མི་རབས་གསུམ་པ་བ་ཞིག་གི་མིག་གིས་མི་རབས་གསུམ་པར་མིག་བཤེར་བྱས་པ།

                                         ཐོད་བརྒལ་དང་ཕྱིར་རྟོག་བར་གྱི་གསང་མིག
                                                                     —མི་རབས་གསུམ་པ་བ་ཞིག་གིས་མི་རབས་གསུམ་པར་མིག་བཤེར་བྱས་པ།
   ལོ་ཟླ་ནི་ཅི་ཞིག་གི་བདེན་དཔང་བཞིན་ཤུར་ཤུར་རྒྱུ་ཞིང་ལྷུང་ལྷུང་འབབ་ཚུལ་དེས། འཇིག་རྟེན་གྱི་ངོ་གདོང་ལ་ནམ་ཡང་མིག་བཤེར་བྱེད་བཞིན་ཡོད་ནའང༌།  གསང་བ་ཐམས་ཅད་ཀྱི་སྒོ་མོ་སྔར་བཞིན་བྲག་གིས་བཞེངས་ཤིང་སྲུང་དམག་ཀུན་པོའི་ལུས་པོ་མདེའུ་ཡིས་ཁེབས་འདུག་པས་ན། ལམ་བུ་ལ་ཆ་འབྱིད་གཏོང་མཁན་ཚོ་མཐའ་གཅིག་ཏུ་སྡར་མ་རུ་ངོས་གཟུང་བྱར་མི་འོས་ཀྱང༌།  སེམས་ཀྱི་ཕ་མཐའ་སྨུག་གིས་བཟུང་ཁུལ་ལམ་ཡ་ཆུང་ཁོག་ལ་ཉི་ཟེར་ཕོག་ཁུལ་གྱིས་གངས་རི་དཀར་པོའི་ཁ་དོག་བཙན་གྱིས་ནག་པོར་བསྒྱུར་བའི་དུས་སུ། ངའི་ཤ་གསེང་རུས་གསེང་ལ་གཟེར་གྱིས་ཐེབས་ནས་འོངས་ཏེ་ལུས་པོའི་སྐྱ་རང་སར་ཐོར་ཏུ་བཅུག་འགྲོ། ཟུག་གཟེར་དེ་ནི་ཡེ་ནས་བཟོད་ནུས་པ་ཞིག་མིན་ཚོད་གདའ།
      དེ་ལས་ངའི་ཉེ་འཁོར་ན་ལྷད་མེད་དྭངས་གཙང་གི་གྲོགས་པོ་སྐོར་ཞིག་ཡོད་པ་དེ་ཚོ་གླེང་རན་ཆེན་པོ་འདུག་སྙམ་སྟེ། ཁོ་ཚོ་ནི་ཀུན་གྱིན་སྨྱོན་པ་གཅེར་རྗེན་དུ་འབོད་པའི་མི་རབས་གསུམ་པའི་སྙན་ངག་པ་ཚོ་ཡིན།  ན་གཞོན་ལ་ཤས་ཀྱི་ལྷུས་མ་ཐིངས་པའི་བྱ་སྤྱོད་རེ་འགས་མི་རབས་གསུམ་པར་ཞྭ་མོ་ནག་པོ་བསྐོན་ཡོད་ནའང༌།   དོན་གྱིས་ཁོ་ཚོ་ནི་བཟང་ལེན་ཁག་འགེལ་མི་བྱེད་ལ་རང་གཞན་གཡོ་འཚོང་མི་བྱེད་པའི་སྐྱེས་ཆེན་དམ་པ་སྐོར་ཞིག་གོ་ཞེས་ནའང་མི་ཆོག་པ་མི་འདུག་སྙམ། ལོ་ངོ་མང་པོའི་རིང་ལ་ཁོ་ཚོས་ཀྱག་ཀྱོག་གི་ལམ་ཕྲན་གང་མང་བརྒྱུད་མྱོང་ལ་དཀའ་སྡུག་གི་མིག་ཆུ་ཡང་གང་མང་བཏོན་མྱོང༌།   ན་ཟུག་གི་འཕག་འཚག་བསྟུད་མར་བརྒྱབ་མྱོང་ལ་བདེན་དོན་གྱི་མཛུབ་གུ་ནམ་མཁར་ཡང་གཏད་མྱོང་བས།   རི་ལུང་གི་ཁུགས་སོ་རེ་རེ་ནས་སྙན་ངག་གི་བསླུ་བྲིད་ལ་སྤྲོ་བ་ཆེན་པོས་བློ་སེམས་གཏོད་མཁན་གྱི་མི་རབས་གསུམ་པའི་ཚོགས་མི་རེ་རེར་ཁྱེད་ཅག་གིས་དཀའ་ལས་མྱངས་སོང་ཡང་ཟེར་འདོད་བྱུང༌།
      ད་བར་དུ་ང་ཚོས་རང་རང་ས་ནས་སྙན་ངག་གི་ལས་ལ་ཤི་འཐམ་རོ་འཐམ་བྱས་སྟབས། ད་ལྟ་ང་ཚོར་གཞན་ལ་དངོམ་དུ་རུང་བའི་འབྲས་བུ་ཕོན་པོ་སྨིན་འདུག་ཅེས་བཤད་ཆོག་ཆོག་རེད། རེ་གཉིས་ཤིག་གླེང་ན།
