ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(1)

དཔྱིད་དཔལ་ཡོན་རྒྱས་པའི་དུས་སུ།
འབྲུ་ལོ་ཏོག་སྣ་ལྔ་སྐྱེས་དུས།།
ཟླ་བཞི་བའི་ཚེས་གཅིག་ཉིན་ལ།
སྡེ་གསེར་གཞུང་ཧོར་གཙང་ཁོག་ན།།
རང་སྒོ་ཞིང་གྲུ་བཞིའི་སྟེང་ནས།།
མ་ཟླ་བཟང་ཡུར་མ་ཡུར་དུས།།
དགུང་ཉི་རྩེ་ས་ལ་བརྒྱབ་ཐལ།
ཞིང་གྲུ་བཞིའི་མཐའ་ལ་ཤར་ཐལ།།
མ་བཟང་མོ་ཟླ་བཟང་སྒྲོལ་མས།།
མགོ་བཀྱགས་ནས་ལྷོ་ལ་བལྟ་དུས།།
ལྷོ་རི་བོར་སྨུག་པས་བསྐོར་ཡོད།།
སེམས་ཆགས་ནས་གླུ་འདི་བླངས་སོང་།།
སྟོད་རི་མགོ་སྨུག་པའི་ཡུལ་རེད།
བར་རི་སྐེད་ནགས་ཀྱི་རྫོང་རེད།
ཞབས་རི་འདབས་རྩི་ཏོག་ཐང་རེད།།
ཇི་འདྲ་བའི་རི་བོ་ལྷུན་ཆགས།།
འདི་ཡིན་པ་ཏཱ་ནའི་སྟོད་རེད།།
སྡེ་འཛོམ་པོ་ཧོར་གཙང་མི་ཡིས།།
ཡིད་བཅད་ནས་འཕྲོག་སའི་ས་རེད།།
སྡེ་ཡག་པ་ཏཱ་ནའི་སྟོད་ན།།
རྩྭ་རྩི་ཏོག་ལྡུམ་ར་བསྒྱིལ་བསྒྱིལ །
སྡོང་གསོམ་ལྗང་ལོ་ལེགས་སྐྱེས་སྐྱེས།།
ཆུ་གཙང་གཡུ་འབྲུག་འཁྱིལ་འཁྱིལ།།
མཛོ་ཁྱུང་དཀར་སེང་གེ་འགྱིང་འགྱིང་།
རྟ་འདོ་རིག་གློག་དམར་འཁྱུག་འཁྱུག།
ལུག་གཡང་དཀར་སྐར་ཚོགས་ཤར་ཤར།།
དེའི་མི་ཚད་ཞེ་སེམས་ཆགས་ས།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
རོགས་ཉི་མ་ཚེ་རིང་བཤད་ན།།
གློ་མཆིན་པའི་སྟེང་འོག་བརྗེ་གི།
ཕྱི་ཕོ་སྒོ་ཆགས་རེ་བཞག་ན།།
ནང་སྔ་མའི་ཉི་མ་ཤར་འདྲ།།
ལུས་ཕྲ་མོ་དཔེ་རེ་བླངས་ན།།
སྟག་འཛུམ་དྲུག་ཐིག་ལེ་རྒྱས་འདྲ།།
ངག་ཚིག་གསུམ་ཆགས་རེ་བཞག་ན།།
ཕ་བླ་མས་མགུར་མ་གསུངས་འདྲ།།
སྐྱེས་བཟང་འཛོམས་གསུམ་འཛོམས་པ།།
ངའི་ཡིད་འཕྲོག་ཉི་མར་འཛོམས་ཡོད།།
ཕོ་བཟང་པོ་ཉི་མ་གླེང་ན།།
རང་ཁ་ནས་དབུགས་རིང་ཤོར་གི།
རོགས་ངེད་གཉིས་ན་ཆུང་དུས་ལ།།
ཆུང་ལོ་གཅིག་སྟེང་ནས་མཉམ་རྩེ།།
ཟས་ཞིམ་པོ་ཡོད་ན་མཉམ་ཟ།།
ལུག་གཡང་དཀར་འཚོ་ན་མཉམ་འཚོ།
ངག་ལ་གཞས་འཐེན་ན་མཉམ་འཐེན།།
དེ་རེ་རེ་ཡིད་ལ་ཤར་ན།།
