༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>མི་རབས་གསུམ་པ། >> རྨ་ལྷོ་ས་ཁུལ་གྱི་མི་རབས་གསུམ་པའི་ཚོགས་ཆུང་བསྡུས་པ།
རྨ་ལྷོ་ས་ཁུལ་གྱི་མི་རབས་གསུམ་པའི་ཚོགས་ཆུང་བསྡུས་པ།
སྒྲ་སྙན།

   རྨ་ལྷོ་ས་ཁུལ་གྱི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་རྩོམ་རིག་བགྲོ་གླེང་ཚོགས་ཆུང་
༢༠༠༩ལོའི་ཟླ༡བའི་ཚེས༡༢ནས་༡༣ཉིན་བར་གཅན་ཚ་རྫོང་ཐོག་དུ་ཚོགས། ཚོགས་ཐོག་ཏུ་སྙན་ངག་པ་
མར་ཁུ་རྒྱལ་མཚན་གྱིས་དུར་ཁྲོད་སྙན་ངག་པའི་ལྟ་བ་དང་འཕེལ་འགྲིབ་སྐོར་གླེང་ཞིང་སྙན་ངག་པ་
ཁུ་བྱུག་སྔོན་མོ་དང་གུ་རུ་དོན་གྲུབ་སོགས་ཀྱིས་ད་ལྟའི་སྙན་ངག་གི་གནས་བབས་དང་རིན་ཐང་གི་
སྐོར་ལ་བགྲོ་གླེང་བཏང་། སྙན་ངག་བ་ས་དཀྱིལ་ཚེ་བཀྲ་དང་བྱང་སྒྲ་སྙན་སོགས་ནས་རང་རང་གི་
སྙན་ངག་གྱེར་འདོན་བྱས་ཞིང་བྱ་བའི་དབང་གིས་ཚོགས་འདུར་ཞུགས་མ་ཐུབ་པའི་སྙན་ངག་བ་རེ་
རྐང་གླིང་དང་མདའ་བཙན་པོ་སོགས་ཀྱིས་ཁ་པར་གྱི་ལམ་ནས་རྟེན་འབྲེལ་གྱི་སྙན་ཚིག་བསྐུར།
ཟུར་ཞུགས་སྙན་ངག་པ་ལྡོང་སྨིན་དྲུག་དང་ཐོ་རེངས་སོགས་ནས་མི་རབས་གསུམ་པའི་སྙན་ངག་སྐོར་གྱི་དྲི་བ་བཏོན།

 

[ཡོང་ཁུངས། ཧི་གཟུགས་ཟིན་བྲིས།] [ཟླ་ཚེས། 09-05-12] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212