      སྙན་ངག་པ་སྐྱབས་ཆེན་ལགས་ཀྱི《ང་དང་ངའི་སྙན་ངག་དག་དཔེར་བཀོད་ན》《འཁྲབ་སྟོན》《འདོད་པའི་ལྷ་མོ》《སེང་ལྕམ་འབྲུག་མོ》《ཕུན་སུམ་ཚོགས་པའམ་མ་ཚོགས་པ》《ཁྲག་གི་མེ་ལོང་ལས་མཐོང་བ》སོགས་ཀྱིས་མཚོན་པའི་སྙན་ངག་མང་པོ་ནི་ཐ་སྙད་དང་དབྱངས་འགྲོས། ཚོར་རྟོག་གསུམ་པོ་རྐྱང་རྐྱང་བསྡེབས་པ་ཙམ་མ་ཡིན་པར་ནང་གི་སྲོག་གམ་བླ་ཡི་ཁམས་ཁྱད་པར་བ་ཞིག་ལ་སྙེག་ཅི་ཐུབ་བྱས་ཡོད་པ་དང༌། ལྷག་པར་དུ་ཁོའི་སྙན་ངག་དག་ནི་མུན་པའི་ཐུ་འོག་ནས་སྐྱ་རེངས་ཀྱི་མགོ་བོ་སྔས་འགྲམ་ལས་བླངས་ཏེ་འོད་ཀྱི་ཉག་མ་རེ་རེ་ལ་ན་ཟུག་གིས་ཀི་རིང་གཏོང་བ་ལྟ་བུར་གྱུར་ཡོད་པས།  ཁོའི་སྙན་ངག་ནི་བོད་ཀྱི་སྙན་ངག་གི་ནམ་མཁའ་ན་འོད་ཆེམ་ཆེམ་འཕྲོ་བའི་རྒྱུ་སྐར་ཆེན་མོ་ཞིག་ཏུ་ངེས་མི་འཛིན་ཐུ་མེད་དུ་གྱུར་ནས་ཡོད།   སྙན་ངག་པ་སྐྱབས་ཆེན་ལགས་ལ་མཚོན་ན་ཁོས་བོད་ཀྱི་རྩོམ་རིག་གི་གར་སྟེགས་ཆེན་མོ་འདིའི་སྟེང་དུ་ལྕི་ཚད་དང་བྱང་ཚད་ཉིས་ཆ་ནས་ཕུན་སུམ་ཚོགས་པའི་སྙན་ངག་འབོར་ཆེན་ཐོན་སྐྱེད་བྱས་པ་མ་ཟད།《སྙན་ངག་གི་གསང་མྱུལ་བ་ཞིག་གི་ཟིན་ཐོ》དང《གླུ་སྐད་སྐྱ་བོ》《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》སོགས་ཀྱིས་མཚོན་པའི་དཔྱད་བརྗོད་དང་དེང་རབས་ལུགས་ཀྱི་སྒྲུང་རིང་དང་སྒྲུང་ཐུང་མང་པོ་བྲིས་པ་དང༌།《གངས་ཀྱི་བུ་མོ》སོགས་ཀྱིས་མཚོན་པའི་སྙན་ངག་ལ་སྦྱར་བའི་འཁྲབ་གཞུང་ཡང་རེ་གཉིས་བྲིས་པ། དེར་མ་ཟད་ད་དུང་རྒྱ་ཡིག་གི་ལམ་ནས་ཀྱང་སྙན་ངག་མང་པོ་བྲིས་དང་འབྲི་བཞིན་ཡོད་པས་ན།  ཁོ་ནི་བློ་གྲོས་དང་ཐབས་རྩལ།  སྒྱུ་རྩལ་བཅས་ལ་བྱང་ཆ་དོད་པ་དང༌། ཁོའི་བརྩམས་ཆོས་ཀྱི་མགོ་རྔ་བར་གསུམ་ན་གསར་བཏོད་ཀྱི་ཆའང་སྒྱེའི་ནང་སྙུང་བུ་བཞིན་གཟེངས་སུ་ཐོན་ནས་ཡོད།
     སྙན་ངག་པ་མདའ་བཙན་པོ་ལགས་ཀྱི་བསོར་ཉམས་ཀྱིས་ཕྱུག་པའི་ཚིག་འབྲུའི་འཐམ་འཁྱུད་དང་གྲིམ་ཤ་ཆེ་བའི་འཆར་ཡན་གྱི་དབྱངས་འགྲོས་ཀྱིས་མཉམ་དུ་བསླས་པའི《སྐད་ཆ་བསོར་མོ་རེ་བཤད་ན》དང་《འབྲོང་རྒོད་ཀྱི་རུས་ཀོང་འཐོར་བའི་མྱ་ངན་གྱི་སྐོར》《མི་དྲན་ཐུ་མེད་ཀྱི་གུ་གེ་མཁར་ཤུལ》《སེམས་ཀྱི་ཞིང་ཁམས་ནས་ཁྱོད་ལ་འབོད་པ》《རོལ་རྩེད་ཀྱི་གཤིས་སུ་གྲུབ་པའི་སྙན་ཚིག》སོགས་དང༌།  ཚིག་རྐང་སྟོང་ལ་ཉེ་བའི་སྙན་ངག་རིང་མོ《དབུས་ལ་སོང་བའི་སྒྲུང》《ངའི་སྙིང་ཁ་རུ་གངས་རི་ལྟར་བརྩིགས་པའི་པོ་ཏ་ལ》སོགས་བྲིས་པས་ཁོའི་འཆར་ཡན་སྒྱུ་རྩལ་དེ་ད་སྔའི་བར་བོད་དུ་བྱུང་མྱོང་མེད་པའི་སྙན་ངག་པ་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པ་ལས་ཐོད་བརྒལ་བྱུང་པ་དང༌། རྡོ་གྲུབ་ཆེན་བསྟན་པའི་ཉི་མའི་བྱ་དངོས་བྱེ་བྲག་ཡང་བྲག་པའི་སྟེང་ལ་འཆར་ཡན་བྱེ་བྲག་ཡང་བྲག་པ་སྦྱོར་བའི་ཚོར་བའི་གཞོང་བ་ཆེན་པོ་དང་ཡང་མཉམ་པར་བྱས་ཡོད་པ། ད་དུང་སྒེའུ་སྟེང་བློ་བཟང་ཚང་གི་དོན་གྱི་ལྡེབས་རིས་སྟེང་ལ་ཚིག་གི་རི་མོ་ཕབ་པ་ལྟ་བུའི་མཛེས་འཕྱོར་གྱི་ཆ་དེ་ལས་ཀྱང་རིང་དུ་བརྒལ་བ་དང༌།  