ཡང་ཉི་མ་ངེད་གཉིས་དམ་བཅའ།
ནམ་ཡིན་རུང་བརྗེད་རྒྱུ་ཆད་ཡོད།།
ཚེ་གཏན་དུ་འགྲོགས་པའི་རེ་བ།།
ལྷ་དཀོན་མཆོག་གསུམ་ལ་ཞུས་ཀྱང་།།
ཡུལ་ཕ་མས་རྒྱུ་ལ་བལྟས་ནས།།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ས་ཧོར་གཙང་ཁོག་ལ་བྱིན་ཐལ།
རོགས་ཕ་མས་མིག་ཆུང་ཕྲ་ནས།།
ཕོ་བཟང་པོ་ཉི་མ་དེ་ལ།།
མདངས་མེད་པའི་ཆུང་མ་བླངས་ཐལ།།
ཚེ་གང་བོའི་གཏན་གྲོགས་དམ་བཅའ།།
རླུང་བསེར་བུས་ཤོག་ལེབ་ཁུར་ཁུར།།
འཁུར་སོང་ནས་མཐོང་རྒྱུ་མ་བྱུང་།།
ལྷོ་རི་བོ་ལྷུན་ཆགས་འདབས་ནས།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
རྟ་འདོ་བ་གྲོ་གཞིར་ཞོན་ནས།།
མ་ང་ཚོའི་རྩིབ་ལ་ཐོན་ཐལ།།
ཁོ་ཐོན་ནས་བདེ་འཚམས་འདྲི་གི།
དེའི་ཞོར་ལ་སྙིང་གཏམ་གླེང་གི།
ཉིན་གང་གི་སྟོད་སྨད་ཅིག་ལ།།
ཚིག་ཡར་མར་བཅོ་བརྒྱད་གླེང་ནས།།
བཤད་བཤད་ཀི་རྔ་མ་ཞིག་ལ།
ཚིག་སྙན་མོ་དབྱངས་ལ་བཀུག་ནས།།
ངག་སྙན་མོ་ཁུ་བྱུག་གསུང་འདྲ།་
སེམས་འགུག་པའི་གླུ་ཞིག་བླངས་སོང་།
གནམ་འཁོར་ལོ་རྩིབས་བརྒྱད་འོག་ནས།།
ས་པད་མ་འདབ་བརྒྱད་སྟེང་ན།།
སྡེ་ཡག་པ་གཡུང་དྲུང་འདྲ་བོ།།
སྡེ་ཆེན་པོ་ཏཱ་ནའི་སྟོད་རེད།།
ས་ཡག་པ་གསེར་གཞུང་འདྲ་བོ།།
སྡེ་འཛོམས་པོ་ཧོར་གཙང་ཁོག་རེད།།
སྡེ་ཧོར་གཙང་ཁོག་གི་མ་ལོ།།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ཁ་ཚུར་འཁོར་སྔོན་ནས་བལྟས་ན།།
ཕྱི་མོ་སྒོ་བཅོ་ལྔའི་དུང་ཟླ།།
ཁ་ཕར་འཁོར་གཞུག་ནས་བལྟས་ན།།
ལུས་སྐྱེས་གཟུགས་སྨྱུག་མ་ཚིགས་དྲུག།
འགྲོ་གོམ་པ་གོམ་གསུམ་སྤོས་ན།།
བྱ་རྨ་བྱས་སྒྲོ་གུར་ཕུབ་འདྲ།།
ས་འཇིག་རྟེན་གནམ་གི་འོག་ན།།
མ་ཟླ་བཟང་འདྲ་ཞིག་མེད་ཀི།
འདི་འཛོམས་གསུམ་འཛོམས་ཀི་མ་ལོ།།
མ་བཟང་མོ་ཟླ་བཟང་སྒྲོལ་མས།།
ཁའི་དུང་སོ་སུམ་ཅུའི་བར་ནས།།
ལྕེ་དར་མའི་མདུད་པ་བཀྲོལ་ཏེ།།
ངག་སྙན་མོ་དབྱངས་ལ་བཀུག་ནས།།
ཁ་བགད་ནས་ཚིག་གསུམ་བཤད་ནོ།།
ཕ་བླ་མས་མགུར་མ་གསུངས་འདྲ།།
དབྱངས་སྙན་མོར་བསྒྱུར་ནས་བླངས་པར།།
ཚེ་གཅིག་གི་མི་ལུས་བླངས་ནས།།
མོ་ཞིག་གི་སྐྱེས་ལུས་ཐོབ་པས།།
ས་འཇིག་རྟེན་ཐོག་གི་འཚོ་བར།།
སེམས་བསམ་པས་ཞེ་རེ་ཆགས་ཡོད།།
སྡེ་ཏཱ་ནའི་སྟོད་ཀི་དགའ་ལོ།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ཞེ་བསམ་པའི་སྣང་བ་མཐུན་ཡོད།།
ནམ་ཡིན་ན་ཡོང་གིན་མ་འདུག།
རང་མ་ཡོང་ཟེར་ནི་མིན་ད།།
ཡུལ་ཕ་མས་རྒྱུ་ལ་བལྟས་ནས།།
ས་ཧོར་གཙང་ཁོག་ལ་བྱིན་ཐལ།།
སྡེ་ཚོ་བ་གཅིག་གི་མིན་མོད །
ཁྱིམ་བཟའ་བས་མིག་གིས་འཚོས་ཡོད།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
སྡེ་ཆེན་པོ་ཁ་ཞེང་ཆེ་ནོ།།
ལམ་སྐྱ་མོ་ཁ་ཐག་རིང་ནོ།།
རྫ་ཁྲ་ཡག་འཕྲང་འགག་དོག་ནོ།།
སྤྱང་དར་མ་འདུར་རྒྱུག་ངན་ནོ།།
ཆུ་རྨ་ཆུ་རྦ་རླབས་མཐོ་ནོ།།
ཕྱི་སྡེ་བ་བཤད་དགའ་ཆེ་ནོ།།
དགྲ་ནག་པོ་གདུག་རྩུབ་ཆེ་ནོ།།
ཁྱིམ་ཆུང་མ་སྣང་བ་མཐོ་ནོ།།
ཕོ་ཁྱེད་ཚོའི་སེམས་ན་ལོས་ཡོད།།
མ་ང་ཚོའི་རེ་བ་ཡིན་ན།།
ཕྱིར་འཁོར་ར་འདང་ཞིག་རྒྱོབ་ལ།།
ཡུལ་ཕ་མའི་ཁ་ལེན་ཚིག་བརྩི།
ཁྱིམ་ཆུང་མའི་རྩེ་ཡ་དགོད་ཡར།།
ཚེ་རིང་རྒྱུའི་བུ་ལོ་ལྡན་ན།།
རོགས་འུ་གཉིས་ཐུག་པའི་ཡན་རེད།།
མ་ཟླ་བཟང་རེ་བ་དེ་ཡིན།།
ཕོ་ཉི་མའི་སེམས་ལ་དེ་ཟུངས།།

ཉི་མ་ཚེ་རིང་གིས།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ཁྱོས་དེ་མོ་བཤད་སྲོལ་ཨེ་ཡོད།།
ཁྱོད་མ་ཐུག་ལོ་ངོ་གཅིག་སོང་།།
ཁྱོད་མ་དྲན་ཉིན་མ་གཅིག་མེད།།
ཉིན་དེ་རིང་འདི་ནས་ཐུག་ནས།།
ཁ་བགད་ནས་ཚིག་གསུམ་བཤད་ན།།
ཁྱོས་རེམ་མ་ད་སོང་ཟེར་གི།
ས་ཧོར་གཙང་ཁོག་ལ་ཐོན་ནས།།
ཕྱིར་འགྲོ་བའི་བསམ་པ་ངར་མེད།
དེའི་མི་ཚད་དོ་དགོང་འདུག་རྒྱུ།
མ་ཟླ་བཟང་སྒྲོལ་མ་ལོ་ལོ།

ཟླབཟང་སྒྲོལ་མས།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ངག་སྙན་མོས་ཚིག་གསུམ་བཤད་ནོ།།
