ཟིལ་བའི་སྒང་གི་འོད།
ཐིག་གིས་སྦྲེལ་བའི་སྐུད་པ་དེ་དག
བུ་མོའི་སེམས་སུ་སྦྲེལ་སླད
ཉི་མ་དཔེ་རུ་བཞག་སྟེ
ཟླ་བ་རྨི་ལམ་དུ་སྦྲུམ་སྟེ
སྐར་མ་མཛུབ་བུས་བརྩིས་ཏེ
ས་གདན་དཀར་གཙང་གཙང་དེའི་ངོས་སུ
ཡི་གེ་ཡིན་ལ་རི་མོ་འདྲ་བ་མང་བོ་བྲིས་ཡོད
ཐ་སྙད་ཀྱི་མེ་ཏོག་དང་ཚིག་གི་བསླུ་བྲིད
རྣམ་ཤེས་སུ་འཁྱུད་པའི་སྤང་གི་གཤོང་དུ
ཆར་ཆུ་དང་ཉི་འོད་ལས་གཞན
འཇའ་རིས་སུ་བསྡེབས་པའི་སྨིག་རྒྱུ
ལ་དང་ལུང་དུ་འཐིབ་པའི་སྨུག་ཞགས
ཟིལ་བ་ལས་འཕྲོས་པའི་འོད་ཀྱི་མདངས
སྤྱི་ལོ༢༠༡༤ལོའི་ཟླ༡༢པའི་ཚེས༢༣ཕྱི་དྲོར་སྦྱར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།