རུས་པའི་རྒྱན་ཅན་གྱི་སྐད་ཆའི་གཉུག་མའི་གསེབ་ནས་རྟོག་འཆར་དང་སྒྱུ་འཕྲུལ་གྱི་བུ་ཆུང་གར་དུ་རྩེན་པའི་འཕོ་བ་གྲོང་འཇུག་གི་གདམས་པ་ལྟ་བུ་ལས་ཀྱང་བརྒལ་ཡོད་པར་མཐོང༌།(དེང་གི་སྙན་ངག་དག་ལ་དགོས་དབང་གིས་བསྡུར་བ་མི་བྱེད)དེ་མ་ཟད་ཁོས་རྒྱ་ཡིག་གི་ལམ་ནས་ཀྱང་སྙན་ངག་འབོར་ཆེན་བྲིས་ཡོད།(འདིར་གསལ་བཤད་བྱ་རྒྱུ་ཞིག་ལ། སྤྱིར་བཏང་དུས་དང་ཁོར་ཡུག་སོགས་མི་འདྲ་བའི་ཆ་ནས་གནའ་དེང་གི་སྙན་ངག་པ་དག་འདི་ལྟར་བསྡུར་ན་ཅུང་མི་འགྲིག་པར་སྣང༌།  གལ་ཏེ་འདི་ལྟར་བསྡུར་ཚེ་ང་ཚོས་འུ་ཅག་གི་དམ་པ་གོང་མ་རྣམ་པར་བརྩི་བཀུར་མ་བྱས་པའམ་དམའ་ཕབ་པ་ལྟ་བུའི་ཆ་ཡོད་ནའང༌།  དེ་ནི་རྩོམ་མཁན་རང་ཉིད་རང་ལ་ཡིད་ཆེས་ཡོད་པ་དང་བརྩོན་པ་བྲག་ལ་བརྐོ་བ་སོགས་ཀྱི་སྐུལ་ལྕག་གཏོང་བའི་ནུས་པར་གྱུར་ན་ནི་སྐད་ཆ་རེ་གཉིས་དུངས་ཞེན་གྱི་དབང་གིས་ཅུང་ཐལ་ཆེ་བར་གྱུར་ཡང་སྐྱོན་ཆུང་དུ་བལྟ་རྒྱུ་ཡིན། དགོངས་འགལ་མེད་པར་མཁྱེན།)
     སྙན་ངག་པ་མཚོ་བུ་དགའ་བདེ་ལགས་ཀྱི་《བོད་ཀྱི་དེབ་ཐེར》དང་《འགྲོ་ཞོར་དུ་བློས་བསླངས་བྱས་པའི་སྙན་ཚིག་ཚན་པ་བརྒྱད》《ཐང་ཆད་བྱུང༌། འོན་ཀྱང་ང་ཡིས་སྙན་ངག་བྲིས་ཆོག》《བར་དོའི་འཇིགས་པ》སོགས་ཀྱིས་མཚོན་པའི་སྙན་ངག་དག་ལ་བརྩེ་དུང་དང་སེམས་ཁུར་མང་པོ་ལུ་གུ་བརྒྱུད་དུ་སྦྲེལ་ཡོད་ནའང་སེམས་ཀྱི་ཆེས་ཟབ་ས་ནས་རེས་གསལ་རེས་མངོན་གྱི་ཚུལ་དུ་ཕ་རོལ་བོར་གོ་བརྡ་སྤྲོད་པ་ནི་ཁོའི་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་ཤིག་ཏུ་གྱུར་ཡོད།  ལྷག་པར་ཏུ་ཁོས་རྒྱ་ཡིག་ལམ་ནས་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཚད་ལྡན་དང་མིང་གྲགས་ཅན་མང་པོའི་སྟེང་ཏུ་བོད་ཀྱི་མར་དྲི་དང་རྩམ་དྲི་མ་ཡལ་བའི་སྙན་ངག་མང་པོ་སྤེལ་བས། ཁོ་བོ་༢༠༠༩ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཁྲོད་ཀྱི་འབུར་ཐོན་སྙན་ངག་པ་བཅུའི་གྲས་སུ་བདམས་ཐོན་བྱུང་ཡོད་པ་རེད།
