད་ཡིད་ལ་ཟུངས།།

 

རོགས་ཡག་པ་སྲིད་སྡེ་གྲོང་ན་ཡོད།།

ཚིག་སྙན་མོ་རང་གི་ཡིད་ན་ཡོད།།

རོགས་རྩེ་ནས་རྒས་རག་བར་ལ།།

ཕོ་ངེད་ཚོ་མ་བརྗེད་ཡིད་ལ་ཟུངས།།

 

བྲག་དམར་ཐེམ་གྱི་ཤུག་སྡོང་།།
བྲག་དམར་ཐེམ་ཁ་གཟར་བས།།

གཅོད་མ་ཐུབ་ཤུག་སྡོང་ལུས་ཡོད།།

ལུས་ཡོད་རུང་ཞེ་རེ་ཆགས་ཡོད།།

 

བྱང་ལམ་གཡས་ཀྱི་རྟ་བོ།།

རྡོ་གོ་མོ་ཕ་བོང་ཆེ་བས།།

བརྒྱུག་མ་ཐུབ་རྟ་བོ་ལུས་ཡོད།།

ལུས་ཡོད་རུང་ཞེ་རེ་ཆགས་ཡོད།།

 

ཚོ་ཆུང་སྡེ་ཡི་རོགས་ལོ།།

ཕྱི་སྡེ་བའི་མི་ཁ་བཙན་པས།།

རྩེ་མ་ཐུབ་རོགས་ལོ་ལུས་ཡོད།།

ལུས་ཡོད་རུང་ཞེ་རེ་ཆགས་ཡོད།།

 

༡༠ནགས་ཙན་དན་མ་གཡོ་མ་ལྡེམ་དང་།།

བྱ་ཁུ་བྱུག་ཕར་འགྲོ་ཚུར་འོང་ཡིན།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ཕྱིར་འོངས་ན་ནགས་ལ་ལོས་འབབ།།

 

ཆུ་རྒྱ་མཚོ་མ་གཡོ་མ་ལྡེམ་དང་།།

བྱ་རྨ་བྱ་ཕར་འགྲོ་ཚུར་འོང་ཡིན།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ཚུར་འོངས་ན་མཚོ་ཁར་ལོས་འབབ།།

 

རོགས་ཆུང་ལོ་མ་གཡོ་མ་ལྡེམ་དང་།།

ང་དགའ་ལོ་ཕར་འགྲོ་ཚུར་འོང་ཡིན།།

བུད་སོང་བའི་བསམ་པ་མ་འཛིན་དང་།།

ཚུར་འོངས་ན་རོགས་ལ་ལོས་རྩེ།།

 

༡༡སྟོད་མཛོ་བརྒྱ་མཛོ་མང་ཁྱུ་ནས།།

མཛོ་གཅིག་ལ་རྭ་ཐམ་བརྒྱབ་ཡོད།།

ཁྱོས་རྭ་ཐམ་སྣོག་ཏུ་མ་འཇུག།

ང་མཛོ་བདག་ཡིད་ནས་མི་བརྗེད།།

 

བྱང་རྟ་བརྒྱ་རྟ་མང་ཁྱུ་ནས།།

རྟ་གཅིག་ལ་རྟ་ཐམ་བརྒྱབ་ཡོད།།

ཁྱོས་རྟ་ཐམ་སྣོག་ཏུ་མ་འཇུག།

ང་རྟ་བདག་ཡིད་ནས་མི་བརྗེད།།

 

སྡེ་རོགས་བརྒྱ་རོགས་མང་ཁྱུ་ནས།།

རོགས་གཅིག་ལ་ཚིག་གསུམ་བཤད་ཡོད།།

ཁྱོས་ཚིག་གསུམ་ཡིད་ནས་མ་བརྗེད།།

ངས་ཚེ་གང་ཡིད་ནས་མི་བརྗེད།།

 

༡༢གནས་འཁོར་ལོ་རྩིབས་བརྒྱད་མན་ཆད་ནས།།

ས་པད་མ་འདབས་བརྒྱད་ཡན་ཆད་ནས།།

བློས་མི་ཐོངས་འཛམ་གླིང་ཉི་མ་རེད།།

བློས་ཐོངས་རུང་དྲོད་གསལ་མི་བརྗེད།།

 

སྟོད་རི་རྒྱལ་ལྷུན་པོའི་མན་ཆད་ནས།།

སྨད་རྒྱ་ནག་དར་རྩེའི་ཡན་ཆད་ནས།།

བློས་མི་ཐོངས་གོས་ཆེན་གསེར་མ་རེད།།

བློས་ཐོངས་རུང་རི་མོ་མི་བརྗེད།།

 

