གློག་བརྙན་ཐུང་ངུ༼ཤེས་རབ་ཀྱི་འཛུམ་མདངས༽དང་དེའི་འཁྲབ་གཞུང་སོགས།

གཡག་བུ་དཔལ་རྩལ་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-08

བརྙན་ཁོལ་ཕྱུང་།

གློག་བརྙན་དངོས།

བརྡ་སྦྱོར་པར་རིས།༡

བརྡ་སྦྱོར་པར་རིས།༢

བརྡ་སྦྱོར་པར་རིས།༣

                                                         ༼འཁྲབ་ཁྲིད་པའི་གཏམ༽
          གློག་བརྙན་ནི་སྐར་ཆ་ཁ་ཤས་ཁ་ཤས་ཀྱི་བརྙན་དང་སྐར་ཆ་ཁ་ཤས་ཁ་ཤས་ཀྱི་དོན་དག་དག་མཐུད་ནས་གཏམ་རྒྱུད་དམ་དོན་སྤྱི་ཞིག་འགྲུབ་པའི་སྦྱོར་བ་ང་ཚོ་ལ་སྔར་མ་བྱུང་བ་ཞིག་རེད།སྦྱོར་བ་འདི་རྩོམ་བཞིན་པའི་སྐབས་དོན་དག་སྤྱི་དེའི་ཆ་ཤས་ལྷེབ་མོ་ལྷེབ་མོ་འདི་དག་གི་མདུན་ནས་རང་ལ་དེ་མ་ཐག་གཏམ་རྒྱུད་སྤྱི་ནི་འདིའོ་སྙམ་པའི་བློ་ཞིག་སྟེ།སྤྱི་ཡོངས་ཁྲ་ཆིལ་ལེ་བ་ཞིག་འཆར་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད།དེའི་ཕྱིར།གློག་བརྙན་ཚང་མ་སྦྱར་ཚར་ཞིང་སྒྲ་དང་ཡི་གེ་སོགས་བསྡབས་ཚར་དུས་སེམས་ལ་མ་གཞི་སྔོན་མ་རང་གི་སེམས་ན་ཡོད་པའི་འཁྲབ་གཞུང་ནང་གི་གཏམ་རྒྱུད་ནི་འདི་?་རེད་སྙམ་པ་ཞིག་དང་འཁྱོངས་མི་འདུག་སྙམ་པའི་འཕངས་སེམས་ཤིག་ཀྱང་ལྷན་དུ་ཐོན་ཡོང་།དེ་དང་མཉམ་པོར་རང་དང་རྒྱང་བཀྱེད་ཅིང་།རང་གི་སྐད་ཆ་མ་ཡིན་པ་ཞིག་གིས་རང་གི་ཚབ་བྱས་ནས་ཁྱེད་ཅག་ལ་གཏམ་རྒྱུད་ཅིག་འཆད་བཞིན་ཡོད་པའི་དོན་འདིར་བསམ་བློ་རེ་བཏང་ན་སྐབས་རེར་འཇིག་ཡེ་རེ་བ་ཞིག་ཀྱང་མཆིས།
       བརྙན་ཐུང་འདིའང་དེ་ལས་མ་འདས་པར་ཐོག་མར་འཁྲབ་གཞུང་འབྲི་བའི་དུས་སུ།རང་གི་ཡིད་ན་བརྙན་ཐུང་རེ་རེ་འོད་ཀྱིས་ལྡེང་ཞིང་།སྒྲ་གསལ་བ།བརྙན་རིས་མཛེས་ཤིང་།བརྙན་སྣེ་འགྲིག་པ་སོགས་ཕྱི་ཡི་རྐྱེན་ཚང་མ་འཛོམ་པའི་མི་ཚད་འཁྲབ་ཚིག་ལ་བྱང་ཞིང་འཁྲབ་རྩལ་རྫོགས་པའི་འཁྲབ་སྟོན་པ།རླབས་ཀྱི་ཕྲེང་བ་བཞིན་འཕྱོ་འཇགས་ཀྱི་གོ་རིམ་ཡོད་པའི་བྱུང་བ་སོགས་ནང་གི་རྒྱུ་ཕུན་སུམ་ཚོགས་པའི་སྣང་ཚུལ་ཡིད་དུ་འོང་བ་ཞིག་བཞེངས་ཡོད།འོན་ཀྱང་དོན་དངོས་ནི་དེ་ལས་ལྡོག་དེ་དཀའ་ཁག་དང་བློ་ཡུལ་ལས་འདས་པ་འཕྲོ་རིམ་འཕྲོར་བྱུང་ཡོང་བས།མཐར་རང་གི་ཕྲུ་གུ་འདིར་རང་གིས་བལྟ་དུས་ལུས་ཡོངས་སུ་ཡི་གར་?ི་འོང་བའི་རྨ་ཤུལ་སྙིང་ལ་གཟེར་ཤད་སློང་བ་དག་གིས་གང་འདུག
དེ་བས་བདག་གིས་རྨ་ཁ་རལ་རལ་ཀྱི་བྱིས་པ་དམར་འབྱར་འདི་ལག་རྩེར་བཏེགས་ནས་ཁྱོད་ཚོར་སྟོན་དོན་ནི་ཁྱེད་ཅག་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་སྟེར་མི་ཐུབ་པ་ཐག་ཆོད་མོད།འུ་ཅག་གི་གློག་བརྙན་ནི་འདིའོ་དང་ངའི་ཚད་ཐིག་ནི་འདི་རེད་ཅེས་པའི་སྐད་ཆ་ཞིག་བཤད་ཐུབ་ན་དེ་ཡིས་འཐུས།
       བརྙན་ཐུང་འདི་ཕར་བལྟས་ཚོད་ལ་སྐར་མ་བཅུ་ལྷག་ཅིག་གི་ལྟད་མོ་ཐབ་ཆགས་ཤིག་ལས་མེད་མོད།འདི་བཟོ་བའི་གོ་རིམ་ཁྲོད་དུ་གྲོགས་ལྷ་མོ་ཚེ་བརྟན།སྐལ་བཟང་སྦྱིན་པ།ཁྲོ་ཁོ་བཀྲ་ཤིས།ཡོན་ཏན་རྒྱལ་མཚན།ཚེ་རིང་ནོར་བུ་སོགས་ཀྱིས་རང་གི་དགུན་གནང་གི་དུས་ཚོད་དང་འཛོམས་ཚོད་ཀྱི་རྒྱུ་ཤུགས་གང་རུང་ཕུད་ཡོད་ལ།འདི་ལེགས་པོ་ཞིག་ཡོང་ཕྱིར་ལོ་སར་གྱི་དུས་བཟང་ལའང་སྐྱིད་པོ་ཞིག་རོལ་མ་ཐུབ།ད་དུང་ང་ཚོའི་བརྙན་ལེན་པ་སྟེ།པེ་ཅིང་སྟག་ལོ་བ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིའི་འགོ་བ་འཇམ་དབྱངས་དབང་ཕྱུག་དང་ང་ཚོའི་སྒྲ་ལེན་པ་དང་སྒྲིག་སྦྱོར་བ་རྨ་ཆུའི་པི་ཝང་འབྲུག་འགོ་སྒྲ་བརྙན་ལས་སྒྲུབ་ཁང་གི་བདག་པོ་སངས་རྒྱས་སྐྱབས་གཉིས་ཀྱིས་རང་རང་གི་ཆེད་ལས་ཀྱི་ལག་རྩལ་གྱིས་ང་ཚོར་རིན་པ་གང་ཡང་མེད་པར་རོགས་པ་བྱས་པ།ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་འགོ་ཁྲིད་དང་སྨད་མ་ཞང་སྲིད་གཞུང་དང་སྨད་མ་ཞང་སློབ་ཆུང་གི་འགོ་ཁྲིད་སོགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ།གཡུ་འབྲུག་ཚན་སྡེབ་ཀྱི་འཇམ་དཔལ་ཚེ་རིང་གིས་པི་ཝང་འབྲུག་འགོའི་རམ་དཀྲོལ་སྙན་ཞིང་འཇེབ་པ་ཞིག་གནང་བ་འདིས་བརྙན་ཐུང་ལ་གཟི་དཔལ་མི་འདྲ་བ་ཞིག་བསྣན་ཡོད་པ།ད་དུང་མཆོད་མེ་དྲ་བའི་བདག་པོ་སྐྱབས་ཆེན་བདེ་གྲོལ་གྱིས་ཐོག་མཐའ་བར་གསུམ་དུ་དོ་སྣང་གནང་ཞིང་བརྙན་ཐུང་དང་སྦྲེལ་བའི་གསར་འགྱུར་དང་གནས་ཚུལ་དུས་དང་པོ་ཚང་མའི་སྤྱན་ལམ་དུ་ཕུལ་བ།ད་དུང་རྒན་ཉི་སྒྲོན་དང་རྨོག་རུ་ཤེས་རབ་རྡོ་རྗེ།ཕུ་བོ་དྷརྨ།ཨ་རྡོར་སོགས་ཕྱོགས་གང་ཐད་ནས་རོགས་པ་གནང་མྱོང་བའི་འདིར་མཚན་ཐོན་པ་དང་མ་ཐོན་པའི་གྲོགས་པོ་དང་དགེ་རྒན་ཡོངས་ལ་བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་ཁྱེད་ཅག་གི་བྱ་གཞག་ཐམས་ཅད་ཡར་ནས་ཡར་ལ་འཕེལ་བའི་སྨོན་འདུན་ཞུས་པ་ཡིན།
                                                                                                                            ཞེས་གཡག་བུ་དཔལ་རྩལ་གྱིས་བོད་ལྕགས་མོ་ཡོས་ལོའི་གནམ་ལོ་གསར་ཚེས་ལ།
 
                                                         ༼འཁྲབ་གཞུང་།༽
                                                                                                                  ________བརྙན་ཐུང་འདི་ལང་ཚོ་ཁ་རོག་གེར་འབུལ་བཞིན་པའི་གཞི་རིམ་གྱི་དགེ་རྒན་ཚོར་ཕུལ།

                                                                                         སྔོན་འགྲོ།
                      མི་སྣ།
དགེ་རྒན།     ཤེས་རབ།ཕོ།ལོ་ཚོད་གསར་བུ།གདོང་མདོག་སྨུག་ཅིང་བལྟས་ཚོད་ཀྱིས་བོད་མི་ཞིག་ཡིན་པ་ངོ་ཤེས་པ། ཁོང་ནི་གཞི་རིམ་ཀྱི་དགེ་རྒན་ཞིག་ཡིན་ལ་སློབ་མ་ཚོར་ཤ་ཚ་ཞིང་།རྒྱུན་པར་སློབ་མ་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་སེམས་ལ་བཅིངས་ཡོད་པའི་མི་ཞིག