    སྙན་ངག་པ་ལྡོང་བུ་ལགས་ཀྱི་《གཤིན་པོའི་རོལ་དབྱངས་》ཞེས་པ་ཚན་པ༡༡༩དང་ཚིག་རྐང་སྟོང་ལ་ཉེ་བའི་སྙན་ངག་རིང་མོ་དང༌།《ཟླ་བའི་རྨི་ལམ》ཞེས་པའི་སྙན་ངག་རིང་མོ་སོགས་ཀྱིས་མཚོན་པའི་སྙན་ངག་མང་པོར་རྟོག་རྡང་ཁྱད་པར་པ་ཞིག་དང་རྩོམ་ཐབས་ཁྱད་པར་བ་མང་པོས་ཀུན་ནས་སྦྲེལ་ཡོད་པ་དང༌། ལྷག་པར་ཏུ་ཁོར་ཕྱི་གླིང་རྩོམ་རིག་གི་མྱོང་ཆ་མང་པ་དང་ཁོའི་བསྒྱུར་རྩོམ་ཨེའེ་ལུའེ་ཐའེ་ཡི་སྙན་ངག་རིང་མོ་《མྱ་ངམ་ཐང》དང་མའོ་ཞི་ཁོ་ཡི་སྙན་ངག་པ་ཕ་སའི་《རྡོ་ཉི་ཟླ》སོགས་ཀྱིས་མཚོན་པའི་བསྒྱུར་རྩོམ་སྙན་ངག་དག་གིས་བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་ཆེན་མོ་སྐ་ཅོག་ཞང་གསུམ་གྱིས་གཙོས་པའི་སྐད་གཉིས་སྨྲ་བ་དག་ངོ་གནོངས་བར་བྱས་ཡོད། དེ་ཟེར་དོན་ནི་སྙན་ངག་པ་ལྡོང་བུ་ལགས་ནི་ཕྱི་གླིང་གི་སྙན་ངག་རིང་མོ་དག་བོད་ཡིག་ཏུ་བསྒྱུར་མཁན་ཐོག་མར་ངེས་བཟུང་ཆོག་པ་དང༌།  ཁོས་བསྒྱུར་བའི་སྙན་ངག་གི་བརྩམས་ཆོས་དག་ནི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱ་མཚན་ལགས་ཀྱིས་བསྒྱུར་བའི་སྙན་གཞུང་མེ་ལོང་མ་ལྟ་བུ་མ་ཡིན་པར།  ལྡོང་བུ་ལགས་ཀྱིས་སྙན་ངག་དེ་དག་མི་རིགས་རང་གི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་ཞིང་མི་རིགས་རང་གི་འདུ་ཤེས་འཛིན་སྟངས་དང་ཡང་མཐུན་པར་བསྒྱུར་ཡོད་པས་དེ་ལྟར་བཤད་པ་ཡིན།
    སྙན་ངག་པ་རེ་རྐང་གླིང་ལགས་ཀྱི་《རོ་སྒམ་གྱི་གསང་ཨང》དང་《མཆོད་རྟེན》《མཆན་བུ་མང་བའི་སྙན་ངག་ཅིག》《སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ》《ལུད་པ》སོགས་ཀྱིས་མཚོན་པའི་སྙན་ངག་མང་པོར་མཚོན་ཐབས་མི་འདྲ་བ་སྣ་ཚོགས་སྤྱད་ནས་བྲིས་ཡོད་པས།   ཁོའི་སྙན་ངག་ནི་འདི་ཙམ་མོ་ཞེས་སུས་ཀྱང་ཁ་ཚོན་གཅོད་དཀའ་བ་ཡིན།   ཁོ་རྣམ་པ་ཀུན་ཏུ་སྙན་ངག་གི་ཀློང་དུ་འཐིམས་ནས་རྟོག་པ་འོག་མར་བསྟུན་ཅི་ཐུབ་བྱེད་པས།   ཁོའི་སྙན་ངག་ལན་རེར་མཁའ་རུ་བསྐྱོད་ཅིང་ལན་རེར་ས་རུ་ནུར་བ་དང༌། ལན་རེར་ཉི་མའི་ངོགས་སུ་འཚེར་ཞིང་ལན་རེར་སྨག་རུམ་གྱི་ཁྲོད་དུ་ཡིབ་པ།   ལན་རེར་རྣོ་ལྕགས་ཀྱི་ངོ་བོར་གྲུབ་ཅིང་ལན་རེར་འཇའ་ཚོན་གྱི་གཟུགས་སུ་གྲུབ་པས།  ཁོས་ནི་རྣམ་ཀུན་སྒྱུ་འཕྲུལ་གྱི་ཕོ་བྲང་ཆེན་པོ་དེའི་ནང་རོལ་ནས་སྒྱུ་འཕྲུལ་གྱི་རྣམ་ཤེས་སམ་བླ་སྲོག་གསོན་པོ་ཞིག་འཚོལ་ཞིང་སྙེག་པའི་ལས་ལ་སྤོབས་པ་ཆེན་པོས་འཇུག་གིན་ཡོད།
    སྙན་ངག་པ་མར་ཁུ་རྒྱལ་མཚན་ལགས་ཀྱི་《བུ་མོ་མཆོག ང་ཡོང་གི་ཡོད》དང་《ང་གཉིད་དུ་ཆུགས》《ངས་ཇི་ལྟར་བརྗོད་ན་འགྲིག》《ལས་དབང་ལ་བླངས་པའི་གླུ》སོགས་ཀྱིས་མཚོན་པའི་སྙན་ངག་དག་ནི་དྭངས་གཤིས་ཀྱིས་ཁྱབ་ཅིང་ཚིག་འབྲུ་བབ་ཆགས་ཤིག་ལ་བརྟེན་ནས་སེམས་ཀྱི་ཚོར་འདུ་ཆུ་མིག་ས་འོག་ནས་བརྡོལ་བ་ཇི་བཞིན་འགོག་དཀའ་བ་ལྟ་བུར་སྣང༌།