ནང་དྲིན་ཆེན་ཕ་མའི་མན་ཆད་ནས།།

ནང་ལས་མཐུན་བཟའ་བའི་ཡན་ཆད་ནས།།

བློས་མི་ཐོངས་རོགས་ལོ་ཁྱོད་རེད།།

བློས་ཐོངས་རུང་ཡིད་ཀྱི་མི་བརྗེད།།

 

༡༣མཚོ་སྔོན་མོར་འགྲམ་དར་ཆགས་ན།།

བྱ་ངང་བས་ངང་ཕྲུག་མི་བསྐྱུར་མོ།།

བྱ་ངང་བས་ངང་ཕྲུག་བསྐྱུར་བཏང་ན།།

བྱ་ངང་བར་ཞེ་སེམས་མེད་ནི་རེད།།

 

ནགས་ཙན་ཆུང་སེར་བོར་འགྲོ་དུས།།

ཤ་ཡུ་མོས་ཤེའུ་མི་བསྐྱུར་མོ།།

ཤ་ཡུ་མོས་ཤེའུ་བསྐྱུར་བཏང་ན།།

ཤ་ཡུ་མོར་ཞེ་བསམ་མེད་ནི་རེད།།

 

རོགས་མ་ལོ་ཡུལ་ལ་འགྲོ་དུས་ན།།

རོགས་མ་ལོས་དགའ་ལོ་མི་བསྐྱུར་མོ།།

རོགས་མ་ལོས་དགའ་ལོ་བསྐྱུར་བཏང་ན།།

རོགས་མ་ལོར་ཞེ་བསམ་མེད་ནི་རེད།།

 

༡༤འབྲི་ཐུལ་མའི་ལྗང་སྨུག་རྭ་ལ།།

ངས་མི་སྣོག་རྭ་ཐེལ་བརྒྱབ་ཡོད།།

འབྲི་བསམ་པ་ཅན་ཞིག་ཁྱོད་ཡིན་ན།།

ཐེལ་དེ་ཚོ་སྣོག་ཏུ་མ་འཇུག་དང་།།

ཚེ་གཅིག་གི་བཞོ་འབྲི་ཁྱོད་བྱེད།།

 

རྟ་འདོ་བའི་ཕུམ་དཀར་གསེང་ལ།།

ངས་མི་འབོར་སྲུང་ཐག་བཏགས་ཡོད།།

རྟ་བསམ་པ་ཅན་ཞིག་ཡིན་ན།།

སྲུང་དེ་ཚོ་འབོར་ཏུ་མ་འཇུག་དང་།།

ཚེ་གཅིག་གི་བློ་རྟ་ཁྱོད་བྱེད།།

 

རོགས་ཁྱོད་ཚོའི་གངས་དཀར་ཡིད་ལ།།

ངས་མི་བརྗེད་ཚིག་གསུམ་བཤད་ཡོད།།

རོགས་བསམ་པ་ཅན་ཞིག་ཡིན་ན།།

ཚིག་དེ་ཚོ་བརྗེད་དུ་མ་འཇུག་དང་།།

ཚེ་གཅིག་གི་རྩེ་རོགས་ཁྱོད་བྱེད།།

 

༡༥ཡར་སྟོད་ན་རྫ་ཞིག་རིག་ལེ་བོ།།

སྟོད་ཨ་ཕྱུག་ཚེ་སྔོན་རྫ་རྒྱུད་རེད།།

འབྲི་ཐུལ་མའི་ཕ་ས་ཕ་ཡུལ་རེད།།

རྭ་ལྗང་སྨུག་མཁར་ཆུང་རྡུང་ས་རེད།།

ཞོ་འོ་མའི་འབྲེལ་རེ་འཇོག་ས་རེད།།

 

ཕར་བར་ན་ཐང་གཅིག་རིག་ལེ་བོ།།

ས་རྒན་རྒྱའི་ཐང་རྒྱ་བར་མ་རེད།།

རྟ་འདོ་བའི་ཕ་ས་ཕ་ཡུལ་རེད།།

ལྕགས་རྨིག་པས་མཁར་ཆུང་རྡུང་ས་རེད།།

རྒྱུག་གོམ་པས་འབྲེལ་རེ་འཇོག་ས་རེད།།

 

མར་སྨད་ན་སྡེ་རེ་རིག་ལེ་བོ།།

བོད་ཚོ་ཆེན་སྲིད་སྡེ་ཞོལ་མ་རེད།།

རོགས་ན་ཟླའི་ཕ་ས་ཕ་ཡུལ་རེད།།

ངག་ཕྲ་མོའི་མཁར་ཆུང་རྡུང་ས་རེད།།

ཚིག་དོན་པའི་འབྲེལ་རེ་འཇོག་ས་རེད།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།