རེ་རྐང་གླིང་གི་སྙན་ངག་དེབ་གསར་པ《ཕོ་ཨ་ལོང་། ཕོ་ཨ་ལོང》པར་སྐྲུན་འགྲེམ་སྤེལ་བྱས་པ།

  ཉེ་ལམ། རྩོམ་པ་པོ་རེ་རྐང་གླིང་གིས་བརྩམས་པའི་སྙན་དེབ《ཕོ་ཨ་ལོང་། ཕོ་ཨ་ལོང》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད།

  སྙན་དེབ་དེའི་ནང་རྩོམ་པ་པོས་སྤྱི་ལོ2010ནས2020ལོའི་བར་བརྩམས་པའི་ལོ་ངོ་བཅུའི་རིང་གི་སྙན་ངག་བརྩམས་ཆོས་དག་བདམས་བཏུས་སུ་བཀོད་ཡོད་ཅིང་། དེབ་ཀྱི་མགོ་ཤོག་རི་མོ་བ་ལྗང་བུ་དང་ཁ་བྱང་ཡིག་གཟུགས་མཚོ་སྐྱེས། འགོ་རྒྱན་གཅན་མེ་སྟག་དང་གླེང་གཞི་སྐྱབས་ཆེན་བདེ་གྲོལ་གྱིས་བྲིས་ཡོད།

  སྙན་དེབ《ཕོ་ཨ་ལོང་། ཕོ་ཨ་ལོང》ནི་རྩོམ་པ་པོ་རེ་རྐང་གླིང་གི་སྙན་དེབ་ཐོག་མ《རྣམ་ཤེས་གསར་པའི་དཀྲོལ་སྒྲོག་རོལ་དབྱངས》(1999ལོ་ནས2009ལོའི་བར)པར་རྗེས་ཀྱི་ལོ་ངོ་བཅུའི་རིང་གི་དཀའ་སྤྱད་ཀྱི་འབྲས་བུ་སྟེ། རྩོམ་པ་པོ་རང་ངོས་ནས་ཀྱང་སྙན་དེབ་འདི་ཉིད་ཁོང་གི་སྙན་ངག་རང་གཤིས་ཅན་དུ་གྱུར་པའི་རྫོགས་ལྡན་གྱི་འཕེལ་རིམ་ཞིག་ལ་འཇོག་གིན་ཡོད། དེབ་འདི་རེ་རྐང་གླིང་གི་སྒྲུང་དང་ལོ་ཙཱའི་དེབ་བཅས་བསྡོམས་པས་དེབ་གཟུགས་སུ་དཔར་བའི་དཔེ་དེབ་ལྔ་པ་ཡིན་ནོ།།

  དཔེ་དེབ་མངག་ཉོ་བྱེད་ས། རེབ་གོང་མེ་ལོང་དཔེ་ཁང་ཡིན། ཁ་པར་འབྲེལ་གནས། 15109736526

  རེ་རྐང་གླིང་། དངོས་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར། མདོ་སྨད་རེབ་གོང་བྱང་ཆུབ་སྡེ་བའི་མི། བོད་ཡིག་ཚགས་པར་ག་གེ་མོའི་གཙོ་སྒྲིག་པ་དང《རང་གྲོལ》དུས་དེབ་ཀྱི་གཙོ་སྒྲིག་པ། སྔ་ཕྱིར་སྒྱུ་འཕྲུལ་སྒྲུང་ཐུང་དེབ《བར་སྣང་གི་མགོ་འཁོར་ཕོ་བྲང》དང་། སྙན་དེབ《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》སོགས་དེབ་ལྔ་པར་དུ་བསྐྲུན་ཡོད། མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན“རྩོམ་རིག་སྐར་ཆེན”གྱི་བྱ་དགའ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། བརྩམས་ཆོས་འགའ་རེ་རྒྱ་ཡིག་དང་དབྱིན་ཡིག ཧྥ་རན་སེ་དང་ཉི་ཧོང་གི་སྐད་དུ་ལོ་ཙཱ་བྱས་ཡོད།

  རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།