སློབ་མ་ཀ་བ།      ཕོ།     ལོ་རིམ་དྲུག་པའི་སློབ་མ།རྣམ་རིག་བཀྲ་ལ་མིག་མདངས་གསལ་མོད་ངོ་གདོང་ལ་དྲེག་པ་ཆགས་ཡོད་ལ་གོན་པ་དག་ཀྱང་ས་རྡུལ་འགོས་པ་ཞིག
སློབ་མ་ཁ་བ།      མོ། སློབ་མ་ཀ་བའི་སློབ་གྲོགས།བོད་ལྭ་མདོག་ཅུང་ཞན་པ་ཞིག་གྱོན་ཡོད་པ།
ལམ་འགྲོ་ཀ་བ།   ཕོ། སྦག་འཁོར་ཞོན་པའི་གསར་བུ་ཞིག གདོང་ཡོངས་དཀྲིས་ཡོད་པས་གསལ་བོར་མི་མཐོང་བ།འཕོངས་སུ་ཡང་སྐྲ་རིང་བའི་གསར་བུ་ཞིག་ཡོད་པ།
རྒན་པོ་རྫི་བོ།      ཕོ།ལོ་ཚོད་ཅུང་བགྲེས་ཞིང་གདོང་ལ་གཉེར་མས་ཁྱབ་པའི་གཡག་ཞོན་ཞིག
དུས་ཚོད།          
སློབ་གྲྭར་གུང་གསེང་བཏངས་ཟིན་པའི་དགུན་ཁ་ཞིག
ས་གནས།     
འབྲོག་སའི་གཞི་རིམ་གྱི་སློབ་ཆུང་ཞིག
གཏམ་རྒྱུད་ཀྱི་རྒྱབ་ལྗོངས། 
དགེ་རྒན་གྱི་སློབ་མ་ཚོ་ནི་ལོ་རིམ་དྲུག་པ་ཡིན་ཞིང་།སློབ་ཆུང་མཐར་ཕྱིན་གྱི་རྒྱུགས་ལ་གྲ་སྒྲིག་དགོས་པས་སློབ་གྲྭ་ཡོངས་ཀྱིས་གུང་གསེང་བཏངས་རྗེས།ཁོ་ཚོས་ཤུལ་དུ་གསབ་ཁྲིད་བྱེད་ཀྱིན་ཡོད།

                                འཁྲབ་གཞུང་དངོས།
                ༡
ནང་གི་བརྙན།  སློབ་ཁང་། དུས་ཚོད་ཉིན་གུང་།
བརྙན་སྒོ་ག་ལེ་ག་ལེར་སློབ་ཁང་གི་རྩིག་ངོས་བརྒྱུད་ནས་ཕར་སོང་ཞིང་།འདྲ་པར་དང་སློབ་སྦྱོང་དགའ་ཚལ་ལེགས་བཤད་སོགས་རེ་རེ་བཞིན་མངོན།
དགེ་རྒན།   ལྷ་མོ་སྒྲོལ་མ། (བརྙན་རིས་ཕྱིའི་སྐད།)
མིང་རེ་བོས་དུས་སྐུབ་སྟེགས་ལས་ཡར་ལངས་བའི་སྒྲ་ཁྲག་ཁྲོག་གྲགས་འོང་།
དགེ་རྒན།    ཚེ་རིང་སྟོབས་ལྡན།
དགེ་རྒན།  བཀྲ་ཤིས་འཚོ།
དགེ་རྒན།    གསེར་བཟང་།
དགེ་རྒན།   དོན་ལྡན་སྐྱབས།
