༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> དེ་རིང་གི་གནམ་གཤིས།
དེ་རིང་གི་གནམ་གཤིས།
རྨོག་རུ་ཤེས་རབ་རྡོ་རྗེ།

སྔོ་མདངས་ཀྱི་ཁ་དོག་ལ་ཁྲག་མདོག་འཚེར་བའི་ནམ་མཁའ་ལས
ཉི་མ་སེར་བོ་དེས་ཀྱང་དམར་སྨུག་གི་ཁ་དོག་འཛིན
ཆུ་མིག་དེ་ཇི་ལྟར་དྭངས་ནའང
ཡུལ་གྱར་བས་དེ་ལས་རང་ཉིད་ཀྱི་ཞལ་རས་མ་མཐོང
གམ་དུ་བཞད་པའི་མེ་ཏོག་གི་དྲི་བསུང་ཡང་གཏན་ནས་སྣོམ་ཐབས་མ་བྱུང
ཁོའི་མིག་མདུན་གྱི་སྤང་ལྗོངས་ཆེན་པོ་དེ་བྱེ་ཐང་དུ་འགྱུར་གྱིན་འདུག
སྔར་གྱི་སྤང་རི་དང་ནགས་ཚལ་གྱི་ཚབ་ཏུ་བྱེ་ཕུང་མང་བོ་འགྱིང་ཡོད
འོན་ཀྱང  དེ་ལ་སུས་ཀྱང་སྣང་འཇོག་མི་བྱེད
ཡ་མཚར་བ་ཞིག་ལ  ཁོ་ཚོས་ད་དུང
བྱེ་ཕུང་དག་གསེར་དུ་འགྱུར་བར་རེ་སྒུག་གིས
རུལ་གྱིན་པའི་རང་གི་ལུས་སྟེང་དུ་ཤ་སྦྲང་གི་ཚོགས་ཀྱིས་གནས་ཚང་བཅའ་བའང་མ་ཚོར

[ཡོང་ཁུངས། ཁྱོད་རང་ཀློག་པར་སྤྲོ་བའི་སྙན་དེབ།] [ཟླ་ཚེས། 10-01-28] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212