༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> རྡུང་ལེན་པ་གྲགས་ཅན་རྡོ་རེད་ཀྱི་རྡུང་ལེན་འོད་སྡེར་གསར་བ་བཀྲམས་པ།
རྡུང་ལེན་པ་གྲགས་ཅན་རྡོ་རེད་ཀྱི་རྡུང་ལེན་འོད་སྡེར་གསར་བ་བཀྲམས་པ།
ངེད་དྲ་བ།

      ཉེ་ལམ། སྐད་གྲགས་ཅན་གྱི་རྡུང་ལེན་པ་རྡུང་ལེན་པ་རྡོ་རེད་ལགས་དང་ཁོང་གི་སློབ་མ་བློ་བཟང་དང་། རྡོ་རྗེ་རྒྱལ་མཚན། སངས་རྒྱས་སྐྱབས་བཅས་ཀྱི་རྡུང་ལེན་གྱི་འོད་སྡེར་གསར་བ<<ཉི་ཟླའི་གླུ་བ>>ཞེས་པ་དངོས་སུ་བཀྲམས་འདུག འོད་སྡེར་དེ་ནི་རྨ་ཆུའི་རང་བྱུང་ཁམས་ཀྱི་མཛེས་ཉམས་དང་། ཡུལ་མིའི་འཚོ་བ། ཆོས་ལུགས་དང་སློབ་གསོ་སོགས་རྒྱབ་ལྗོངས་སུ་བཟུང་སྟེ་བཟོས་པ་ཞིག་ཡིན་ལ་པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་པའི་བོད་ཀྱི་ན་གཞོན་པར་བ་འཇམ་དབྱངས་དབང་ཕྱུག་ལགས་ཀྱིས་གཟུགས་ཕབ་པ་ཡིན་པས་དེང་གི་ཁྲོམ་རར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པའི་སྤུས་ཀ་ཞན་པའི་འོད་སྡེར་སོགས་དང་བསྡུར་ན་སྒྱུ་རྩལ་དང་ཆེད་ལས་ཀྱི་ཉམས་ཀྱིས་ཕྱུག་པ་ཞིག་ཏུ་གྲུབ་ཡོད།
     རྡུང་ལེན་པ་རྡོ་རེད་ལགས་ཀྱིས་ད་ལྟ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་དང་གྲངས་རིག་པའི་དགེ་རྒན་གྱི་ལས་འགན་ཁུར་དུ་བཞེས་ཡོད།
 
 ཕྱི་ཤུན་གྱི་པར་དང་པོ།
 
 ཕྱི་ཤུན་གྱི་པར་གཉིས་པ།
 
 ཕྱི་ཤུན་གྱི་པར་གསུམ་པ།
 
 ཁྱབ་བསྒྲགས་པར་རིས།

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 10-01-03] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212