མི་རབས་གསུམ་པའི་སྐོར་གྱི་ཁ་བརྡ་ཐུང་ངུ།

༼འདི་ནི་ངེད་དང་གྲོགས་བྱམས་ཕྲུག་གཉིས་ཀྱིས་པོད་ཐུང་བརྒྱུད་ནས་མི་རབས་གསུམ་པའི་སྐོར་ཁ་བརྡ་ཉུང་ཙམ་བྱས་པ་དེ་བརྒྱུད་འགོད་བྱས་པ་ཡིན་ལ།དེ་ཡང་ཉེ་བའི་ཉིན་འགའི་རིང་ལ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ་གཙོས་པའི་བོད་ཀྱི་དྲ་ལམ་ཁག་ཏུ་མི་རབས་གསུམ་པའི་སྐོར་ལ་རྩོམ་ཡིག་དང་དཔྱད་གཏམ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཞིང་།དེ་དག་གི་ཁྲོད་ན་གནད་ལ་ཁེལ་མི་ཁེལ་གཉིས་ཀ་ཡོད་པ་མ་ཟད།ཕན་ལས་གནོད་པ་ཆེ་བའི་ཚིག་ངན་རང་སྲོག་རང་གིས་ལེན་བྱེད་དུ་གྱུར་བའང་ཁྱིམ་ལུད་བཞིན་སྤུངས་ཏེ་ཡོད་པ་ནི་ཀུན་གྱི་མིག་ལམ་དུ་བཤམས་འདུག་པ་དེའོ།།དེའི་ཕྱིར་གཞན་ལ་ཕན་ཐོགས་ཀྱི་རེ་བ་ནི་ཤིན་ཏུ་ནས་ཉག་ཕྲ་ནའང་བརྒྱ་བཤད་ལུང་བཤད་ཀྱི་དོན་པོ་དེ་མདོར་དྲིལ་ནས་ཆེས་གནད་འགག་གི་གསང་མིག་འགའ་དགྲོལ་རྒྱུ་ནི་ཉེ་བའི་འུར་འདྲོགས་པ་དག་ལ་མཚོན་ན་གནད་ཀྱི་ཡང་སྙིང་དུ་གྱུར་ཡོད་པས་ཁ་བརྡ་ཐུང་ངུ་འདི་ཆེད་དུ་འགོད་པར་བྱ་ལ།འདི་ཡིས་ཀན་སུའུ་དང་མཚོ་སྔོན།རོང་བ་དང་འབྲོག་པ།ཡང་ན་བོད་དང་སོག་པོ་ཞེས་འཐེན་འཁྱེར་དང་དཀྲུག་ཤིང་གི་འགོང་བོ་ཐལ་བ་འཚུབ་འཚུབ་བྱས་ནས་འོངས་ཏེ།ཞོ་ཆགས་ཆགས་ལྟར་དུ་བསྡད་ཡོད་པ་དེ་ཁྲག་དཀྲུགས་དཀྲུགས་བྱེད་ཨེ་ཐུབ་ལྟ་བ་དག་གི་ཁ་ཐལ ་བས་ཆོད་པའི་སྨོན་ལམ་དང་བཅས།  ༽
ཁ་བརྡ་དངོས།
བྱམས་ཕྲུག་གི་པོད་ཐུང་དུ་མི་རབས་གསུམ་པས་ཨེལ་ཐུ་ཡི༼མྱ་ངན་ཐང༽གི་སྐོར་རྩོད་བཞིན་པའི་བརྙན་ཐུང་ཞིག་བཀོད་ཡོད།དེར་འཆིང་གྲོལ་གྱིས་འོག་གི་དཔྱད་གཏམ་དེ་སྤེལ་བ་ནས་ཁ་བརྡའི་འགོ་ཚུགས་སོ།།
༼འཆིང་གྲོལ།༽སྐབས་དེར་བདག་གིས་ལྷ་སྒྲུང་ལ་རིགས་པས་དཔྱད་པ་ནི་འུ་ཐུག་པའི་བྱ་སྤྱོད་དེ།ཉིན་ཞིག་རང་དང་གྲོགས་པོ་འགས་སི་ཏའི་སྐོར་རྩོད་པ་བྱས་པ་དྲན་སོང་།
༼བྱམས་ཕྲུག༽རྩོད་པ་བྱེད་དུས་དེར་ཉིད་དེར་ཡོད་དམ།
༼འཆིང་གྲོལ།༽ཡོད།ཁོ་ཚོས་མགྲོན་དུ་བོས་པ་བཞིན་སོང་ནས་རིན་མེད་གུང་ཟས་འགྲངས་ཐག་ཆོད་ཅིག་ཟོས་པ་ཡིན།