   སྙན་ངག་པ་ས་དཀྱིལ་ཚེ་བཀྲ་ལགས་ཀྱི་《དྲན》དང《རླུང》《ཁྲག》《གངས》《ལྷ》《སྨུག་ལོང་ཁྲོད་ཀྱི་གྲོང་ཚོ》《སྙན་ངག་དང་སྐྲ་ལོ》སོགས་ཀྱིས་མཚོན་པའི་ལྷུག་རྩོམ་སྙན་ངག་དག་དང་སྙན་ངག་པ་འབྲོང་ཕྲུག་ལགས་ཀྱི་《ལོ་ཟླ》《འབོད་པའི་གཡབ་མོ》《ལོ་རབས་དེར》《ལོབས་ཕྱོགས་ཤིག》སོགས་དང༌།  དེ་བཞིན་དུ་རྨོག་རུ་ཤེས་རབ་རྡོ་རྗེ་དང་ཁུ་བྱུག་སྔོན་མོ། དུང་སོགས་ཀྱི་སྙན་ངག་ལའང་རང་རང་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་རེ་ ཡོད་པས་འདིར་རེ་རེ་བཞིན་གསལ་བཤད་མི་བྱེད།  མདོར་དེད་ན་མི་རབས་གསུམ་པའི་སྙན་ངག་པ་རེ་རེར་རྩོམ་སྟངས་ཀྱི་ཆ་དང་ཚོར་རྟོག་གི་ཆ།  བློས་བསླངས་ཀྱི་ཆ།  སྒྱུ་རྩལ་གྱི་ཆ་སོགས་ཕྱོགས་གང་ནས་བལྟས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པས།  འདི་ནི་དོན་གྱིས་འུ་ཅག་གི་ལ་རྒྱ་དང་ཁོག་དཔུང་རེད་ལ།  འདི་ནི་དོན་གྱིས་འུ་ཅག་གི་བླ་ན་མེད་པའི་འབྲས་བུ་དང་གཟེངས་སུ་ཐོན་པའི་བྱས་རྗེས་ཀྱང་རེད་པས།  ང་རང་མི་རབས་གསུམ་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་ངོ་མ་བསྟད་ན་བསྟོད་རིན་ཡོད་པ་དང་འཕྱར་ན་འཕྱར་རན་ཡོད་པས་དངོས་ནས་དགའ་བ་འབུམ་གྱིས་མྱོས་འགྲོ།
     ཡིན་ཡང་འཇིག་རྟེན་སྟེང་གི་བྱ་དངོས་གང་དང་གང་ཞིག་ཡིན་ཡང་དེ་ལ་སྐྱོན་དང་ཡོན་ཏན་གཉིས་ནི་ནམ་ཡང་གཟུགས་དང་གྲིབ་མ་བཞིན་དུ་འགྲོགས་ཡོད་པའི་སྟབས་ཀྱིས།  འུ་ཅག་མི་རབས་གསུམ་པའི་སྟེང་ནའང་བཟང་ཆ་དང་སྐྱོན་ཆ་གཉིས་ཀ་ཡོད་པ་རེད། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཀྱང་རེད། གལ་ཏེ་འུ་ཅག་གིས་རང་གི་བཟང་ཆ་ཁོ་ན་ལས་མ་མཐོང་བའམ་བཟང་ཆ་ཁོ་ན་ལས་མ་བཤད་ན་དེ་ནི་མི་ཞིག་ལ་མཚོན་ན་མིག་ཡ་གཅིག་མེད་པ་དང་ཀུན་ནས་མཚུངས་བ་རེད། དེ་བས་ང་ཚོས་རང་གི་བཟང་ཆ་འཕྱར་བའི་ཞོར་ཏུ་སྐྱོན་ཆ་དང་མི་འདང་ས་གླེང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོར་མཐོང༌།  དེང་སྐབས་ཀྱི་རྒྱུགས་ཆེ་ཞིང་བདེན་པ་ཡང་ཡིན་པའི་སྐད་ཆ་སྟེ་རང་སྐྱོན་རང་གིས་གླེང༌།  རང་མཚང་རང་གིས་འབྲུ་ཞེས་པ་དེ་གཞིར་བཟུང་སྟེ་ཐོག་མར་རང་གི་མི་འདང་ས་གླེང་ན། ང་རང་ཉིད་ལ་མཚོན་ན་ངེས་པ་དོན་གྱིས་སྙན་ངག་ལ་དགའ་མཁན་ཞིག་ཡིན་པ་མ་གཏོགས་སྙན་ངག་པ་དངོས་མ་ཞིག་ཏུ་གྱུར་མེད།  དེ་གང་ནས་ཤེས་ཡོང་ཟེར་ན།   ང་རང་ཉིད་ལ་མཚོན་ན་༢༠༠༠ལོ་ནས་བཟུང་སྙན་ངག་འབྲི་བའི་མགོ་བརྩམས་པ་ཡིན།  ལོ་ངོ་བཅུ་ཡི་རིང་གི་རང་ཉིད་ཀྱི་སྙན་ངག་ལ་ཕྱོགས་བསྡོམས་ཤིག་བྱས་ན་གྲངས་ཀ་དང་རྒྱུ་སྤུས་ཉིས་ཆ་ནས་ངོ་མ་ཞེ་ཕངས་དགོས་པ་ཞིག་རེད།  