༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> འགྲུལ་བཞུད་པ་ཡོང་གིན་ཡོད།
འགྲུལ་བཞུད་པ་ཡོང་གིན་ཡོད།
ཙ་སུར་སྦྱིན་པ།


གནས་ཚང་ངོ་མ་ཞིག་དང༌།
ལས་སྐལ་དངོས་གནས་ཤིག་ནས།
ཀེམ་ཀེམ་དུ་གཡོ་བའི་མིག་ཟུང་གི་འོད་མདངས་རུམ་པ།
སུ་ཚང་གི་བགོ་སྐལ་དང༌།
སུ་ཞིག་གི་གནས་མལ་རེད།

ཁྱེད་ཀྱི་ཁོར་ཡུག་ན་ཅི་ཞིག་བྱེད་ཀྱིན་འདུག
ལྷོད་ཡངས་དང༌། ཞི་འཇམ།
ཅི་འདྲའི་ཚུལ་མཐུན་གྱི་འཇིག་རྟེན་ཡིན་ན།

ང་ཚོའི་མཐའ་འཁོར་ན།
ཆེས་ཛ་དྲག་གི་ངོ་གདོང་ཡོད་ལ།
རླུང་དམར་ལྡང་བའི་དུས་ཚིགས་དང༌།
ཙག་རླུང་ཆེ་བའི་ངར་ཁ།
རླུང་ནག་འཚུབ་པའི་མུན་པ་དེ།
ནམ་ཡང་སེལ་མི་ཐུབ་པ་ཅི་ཞིག

རྒྱང་རིང་གི་འགྲུལ་བཞུད་པ།
ངའི་མིག་ཆུའི་གསང་བ་རུམ་པའི་མ་བོས་མགྲོན་པོ།
ནམ་ཡང་ལག་ཟུང་གི་སྙིམ་པ་ཁྱོད་ལ་བསྲིངས་པའི་ང་རང༌།
འདི་ལྟར་ཅོར་ཅོར་གྱི་རྣ་བ་གླག་སྟེ།
ཧྲིག་ཧྲིག་གི་མིག་ཟུང་ཅེར་ནས་ཚར་འདུག

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 10-02-05] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212