༼བྱམས་ཕྲུག༽ཧུ་ཧུ།མི་འགའ་ཤས་འབུད་དོན་དེ་ཉིད་ནས་བལྟས་ན་གནད་ཀ་གཙོ་བོ་གང་ལ་ཐུག་པ་རེད།
༼འཆིང་གྲོལ།༽འདི་ནི་གཙོ་བོ་ཁོ་ཚོས་ཅི་ཟེར་ལ་བལྟ་དགོས་པ་རེད།ཟེར་རྒྱུ་ནི་ཚོགས་པ་གང་དེ་སྒྱིད་ལུག་གི་གནས་སུ་འགྲོ་བཞིན་པས་མི་འཐད་ཟེར་བ་རེད།
༼བྱམས་ཕྲུག༽རེད།རེད།
༼འཆིང་གྲོལ།༽སྐྱབས་ཆེན་དང་དགའ་བདེ་གཉིས་འབུད་དོན་འདྲ་ནའང་།མདའ་བཙན་པོ་དང་རྨོག་ཤེར་གཉིས་ལ་རྒྱུ་རྐྱེན་གཞན་ཨེ་ཡོད་དམ་བསམས་སོང་།
༼བྱམས་ཕྲུག༽སྐྱབས་ཆེན་གྱི་ཟེར་ཚུལ་ལ་བལྟས་ན་མི་རབས་གསུམ་པའི་ཚེ་ཚད་ལོན་སོང་སྙམ་པ་ཞིག་འདུག  གཞན་པ་ཚོས་ག་རེ་དྲན་པ་ད་དུང་ཤེས་ཀྱིན་མེད།
༼འཆིང་གྲོལ།༽ཁོ་ཅུང་འུ་ཐུག་གི་ལོས་ཡོད་སྙམ་པ་སྟེར།ཡི་ཆད་ཀྱི་གཏམ་ཡང་མང་དུ་སྨྲས་སོང་།གདམ་ག་དེ་ཡང་འུ་ཐུག་པར་འབྲེལ་བ་ཡོད་འདུག
༼འཆིང་གྲོལ།༽མདའ་བཙན་པོས་ཁོ་ནི་བྲིས་ཀྱིན་བྲིས་ཀྱིན་སྲོལ་རྒྱུན་ལ་དགའ་བས་ཁྱོད་ཚོས་ཁོ་བོ་གཏོར་མ་འཕེན་འཕེན་བྱོས་ཤིག་ཟེར།
༼འཆིང་གྲོལ།༽རྨོག་ཤེར་གྱིས་ཁོ་བོར་སུ་ཞིག་གི་བསླུ་བྲིད་ཐེབས་སོང་ཚུལ་གླེང་གི་འདུག  གསལ་བོར་མ་ཤེས།
༼བྱམས་ཕྲུག༽འོ་ན། ཤུལ་གྱི་དེ་ཚོ་ལོག་ལོག་གཅིག་ལྟ་བུར་འདུག་གམ།
༼འཆིང་གྲོལ།༽འུན།རེ་རྐང་གླིང་གིས་མི་རབས་གསུམ་པ་ཟེར་བ་ཞིག་མེད་དུས་ཁོས་སྙན་ངག་མི་འབྲི་ཟེར།གཞན་ཚོར་དེ་འདྲའི་ཐག་གཅོད་མི་འདུག་ནའང་།འཐོར་རྒྱུར་མི་འཐད་གི
༼བྱམས་ཕྲུག༽ཨོ་ཡ།བརྩད་ནས་ལག་འདྲེས་པ་འདྲ་བྱུང་མ་སོང་པཱ།
༼འཆིང་གྲོལ།༽དེ་ནི་ཅུང་དཔེ་མི་སྲིད་པ་ཞིག་རེད།ཁོ་ཚོས་གྲོགས་པོ་གྲོགས་པོ་དང་ལྟ་བ་ལྟ་བ་ཡིན་ཟེར་གྱིན་འདུག ཉེ་ལམ་རེབ་གོང་ནས་ལྷག་ཏུ་བདེན་དཔང་བྱས་འདུག
                                        ༢༠༡༡ལོའི་ཟླ༦པའི་ཚེས༣༠ཉིན་གྱི་དགོང་མོའི་ཆུ་ཚོད༢༠:༠༧ནས༢༡:༤༠བར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་སྐོར་གྱི་ཁ་བརྡ་ཐུང་ངུ།

2011-07-01 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།