བྱིས་པའི་ལབ་བརྡོལ་ལྟ་བུ།  སྨུག་ལོང་མགོ་འཁོར་ལྟ་བུ།  སྔ་ཆད་ཕྱི་རྡུམ་ལྟ་བུ།  ཕྱི་རྫིག་ནང་སྟོང་ལྟ་བུ།   ཟོག་གསོབ་བཅོས་མ་ལྟ་བུའི་ཚིག་རིས་འཁྱར་འཁྱོར་དང་ཚོར་བ་དམ་དུམ་གྱིས་བྲིས་པ་དག་སྤྱི་ཚོགས་ཀྱི་སྣེ་འདྲེན་བྱེད་དང་བློ་སྒོ་འབྱེད་བྱེད་དུ་འགྱུར་བ་ལས་སྤྱི་ཚོགས་ཀྱི་ཞབས་འདྲེན་བྱེད་སྤྱད་དུ་འགྱུར་བར་ཡང་ཐག་མི་རིང་སྙམ་པས།  མཚམས་རེར་རང་གིས་རང་གི་ལག་པ་གདོང་ལ་བཀབ་ནས་འདུག་དགོས་པའི་ཚད་ལའང་བསྐྱལ་འགྲོ།  དེ་བཞིན་དུ་མི་རབས་གསུམ་པའི་སྙན་ངག་པའི་ཁྲོད་དུ་ང་དང་ང་ལྟ་བུ་ཡང་མེད་མི་སྲིད་པས།  འདི་ནི་འུ་ཅག་གི་སྐྱོན་ཆ་དང་མི་འདང་ས་གཙོ་བོ་ཞིག་རེད། ད་དུང་ང་རང་ཐེ་བའི་མི་རབས་གསུམ་པའི་སྙན་ངག་པ་མང་ཆེ་བར་རིག་གནས་ཀྱི་བྱང་ཚད་མེད་གི བསམ་བློའི་རྟོག་གཞིག་མེད་གི དཔྱོད་ཤེས་ཀྱི་བློ་མིག་མེད་གི   དཔེ་ཀློག་གི་གཤོག་པ་མེད་གི  གཞན་ཕན་གྱི་ཀུན་སློང་མེད་གི   རང་གི་ཁེ་དང་མིང་ཁོ་ན་བསམས་ནས་སྙན་ངག་འབྲི་གི  རང་གི་དགའ་སྐྱོ་ཆགས་སྡང་ཁོ་ན་རྒྱུ་མ་ཕུད་འདེད་བྱས་ནས་སྙན་ངག་འབྲི་གི   ཚོར་བ་རྫུན་མ་དང་རྟོག་པ་ཐན་ཐུན་ལ་བརྟེན་ནས་སྙན་ངག་རྫུན་མ་འབྲི་གི  འདི་དག་ཐམས་ཅད་པོ་འུ་ཅག་གི་སྐྱོན་དང་མཚང་དུ་གྱུར་ཡོད་པས་ན། མ་འོངས་པ་ན་ཚང་མས་ཚུགས་ཀ་མེད་རུང་ལྡོག་པ་དང་ཕོ་སྒོ་མེད་རུང་ཁ་ལག་ཟེར་ཟེར་གྱིས་རང་རང་ས་ནས་རང་གི་སྐྱོན་ཆ་བསྔོག་འདོན་དང་མི་འདང་ས་ཁ་གསབ་བྱས་ཏེ།  ལོ་ན་བཞི་ལ་བུད་མ་ཐག་པའི་འུ་ཅག་གི་ཚོགས་པ་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ནི་ངའི་རེ་བའི་ནང་གི་རེ་བ་ཡིན་ནོ། །
    ངས་སྔོན་ཆད་གྲོགས་པོ་ལ་ཤས་ལ་སྐད་ཆ་འདི་ལྟར་བཤད་མྱོང༌།  གལ་ཏེ་སྙན་ངག་ནི་ལག་པ་ཞིག་ཡིན་པའི་དབང་དུ་བཏང་ན་སྐུ་ཞབས་མདའ་བཙན་པོའི་སྙན་ངག་ནི་མཛུབ་གུ་དང་འདྲ།  མཛུབ་གུ་རེ་རེ་སྟུག་ཅིག་སྦོམ་ལ་ཤེད་ཀྱིས་རྒྱགས་པ་དང་འཁྱུག་རྩལ་དང་ལྡེམ་མྱུར་ཡང་ཡོད་ཀྱང་ལག་ཤེད་དེ་འདྲའི་ཆེན་པོ་མེད་པ་ལྟར་མངོན་ཞིང༌།   སྐུ་ཞབས་འཇུ་སྐལ་བཟང་གི་སྙན་ངག་ནི་ལག་པ་དང་འདྲ་བར་མཛུབ་གུ་རེ་རེར་དེ་འདྲའི་ཤེད་ཤུགས་དང་ལྡེམ་མྱུར་མེད་ཀྱང་ལག་ཤེད་ཆེན་པོ་ཡོད་གི་ཞེས་བཤད་མྱོང༌། དེ་ཡང་གཙོ་བོ་རིག་གནས་ཀྱི་བྱང་ཚད་དང་བསམ་བློའི་རྟོག་རྡང་ཞིག་གི་ཆ་ནས་བཤད་པ་ཡིན།  འདི་ཚང་མ་འུ་ཅག་གི་སྐྱོན་ཆར་བགྲངས་མི་ཆོག་རྒྱུ་མེད་གི་བསམས།  འདིའི་ནང་ན་ད་དུང་གསང་བ་གཞན་ཞིག་ཡོད་པ་ནི་མཛུབ་ཤེད་ཀྱི་ཆ་ནས་སྐུ་ཞབས་མདའ་བཙན་པོ་ཤིན་ཏུ་ངར་བ་དེ་རེད།  