བརྙན་རིས་རིམ་གྱིས་སློབ་ཁང་ནང་གི་སློབ་མ་ཚོར་འཁོར།སློབ་ཁང་ཆེ་རྒྱུ་མེད་ལ་ནང་ན་སློབ་མ་བཅུ་ཕྲག་ཁ་ཤས་ཡོད་ཅིང་།དགེ་རྒན་གྱིས་མིང་རེ་བོས་དུས་སློབ་མ་རེ་ཡར་ལངས་ནས་རང་གི་འབྲི་དེབ་ལེན་པར་འགྲོ་བཞིན་ཡོད།
དགེ་རྒན།  དོན་ལྡན་སྐྱབས།
དགེ་རྒན་གྱིས་ཡང་བསྐྱར་ཞིག་བོས་ཤིང་མིག་ཟུར་སློབ་མའི་གྲས་སུ་འཕངས།སློབ་མའི་གྲས་ནས་སློབ་མ་ཀ་བ་འཚབ་འཚུབ་ངང་ཡར་ལངས་ཤིང་།མདུན་ཅོག་གི་ཟུར་ཁར་ཐུག་རྒྱག་བཞིན་མདུན་དུ་ཡོང་།
དགེ་རྒན།  ཅི་རེད།མ་གོ་བ་འེ་རེད།
སློབ་མ་ཀ་བ།   ཨིན།    མགོ་བོ་ཅུང་སྨད་ནས།
དགེ་རྒན།  འུ་གཉིས་ཀྱི་བར་རྨ་ཆུས་ཆོད་ཡོད་པས་ཁྱོད་ལ་ཁག་མེད་ཁི
དགེ་རྒན་གྱི་གདོང་ལ་ཧ་ཅང་མ་དགའ་བའི་ཉམས་ཤིག་མངོན།
དགེ་རྒན། འདི་ལྟར་མ་གོ་བས་ཡིན་རྒྱུ་རེད།ཚང་མས་ཁོས་ལས་བྱ་ལ་ལྟོས་དང་།
དགེ་རྒན་གྱིས་འབྲི་དེབ་ཁ་ཕྱེ་ནས་ཀུན་ལ་བསྟན།ཤོག་ངོས་ཀུན་པོ་ནོར་རྟགས་ཀྱིས་ཁེངས་འདུག
དགེ་རྒན།  འདི།   མར་སོང་ལ་ཞུ་དག་བྱས་ནས་ཁྱེར་ཤོག
སློབ་མ་ཕྱིར་རང་གནས་ལ་ཕྱིན།
དགེ་རྒན།  ད་ཟླ་བ་ཁ་ཤས་ཀྱི་རྗེས་ནས་མཐར་ཕྱིན་གྱི་རྒྱུགས་རེད།ད་དུང་འདི་ལྟར་ཉི་མ་འཕུད་ཐབས་བྱས་ནས་སོང་ན་ཁྱོད་ཚོའི་ཨོང་མགོའི་སྟེང་ལ་ཉི་མ་ཤར་རྒྱུ་རེད།གལ་ཏེ་དངོས་ནས་སྦྱང་མི་བསམ་ན་ད་རང་རང་གི་ཡུལ་ལ་སོང་།ང་ཡང་གུང་གསེང་དུས་སྐབས་ལ་ཡུལ་ནས་འདུག་འདོད་གི
དགེ་རྒན་གྱིས་ཁྲོ་ཉམས་དང་བཅས་ནས་དེ་ལྟར་བཤད།སློབ་མ་ཀ་བའི་མགོ་བོ་སྔར་ལས་ཀྱང་སྨད་པར་གྱུར།
སློབ་ཚན་གྲོལ་བའི་ཅོང་གྲགས།
དགེ་རྒན།  རང་རང་གི་ས་ནས་བསམ་བློ་ཞིབ་མོ་ཐོངས།
དགེ་རྒན་གྱིས་དཔེ་ཆ་སོགས་སྡུད་གསོག་བརྒྱབ་ནས་སྒོ་ལ་བུད།སློབ་མ་ཚོ་ད་དུང་རང་རང་ས་ན་དལ་ཅག་གེར་འདུག
                    ༢
ཕྱིའི་བརྙན།  སློབ་གྲྭའི་ར་སྐོར། དུས་ཚོད་ཉིན་གུང་།
དགེ་རྒན་ག་ལེར་སློབ་ཁང་ནས་བུད་ཅིང་མདུན་ཐད་ཀྱི་ས་ཀུན་ལ་ཞིབ་མོར་ཞིག་བལྟས།