ངའི་གངས་དཀར་དྲན་པའི་དཀྱིལ་ལ།
ཚིག་རི་མོ་ཅན་ཞིག་བབས་ཐལ།
ཁྱོད་དགོང་འདུག་རྒྱུ་མ་ཟེར།།
འདུག་མི་ཉན་ཁ་བརྡ་བྱས་ཡ།།
དགྲ་ནག་པོ་ནམ་མཁའི་ཐོག་རེད།།
ཐོག་དམར་པོ་ནམ་འཕེན་སུས་ཤེས།།
སྡེ་མི་ཁ་དཔྱིད་ཀའི་རླུང་རེད།།
རླུང་བསེར་བུ་ནམ་གཡུག་མི་ཤེས།།
ཁྱིམ་ཆུང་མ་བར་གི་བགེགས་རེད།།
བགེགས་བར་ཆད་ནམ་ཡོང་མི་ཤེས།།
ང་སྐྱེས་པ་ཚེ་ཐོག་འདི་ནས།།
རོགས་འུ་གཉིས་ཐུག་དབང་མེད་ཀི།
ཚེ་འདི་ནས་ཐུག་དབང་མེད་རུང་།།
ཚེ་ཕྱི་མའི་ཡུལ་ནས་ལོས་ཐུག།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ཁྱོད་མི་འགྲོ་ཟེར་བ་ཅི་ཡིན།།
ཟེར་མི་ཉན་ཉི་མ་ལོ་ལོ།།
ཕོ་བཟང་པོ་ཉི་མ་གན་གིས།།
འདི་ལྗིད་མོ་མནའ་ཞིག་བསྐྱལ་ནས།།
ཚེ་འདི་ནས་ཐུག་དབང་མེད་ན།།
ཚེ་འདི་ལ་ཡོང་བ་དོན་མེད།།
ཚེ་ཕྱི་མ་བར་དོའི་ཁམས་རེད།།
ས་ཧོར་གཙང་ཁོག་གི་དགའ་ལོ།།
ཁྱོས་གངས་དཀར་སེམས་ལ་དེ་ཟུངས།།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(1)

དཔྱིད་དཔལ་ཡོན་རྒྱས་པའི་དུས་སུ།
འབྲུ་ལོ་ཏོག་སྣ་ལྔ་སྐྱེས་དུས།།
ཟླ་བཞི་བའི་ཚེས་གཅིག་ཉིན་ལ།
སྡེ་གསེར་གཞུང་ཧོར་གཙང་ཁོག་ན།།
རང་སྒོ་ཞིང་གྲུ་བཞིའི་སྟེང་ནས།།
མ་ཟླ་བཟང་ཡུར་མ་ཡུར་དུས།།
དགུང་ཉི་རྩེ་ས་ལ་བརྒྱབ་ཐལ།
ཞིང་གྲུ་བཞིའི་མཐའ་ལ་ཤར་ཐལ།།
མ་བཟང་མོ་ཟླ་བཟང་སྒྲོལ་མས།།
མགོ་བཀྱགས་ནས་ལྷོ་ལ་བལྟ་དུས།།
ལྷོ་རི་བོར་སྨུག་པས་བསྐོར་ཡོད།།
སེམས་ཆགས་ནས་གླུ་འདི་བླངས་སོང་།།
སྟོད་རི་མགོ་སྨུག་པའི་ཡུལ་རེད།
བར་རི་སྐེད་ནགས་ཀྱི་རྫོང་རེད།
ཞབས་རི་འདབས་རྩི་ཏོག་ཐང་རེད།།
ཇི་འདྲ་བའི་རི་བོ་ལྷུན་ཆགས།།
འདི་ཡིན་པ་ཏཱ་ནའི་སྟོད་རེད།།
སྡེ་འཛོམ་པོ་ཧོར་གཙང་མི་ཡིས།།
ཡིད་བཅད་ནས་འཕྲོག་སའི་ས་རེད།།
སྡེ་ཡག་པ་ཏཱ་ནའི་སྟོད་ན།།
རྩྭ་རྩི་ཏོག་ལྡུམ་ར་བསྒྱིལ་བསྒྱིལ །
སྡོང་གསོམ་ལྗང་ལོ་ལེགས་སྐྱེས་སྐྱེས།།
ཆུ་གཙང་གཡུ་འབྲུག་འཁྱིལ་འཁྱིལ།།