སྙན་ངག་རང་སྟེང་ནས་དེད་ན་དེ་ནི་དངོས་གནས་གོང་བཀུར་དང་ཡི་རངས་བྱ་དགོས་པ་ཞིག་རེད་བསམས་མོད། ཡིན་ཡང་སྤྱི་ཚོགས་ཀྱི་ངོས་ཐད་ནས་དེད་ན་ང་ཚོར་སྙན་ངག་གི་ལྟག་རྒྱབ་ན་ད་དུང་འགན་ཁུར་མང་པོ་ཡོད་ན་འགྲིག་གི   དེ་བཞིན་དུ་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་གཉེར་བ་དང་བར་སྣང་དུ་སྒྱུ་རྩལ་གྱི་ཕོ་བྲང་བཞེངས་པ་སོགས་ཀྱང་སྙན་ངག་རང་སྟེང་ནས་དེད་ན་དངོས་གནས་གོང་བཀུར་དང་ཡི་རངས་བྱ་དགོས་ས་རེད་མོད།  ང་ཚོ་རིག་ཚན་གྱི་དབྱེ་བ་མང་ཞིང་ཆེད་ལས་མཁས་པ་མང་པ། སྟོབས་དང་དབང་གིས་ཕྱུག་པ།   འཕེལ་རྒྱས་ཀྱི་གོམ་ཁ་མྱུར་བའི་མི་རིགས་གཞན་པ་དང་བསྡུར་ཐབས་ཡེ་ནས་མེད་པས། ང་ཚོས་མ་མཐར་ཡང་དུས་སྐབས་ངེས་ཅན་ཞིག་ལ་ངེས་པར་དུ་སྤྱི་ཚོགས་ལ་འགན་ཁུར་དགོས་པར་བསམས།  སྤྱིར་བཏང་ང་རང་གི་བསམ་ཚོད་ལྟར་ན་སྙན་ངག་ཅེས་པ་དེ་འདི་དང་གན་རེད་ཅེས་བསྡོམས་ཚིག་དགོད་མི་རུང་པར་འདོད། རྒྱུ་མཚན་ནི་སྙན་ངག་གི་ཁྲོད་ན་གཏན་ཚིགས་ཀྱིས་མི་གཅུན་པའི་ཆ་ཕྲ་མོ་ཤིན་ཏུ་མང་པོ་ཞིག་ཡོད་ལ།  མངོན་གབ་དང་དྭངས་འཕྲུལ་གྱི་དབྱེ་མཚམས་ནམ་ཡང་གསལ་བོར་མི་མངོན་པས་ཡིན།  ང་རང་གི་གོ་བ་ལེན་སྟངས་ལྟར་ན་སྙན་ངག་ཅེས་པ་དེ་མི་ཞིག་ཡིན་པའི་དབང་དུ་བཏང་ན།  ཐ་སྙད་དང་དབྱངས་འགྲོས།  ཚོར་རྟོག་གསུམ་ནི་རེ་རེ་བཞིན་མི་དེའི་ཤ་རུས་ཁྲག་གསུམ་དུ་ངེས་བཟུང་ཆོག་པར་འདོད།  ཡིན་ཡང་མདོར་དེད་ན་ཤ་རུས་ཁྲག་གསུམ་ནི་མི་དེ་འགྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་དུ་གྱུར་བ་མ་གཏོགས་མི་དངོས་མ་རེད། འོ་ན་མི་དངོས་དེ་གང་རེད་ཟེར་ན། ད་བཤད་དཀའ་མོ་རེད།  ད་ཤེས་པ་ཞིབ་མོ་ཞིག་གིས་འབྱེད་དགོས་པ་རེད། ལྐོག་གྱུར་གྱི་རིགས་ལམ་ཕྲ་མོ་ཞིག་ལ་བརྟེན་དགོས་པ་རེད།  རྗེས་དཔག་གི་ཚད་མས་མཇལ་དགོས་པ་རེད།  དེ་བས་ང་ཚོས་ཤེས་པ་རགས་མོ་ཞིག་ལ་བརྟེན་ནས་བཤད་ན་མི་དེ་མི་ཅི་ལྟ་བུ་ཡིན་པར་གཏན་ལ་ཕབ་བྱེད་གཙོ་བོ་ནི་ནང་སེམས་ཀྱི་འཇིག་རྟེན་ནམ་བླའམ་སྲོག་གིས་ཐག་གཅོད་བྱ་དགོས་པར་འདོད།  དེ་བཞིན་དུ་ཐ་སྙད་དང་དབྱངས་འགྲོས།  ཚོར་རྟོག་གསུམ་པོ་ཡང་སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་དུ་གྱུར་ཡོད་པ་མ་གཏོགས་སྙན་ངག་དངོས་མིན་པར། མི་ཞིག་གི་བླའམ་སྲོག་འཚོལ་བ་བཞིན་སྙན་ངག་དངོས་དེ་ནི་ཁམས་ཤིག་ལ་ངོས་འཛིན་པ་ལས་འོས་མེད།   རྗེས་དཔག་གི་རིག་པ་ཞིག་ལ་བརྟེན་ནས་མྱོང་བ་ལས་ཐབས་མེད། དེ་བས་སྙན་ངག་གི་ཁྲོད་ན་གཏན་ཚིགས་ཀྱིས་མི་གཅུན་པའི་ཆ་ཤིན་ཏུ་མང་པོ་ཞིག་ཡོད་ཟེར་དོན་ཡང་འདི་ལ་ཐུག་འདུག་སྙམ།    