སྔོན་གྱི་ལུང་བའི་གཤོང་ཀུན་ལ་རླུང་གཡུག་ནས་ས་རྡུལ་དག་ནམ་མཁར་ཁྱེར།
ཁོའི་གདོང་ལ་སྐྱོ་ཉམས་ཤིག་མངོན་ཞིང་།ག་ལེར་ཉལ་ཁང་གི་ཕྱོགས་སུ་ཕྱིན།
སློབ་མ་རེ་གཉིས་ཤིག་གི་མགོ་བོ་སྒོ་ཁ་ནས་བུད་ཅིང་དགེ་རྒན་ཕྱོགས་སུ་བལྟས་ཡོད།(རོལ་དབྱངས་མཉེན་མོ་ཞིག་གྲགས་འོང་།)
དགེ་རྒན་གྱིས་སྐེད་ནས་ལྡེ་མིག་བྱུངས་ནས་ཟྭ་འབྱེད་བཞིན་པའི་རྒྱབ་གཟུགས།
                    ༣
ནང་གི་བརྙན།  དགེ་རྒན་གྱི་ཉལ་ཁང་།  དུས་ཚོད་ཉིན་གུང་།
ཁང་བ་ནང་ཁུང་ངེར་གནས་ཤིང་།སྒོ་ཕྱེས་རྗེས་སྒོ་སྲུབས་ཀྱི་དཀར་ཆ་ཆེ་རུ་ཕྱིན་ལ་སྒོ་བརྒྱབ་རྗེས་ཡང་ནག་ཁུང་ངེར་གྱུར།སྒེའུ་ཡོལ་ཧར་གྱིས་ཕྱེ་བས་ནང་ཡོང་གསལ་ལེར་གྱུར།མཁོ་ཆས་ཐབས་ཆག་རེ་དང་མདུན་ཅོག་སྟེང་གི་དཔེ་ཆ་ལས་གཞན་ཅི་ཡང་མེད།དགེ་རྒན་གྱིས་རྐུབ་སྟེགས་སྟེང་གི་ཁྲུས་ཆུ་ཀ་ཏོ་ར་གང་བོ་སྒོ་ལ་འཕོས།མལ་ཐུལ་བསྟབས།
བརྙན་སྒོ་ཕར་ལ་བསྐོར་དུས་སྔས་འགོའི་ཁྲིས་ཀྱི་སྒམ་ཆུང་སྟེང་ན་ས་རྡུལ་བབས་པའི་འདྲ་པར་འགའ་བསྒྲིགས་ཡོད་ལ་ནང་ན་བྱིས་པ་ཆུང་ཆུང་པང་བའི་བུད་མེད་མཛེས་མ་ཞིག་དང་སློབ་མ་ཚོའི་མཉམ་པར་སོགས་ཡོད།
དགེ་རྒན་གྱིས་ཁྱིམ་ལ་ཤུག་པ་ཞིག་བསྒྲོན་པས་དུད་པ་སྒེའུ་ཁུང་གི་ཉི་ཐིག་བརྒྱུད་ནས་ཡར་ལ་འཕགས་ཤིང་ཐང་ཆད་པའི་ཁོང་མལ་ཁྲིར་ཁེན་ནས་ངལ་གསོས།སྐབས་དེར་ཁ་པར་གྲགས་ཡོང་།
དགེ་རྒན། ཨོ
ཕ་རོལ་བོ། ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད།
དགེ་རྒན། སློབ་ཚན་གྲོལ་ནས་ཕྱིར་ཉལ་ཁང་ལ་སླེབས་མ་ཐག་ཡིན།
ཕ་རོལ་བོ། ད་ཁྱོད་ནམ་ཡོང་ཐུབ་གི
དགེ་རྒན། ད་དུང་མི་ཤེས་གི  ཕལ་ཆེར་ཉི་མ་བཅུ་ལྷག་ཅིག་འགོར་རྒྱུ་རེད།
ཕ་རོལ་བོ། ཨོ། ཞི་ལུ་ཁ་སང་ཡང་དྲ་ཁང་ནང་ལ་བུད་སོང་ཟིག མདང་དགོང་མོ་མ་གཏོགས་ཕྱིར་ལ་མ་ཡོང་ཐལ།
དགེ་རྒན། ཁྱོད་བཙལ་གི་སོང་ན་མི་ཆོག་ནས། འདི་ལྟར་སོང་ན་ཁོ་ལད་རྒྱུ་རེད།