མཛོ་ཁྱུང་དཀར་སེང་གེ་འགྱིང་འགྱིང་།
རྟ་འདོ་རིག་གློག་དམར་འཁྱུག་འཁྱུག།
ལུག་གཡང་དཀར་སྐར་ཚོགས་ཤར་ཤར།།
དེའི་མི་ཚད་ཞེ་སེམས་ཆགས་ས།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
རོགས་ཉི་མ་ཚེ་རིང་བཤད་ན།།
གློ་མཆིན་པའི་སྟེང་འོག་བརྗེ་གི།
ཕྱི་ཕོ་སྒོ་ཆགས་རེ་བཞག་ན།།
ནང་སྔ་མའི་ཉི་མ་ཤར་འདྲ།།
ལུས་ཕྲ་མོ་དཔེ་རེ་བླངས་ན།།
སྟག་འཛུམ་དྲུག་ཐིག་ལེ་རྒྱས་འདྲ།།
ངག་ཚིག་གསུམ་ཆགས་རེ་བཞག་ན།།
ཕ་བླ་མས་མགུར་མ་གསུངས་འདྲ།།
སྐྱེས་བཟང་འཛོམས་གསུམ་འཛོམས་པ།།
ངའི་ཡིད་འཕྲོག་ཉི་མར་འཛོམས་ཡོད།།
ཕོ་བཟང་པོ་ཉི་མ་གླེང་ན།།
རང་ཁ་ནས་དབུགས་རིང་ཤོར་གི།
རོགས་ངེད་གཉིས་ན་ཆུང་དུས་ལ།།
ཆུང་ལོ་གཅིག་སྟེང་ནས་མཉམ་རྩེ།།
ཟས་ཞིམ་པོ་ཡོད་ན་མཉམ་ཟ།།
ལུག་གཡང་དཀར་འཚོ་ན་མཉམ་འཚོ།
ངག་ལ་གཞས་འཐེན་ན་མཉམ་འཐེན།།
དེ་རེ་རེ་ཡིད་ལ་ཤར་ན།།
ཡང་ཉི་མ་ངེད་གཉིས་དམ་བཅའ།
ནམ་ཡིན་རུང་བརྗེད་རྒྱུ་ཆད་ཡོད།།
ཚེ་གཏན་དུ་འགྲོགས་པའི་རེ་བ།།
ལྷ་དཀོན་མཆོག་གསུམ་ལ་ཞུས་ཀྱང་།།
ཡུལ་ཕ་མས་རྒྱུ་ལ་བལྟས་ནས།།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ས་ཧོར་གཙང་ཁོག་ལ་བྱིན་ཐལ།
རོགས་ཕ་མས་མིག་ཆུང་ཕྲ་ནས།།
ཕོ་བཟང་པོ་ཉི་མ་དེ་ལ།།
མདངས་མེད་པའི་ཆུང་མ་བླངས་ཐལ།།
ཚེ་གང་བོའི་གཏན་གྲོགས་དམ་བཅའ།།
རླུང་བསེར་བུས་ཤོག་ལེབ་ཁུར་ཁུར།།
འཁུར་སོང་ནས་མཐོང་རྒྱུ་མ་བྱུང་།།
ལྷོ་རི་བོ་ལྷུན་ཆགས་འདབས་ནས།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
རྟ་འདོ་བ་གྲོ་གཞིར་ཞོན་ནས།།
མ་ང་ཚོའི་རྩིབ་ལ་ཐོན་ཐལ།།
ཁོ་ཐོན་ནས་བདེ་འཚམས་འདྲི་གི།
དེའི་ཞོར་ལ་སྙིང་གཏམ་གླེང་གི།
ཉིན་གང་གི་སྟོད་སྨད་ཅིག་ལ།།
ཚིག་ཡར་མར་བཅོ་བརྒྱད་གླེང་ནས།།
བཤད་བཤད་ཀི་རྔ་མ་ཞིག་ལ།
ཚིག་སྙན་མོ་དབྱངས་ལ་བཀུག་ནས།།
ངག་སྙན་མོ་ཁུ་བྱུག་གསུང་འདྲ།་