སྐད་ཆ་འདིས་སྙན་ངག་གི་སྒྱུ་རྩལ་རིན་ཐང་ལ་རྡོག་བརྫིས་བཏང་ཡོད་ཀྱང་སྲིད་མོད༌།  འུ་ཅག་གི་གནས་བབ་དང་སྦྱར་ནས་བཤད་ན།  ང་ཚོའི་སྙན་ངག་ནི་རོལ་མོ་དཀྲོལ་བ་དང་གླུ་གཞས་ལེན་པ་ལྟ་བུར་འགྲོ་བ་ལས་བཤེས་ཀྱི་གདམས་ངག་དང་ཕའི་ཁ་ཆེམས་ལྟ་བུར་གྱུར་ན་ད་གཟོད་དང་ལེན་དང་དགའ་མཁན་ཇེ་མང་དུ་འགྲོ་བར་མ་ཟད་ཕན་ཐོགས་ཚད་ཀྱི་ཆ་ནས་ཀྱང་ནུས་པ་བླ་ལྷག་གིས་ཐོན་པར་འདོད།  ཚབ་མཚོན་གྱི་དཔེ་གཅིག་བཀོད་ན། སྙན་ངག་པ་འཇུ་སྐལ་བཟང་གི་སྙན་ངག་ལྟ་བུ་རེད། ཁོའི་སྙན་ངག་《ཡིག་ནོར་འདི་དག》《པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ》《བསམ་གཞིག》སོགས་ཀྱིས་མཚོན་པའི་སྙན་ངག་ཕལ་ཆེ་བས་རང་མི་རིགས་ཀྱི་ནད་རྙིང་ལ་རྣག་ཐོག་ཁབ་གཙག་ལྟ་བུའི་ནུས་པ་ཐོན་ཡོད་པ་དང༌། རིགས་ཞེན་གྱི་དཔུང་བ་གཏུམ་པོ་དང་མ་འོངས་སྔོན་དཔག་གི་མནོ་བསམ་རིང་མོ།  ཚོར་བའི་ཁུ་ཞག་སྣུམ་པོའི་རོ་བཅུད།   རྣམ་དཔྱོད་ཀྱི་ཞིང་ས་མྱུལ་བའི་ཚོད་བགམ། བདེན་པའི་བྲང་གཞུང་རེག་པའི་བཟང་སྤྱོད། གཏན་ཚིགས་ཀྱི་བླ་སྲོག་བྲག་ལ་བརྐོ་བའི་སྤོབས་པ་བཅས་ཀྱིས་ཕྱུག་པའི་སྙན་ངག་རེ་རེས་ནི་འུ་ཅག་ལ་མདུན་བསྐྱོད་ཀྱི་གོམ་པའི་ཡང་ཟོར་བསྩལ་ལ། ཕྱིར་རྟོག་གི་གསང་མིག་སློག་པའི་ཁྱེམ་བུ་གནང་བ་དང༌། སྐབས་དོན་གྱི་བདེན་པའི་ཡང་སྙིང་འཚོལ་བའི་གཟི་མིག་སོགས་སྦྱིན་པས། བོད་ཀྱི་སྙན་ངག་གི་གར་སྟེགས་ཆེན་པོའི་སྟེང་དུ་ཁོང་གི་སྙན་ངག་ནི་འོད་ཀྱིས་འཁྱུད་པའི་མུ་ཏིག་རྡོག་པོ་ཞིག་ཏུ་མི་ལྟ་རང་ལྟར་གྱུར་ཡོད་སྙམ། དེ་བས་ང་ཚོས་ཀྱང་བསམ་གཞིག་གི་སྒོ་མོ་ཕྱོགས་ཀུན་ལ་བསྐོར་ཏེ་གཞན་ལ་བརྩི་བཀུར་བྱེད་པའི་ཞོར་དུ་རང་གི་ནུས་པ་མཐོ་རུ་བཏེགས་ཏེ།  མ་འོངས་པར་བོད་ཀྱི་སྙན་ངག་གི་གཤིན་ས་དྲོན་མོའི་སྟེང་དུ་ཆུ་ལུད་དྲོད་གསུམ་གྱི་ཕན་ཆ་མི་ཉུང་བ་སྟོར་རྒྱུ་ནི་གནད་ཀྱི་དོན་པོར་བསམས་སོ། །
 
མཐར་བོད་ཀྱི་སྙན་ངག་གི་རླུང་རྟ་རྒྱས་པར་ཤོག
བོད་ཀྱི་སྙན་ངག་པ་ཀུན་གྱི་སྐུ་ཚེ་བརྟན་པར་ཤོག   བློ་གཤོག་རྒྱས་པར་ཤོག
བོད་ཀྱི་སྙན་ངག་པའི་མི་རབས་སུམ་པ་ཁྲི་ལོར་ནས་ཁྲི་ལོར་ཤོག   ཁ་བྲོ་བཀྲ་ཤིས།
                                                                                            ༢༠༡༠.༧. ༢༢ཉིན་བྲིས །
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་བ་ཞིག་གི་མིག་གིས་མི་རབས་གསུམ་པར་མིག་བཤེར་བྱས་པ།

2011-03-12 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།