༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> ལྷོ་ནུབ་མི་རིཊ་སློབ་ཆེན་ནས་བོད་ཡིག་གི་ཆ་འཕྲིན་ལག་རྩལ་བརྗོད་བྱར་བྱས་ནས་བྱ་འགུལ་སྤེལ་བ།
ལྷོ་ནུབ་མི་རིཊ་སློབ་ཆེན་ནས་བོད་ཡིག་གི་ཆ་འཕྲིན་ལག་རྩལ་བརྗོད་བྱར་བྱས་ནས་བྱ་འགུལ་སྤེལ་བ།
གསར་འགོད་པ་གཡག་རྒན།

        ཟླ་འདིའི་ཚེས་བདུན་ཉིན་གྱི་དགོང་མོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་རུ་མཆོད་མེ་རྩོམ་རིག་དྲ་བའི་རྒྱབ་སྐྱོར་འོག་བོད་རིག་པའི་སློབ་གླིང་གི་སྒྲོན་སྟེགས་རྩོམ་རིག་ཚོགས་པས་བོད་ཀྱི་དྲ་བ་ངོ་སྤྲོད་དང་བོད་ཡིག་གི་གཏག་ཐབས་སྣ་ཚོགས་ཁྱབ་སྤེལ་གྱི་བྱ་འགུལ་ཞིག་སྤེལ་བ་རེད།

 
  
  
  
  

       བྱ་འགུལ་དེ་རུ་སློབ་གྲྭ་དེ་གའི་བོད་རིགས་སློབ་མ་མང་པོ་ཞིག་ཞུགས་ཡོད་ཅིང་བྱ་འགུལ་གྱི་ཚོགས་རིམ་ནི་དྲ་བ་ངོ་སྤྲོད་དང་གཏག་ཐབས་ཁྱབ་སྤེལ།རིན་མེད་པར་གཏག་ཐབས་ནང་འཇུག་བཅས་རིམ་པ་གསུམ་དུ་དབྱེ་ཡོད་ལ་ད་དུང་བྱ་འགུལ་གྱི་ཡུལ་དངོས་སུ་ཕེབས་ཡོད་པའི་སློབ་གྲོགས་ཚང་མར་པཎྡིཏ་དང་ཧི་མ་ལ་ཡ་སོགས་ཀྱི་ཕབ་གཞོང་རེའུ་མིག་རིན་མེད་དུ་ཕུལ་ཡོད།དེ་རུ་ཞུགས་ཡོད་པའི་སློབ་གྲོགས་རེ་འགས་བཤད་པ་ལྟར་ན་དེང་སྐབས་བོད་ཡིག་གི་དྲ་བ་མང་ཞིང་ལག་རྩལ་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད་ཡིད་ཕངས་པ་ཞིག་ལ་བོད་རིགས་ཀྱི་སློབ་གྲྭ་ཆེན་མོ་བ་མང་པོ་ཞིག་གིས་དེ་ཤེས་ཀྱིན་མེད་པས།བེད་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་བྱ་འགུལ་འདི་འདྲ་སྤེལ་བ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་རེད་ཟེར།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 08-11-09] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212