སེམས་འགུག་པའི་གླུ་ཞིག་བླངས་སོང་།
གནམ་འཁོར་ལོ་རྩིབས་བརྒྱད་འོག་ནས།།
ས་པད་མ་འདབ་བརྒྱད་སྟེང་ན།།
སྡེ་ཡག་པ་གཡུང་དྲུང་འདྲ་བོ།།
སྡེ་ཆེན་པོ་ཏཱ་ནའི་སྟོད་རེད།།
ས་ཡག་པ་གསེར་གཞུང་འདྲ་བོ།།
སྡེ་འཛོམས་པོ་ཧོར་གཙང་ཁོག་རེད།།
སྡེ་ཧོར་གཙང་ཁོག་གི་མ་ལོ།།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ཁ་ཚུར་འཁོར་སྔོན་ནས་བལྟས་ན།།
ཕྱི་མོ་སྒོ་བཅོ་ལྔའི་དུང་ཟླ།།
ཁ་ཕར་འཁོར་གཞུག་ནས་བལྟས་ན།།
ལུས་སྐྱེས་གཟུགས་སྨྱུག་མ་ཚིགས་དྲུག།
འགྲོ་གོམ་པ་གོམ་གསུམ་སྤོས་ན།།
བྱ་རྨ་བྱས་སྒྲོ་གུར་ཕུབ་འདྲ།།
ས་འཇིག་རྟེན་གནམ་གི་འོག་ན།།
མ་ཟླ་བཟང་འདྲ་ཞིག་མེད་ཀི།
འདི་འཛོམས་གསུམ་འཛོམས་ཀི་མ་ལོ།།
མ་བཟང་མོ་ཟླ་བཟང་སྒྲོལ་མས།།
ཁའི་དུང་སོ་སུམ་ཅུའི་བར་ནས།།
ལྕེ་དར་མའི་མདུད་པ་བཀྲོལ་ཏེ།།
ངག་སྙན་མོ་དབྱངས་ལ་བཀུག་ནས།།
ཁ་བགད་ནས་ཚིག་གསུམ་བཤད་ནོ།།
ཕ་བླ་མས་མགུར་མ་གསུངས་འདྲ།།
དབྱངས་སྙན་མོར་བསྒྱུར་ནས་བླངས་པར།།
ཚེ་གཅིག་གི་མི་ལུས་བླངས་ནས།།
མོ་ཞིག་གི་སྐྱེས་ལུས་ཐོབ་པས།།
ས་འཇིག་རྟེན་ཐོག་གི་འཚོ་བར།།
སེམས་བསམ་པས་ཞེ་རེ་ཆགས་ཡོད།།
སྡེ་ཏཱ་ནའི་སྟོད་ཀི་དགའ་ལོ།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ཞེ་བསམ་པའི་སྣང་བ་མཐུན་ཡོད།།
ནམ་ཡིན་ན་ཡོང་གིན་མ་འདུག།
རང་མ་ཡོང་ཟེར་ནི་མིན་ད།།
ཡུལ་ཕ་མས་རྒྱུ་ལ་བལྟས་ནས།།
ས་ཧོར་གཙང་ཁོག་ལ་བྱིན་ཐལ།།
སྡེ་ཚོ་བ་གཅིག་གི་མིན་མོད །
ཁྱིམ་བཟའ་བས་མིག་གིས་འཚོས་ཡོད།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
སྡེ་ཆེན་པོ་ཁ་ཞེང་ཆེ་ནོ།།
ལམ་སྐྱ་མོ་ཁ་ཐག་རིང་ནོ།།
རྫ་ཁྲ་ཡག་འཕྲང་འགག་དོག་ནོ།།
སྤྱང་དར་མ་འདུར་རྒྱུག་ངན་ནོ།།
ཆུ་རྨ་ཆུ་རྦ་རླབས་མཐོ་ནོ།།
ཕྱི་སྡེ་བ་བཤད་དགའ་ཆེ་ནོ།།
དགྲ་ནག་པོ་གདུག་རྩུབ་ཆེ་ནོ།།
ཁྱིམ་ཆུང་མ་སྣང་བ་མཐོ་ནོ།།
ཕོ་ཁྱེད་ཚོའི་སེམས་ན་ལོས་ཡོད།།
