༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> ཁ་བའི་ཁྲོད་ནས་མེ་ཏོག་དྲན་ཚུལ།
ཁ་བའི་ཁྲོད་ནས་མེ་ཏོག་དྲན་ཚུལ།
ཐང་སྲས་རྟ་ལོ།

ཁ་བ་བབས་ནས་ཉིན་འགའ་འགོར་མོད

དཔྱིད་ཀའི་མེ་ཏོག་གི་མཛེས་སྡུག་བསམས་ན

གྲང་ངར་ཀྱང

མགོ་བོར་བྱིལ་བྱིལ་གཏོང་བའི་ཨ་མའི་ལག་པ་རུ་སྒོམ་ཆོག

 

དཔྱིད་ཀ་མེ་ཏོག་གི་དྲི་ཞིམ་ཁྲོད་ནས

ངས་ཁྱེད་ལ་གསང་འཕྲིན་མང་པོ་བསྐུར་ཆོག

སྦང་མ་ཞིག་མེ་ཏོག་ལ་འཁོར་བཞིན་པར་དཔེ་བཞག་སྟེ

ངའི་སེམས་པ་ཁྱེད་ཕྱོགས་སུ་ཡང་ཡང་ཤོར་འགྲོ་བ་ཡང་བཤད་ཆོག

 

མེ་ཏོག་ནི་ཁྱེད་རང་ཆེས་དགའ་ས་དེ་ཡིན་ཀྱང་སྲིད་མོད

རང་ཉིད་མ་གཞི་ནས་མེ་ཏོག་རྐང་གཅིག་ཡིན་པ་ཚོར་ཨེ་མྱོང

དགུན་གྱི་ཁ་བས་མ་སྦྲུམ་ཞིང་དཔྱིད་ཀྱི་རླུང་བུས་མ་སྒུལ་བའི་མེ་ཏོག་རྐང་གཅིག

 

ངས་ཁ་བ་མཐོང་དུས་མེ་ཏོག་གླེང་འདོད་ལ

མེ་ཏོག་གླེང་དུས་ཁྱེད་རང་དྲན་འོང

 

ཁ་བ་ད་རུང་འབབ་སྲིད

མེ་ཏོག་གི་འདབ་མ་གཏོར་བ་ལྟར་འབབ་སྲིད

ཁ་བ་བབས་བབས་རྗེས་མིག་ཆུ་རེ་གཏོར་ཏེ་བུད་སོང་ན

ངས་ཁྱེད་ཀྱི་མིང་གིས་བཟུང་སྟེ

སྐད་གསེང་མཐོན་པོས་ཐེངས་གཅིག་འབོད་ཨེ་ཆོག

                                             2009-11-20

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 10-01-27] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212