མ་ང་ཚོའི་རེ་བ་ཡིན་ན།།
ཕྱིར་འཁོར་ར་འདང་ཞིག་རྒྱོབ་ལ།།
ཡུལ་ཕ་མའི་ཁ་ལེན་ཚིག་བརྩི།
ཁྱིམ་ཆུང་མའི་རྩེ་ཡ་དགོད་ཡར།།
ཚེ་རིང་རྒྱུའི་བུ་ལོ་ལྡན་ན།།
རོགས་འུ་གཉིས་ཐུག་པའི་ཡན་རེད།།
མ་ཟླ་བཟང་རེ་བ་དེ་ཡིན།།
ཕོ་ཉི་མའི་སེམས་ལ་དེ་ཟུངས།།

ཉི་མ་ཚེ་རིང་གིས།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ཁྱོས་དེ་མོ་བཤད་སྲོལ་ཨེ་ཡོད།།
ཁྱོད་མ་ཐུག་ལོ་ངོ་གཅིག་སོང་།།
ཁྱོད་མ་དྲན་ཉིན་མ་གཅིག་མེད།།
ཉིན་དེ་རིང་འདི་ནས་ཐུག་ནས།།
ཁ་བགད་ནས་ཚིག་གསུམ་བཤད་ན།།
ཁྱོས་རེམ་མ་ད་སོང་ཟེར་གི།
ས་ཧོར་གཙང་ཁོག་ལ་ཐོན་ནས།།
ཕྱིར་འགྲོ་བའི་བསམ་པ་ངར་མེད།
དེའི་མི་ཚད་དོ་དགོང་འདུག་རྒྱུ།
མ་ཟླ་བཟང་སྒྲོལ་མ་ལོ་ལོ།

ཟླབཟང་སྒྲོལ་མས།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ངག་སྙན་མོས་ཚིག་གསུམ་བཤད་ནོ།།
ངའི་གངས་དཀར་དྲན་པའི་དཀྱིལ་ལ།
ཚིག་རི་མོ་ཅན་ཞིག་བབས་ཐལ།
ཁྱོད་དགོང་འདུག་རྒྱུ་མ་ཟེར།།
འདུག་མི་ཉན་ཁ་བརྡ་བྱས་ཡ།།
དགྲ་ནག་པོ་ནམ་མཁའི་ཐོག་རེད།།
ཐོག་དམར་པོ་ནམ་འཕེན་སུས་ཤེས།།
སྡེ་མི་ཁ་དཔྱིད་ཀའི་རླུང་རེད།།
རླུང་བསེར་བུ་ནམ་གཡུག་མི་ཤེས།།
ཁྱིམ་ཆུང་མ་བར་གི་བགེགས་རེད།།
བགེགས་བར་ཆད་ནམ་ཡོང་མི་ཤེས།།
ང་སྐྱེས་པ་ཚེ་ཐོག་འདི་ནས།།
རོགས་འུ་གཉིས་ཐུག་དབང་མེད་ཀི།
ཚེ་འདི་ནས་ཐུག་དབང་མེད་རུང་།།
ཚེ་ཕྱི་མའི་ཡུལ་ནས་ལོས་ཐུག།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ཁྱོད་མི་འགྲོ་ཟེར་བ་ཅི་ཡིན།།
ཟེར་མི་ཉན་ཉི་མ་ལོ་ལོ།།
ཕོ་བཟང་པོ་ཉི་མ་གན་གིས།།
འདི་ལྗིད་མོ་མནའ་ཞིག་བསྐྱལ་ནས།།
ཚེ་འདི་ནས་ཐུག་དབང་མེད་ན།།
ཚེ་འདི་ལ་ཡོང་བ་དོན་མེད།།
ཚེ་ཕྱི་མ་བར་དོའི་ཁམས་རེད།།
ས་ཧོར་གཙང་ཁོག་གི་དགའ་ལོ།།
ཁྱོས་གངས་དཀར་སེམས་ལ་དེ་ཟུངས།།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།