ཕ་རོལ་བོ། ངའི་ཁར་མི་ཉན་གི ཁྱོད་ཕ་རེད། ཁྱོའི་བདག་མ་བྱས་ན་གཞན་པ་སུས་བཤད།
དགེ་རྒན། ང་ཁོམ་གི་མེད་ནོ་མི་ཤེས་སམ། ང་བུད་ཡོང་ན་བྱིས་པ་ཚོར་དཔེ་ཁྲིད་སུས་བྱེད།
ཕ་རོལ་བོ། བྱིས་པ་བྱིས་པ། ཁྱོའི་བྱིས་པ་བྱིས་པ་མིན་ནི་ཨེ་རེད།
དགེ་རྒན། ད་ཁྱོད་ཁ་རོག་གེར་བསྡད་ན་འེ་ཆོག་གི   ཁ་པར་མལ་ས་རུ་འཕངས།ལག་པ་བྲང་ཁར་བསྣོལ་ནས་བསྡད།
ཕ་རོལ་བོ། ཝེ  ཝེ
སློབ་མ་ཁ་བ།  དགེ་རྒན་ལགས།( ཕྱིའི་སྐད།)
དགེ་རྒན།     ཤོག
སློབ་མ་ཁ་བ།   དགེ་རྒན། དོན་ལྡན་སྐྱབས་ཡུལ་ལ་བུད་ཐལ།
དགེ་རྒན།    ཨ།
སློབ་མ་ཁ་བ།  དོན་ལྡན་སྐྱབས་ཡུལ་བ་བུད་ཐལ། ཕྱིར་ལ་མི་ཡོང་ཟེར་གི
དགེ་རྒན།   ནམ།
སློབ་མ་ཁ་བ།  ད་སོ་མ།
དགེ་རྒན།  ཅི་ལྟར།
སློབ་མ་ཁ་བ། རྐང་ཐང་ལ་ཁེར་བུར་བུད་ཐལ
དགེ་རྒན། ཡ།ཁྱོད་སོང་དང་།ང་ད་བཙལ་གི་འགྲོ
དགེ་རྒན་གྱིས་སྐེ་དཀྲིས་བླངས་ཤིང་།ཞྭ་མོ་གོན་ནས་སྒོ་ལ་བུད་ཅིང་སྒོ་ཁྲོགས་སེར་བརྒྱབ།བརྙན་ལས་ཁོ་སྒེའུ་ཁུང་ཁ་ནས་ཕར་ཕྱིན་པ་ཤར།
                   ༤
ཕྱིའི་བརྙན།  སློབ་ར།  དུས་ཚོད་ཉིན་གུང་།
དགེ་རྒན་སློབ་གྲྭའི་ལྕགས་སྒོ་ནས་བུད་ཅིང་ལྕགས་སྒོ་ཡང་ཁྲོགས་སེར་བརྒྱབ།བརྙན་ལས་ཁོ་ལྕགས་སྒོའི་རི་མོ་རེ་རེ་ལས་བྲེལ་འཚུབ་ངང་ཕར་ཕྱིན།(བྲེལ་ཞིང་འཚུབ་པའི་རོལ་དབྱངས་ཞིག་གྲགས་འོང་།)
                    ༥
ཕྱིའི་བརྙན། གཞུང་ལམ་ཁ། དུས་ཚོད་ཉིན་གུང་ཡོལ་རྗེས།
བརྙན་མཐོ་ས་ནས་མར་བསྟན་དུས།དགེ་རྒན་གཞུང་ལམ་ཕྲ་བོ་ཞིག་ནས་བྲེལ་མྱུར་ངང་འགྲོ་བཞིན་ཡོད་ལ།གཞུང་ལམ་གྱི་ཕར་ངོས་ནི་སྐྱ་ཐིང་ཐིང་གི་ཐང་ཡངས་བོ་ཡིན།
དགེ་རྒན་བྲེལ་མྱུར་ངང་མདུན་ལ་སྐྱོད་བཞིན་ཡོད་ཅིང་།ཐག་རིང་ས་ནས་སྦག་འཁོར་ཞོན་མཁན་ཞིག་བརྒྱུགས་ཡོང་། སྦག་འཁོར་ཉེ་རུ་ཕྱིན་པ་དང་བསྟུན་ནས་དགེ་རྒན་གྱིས་ལག་པ་གཡུགས། སྦག་འཁོར་གམ་ལ་བསྟུད་པ་དང་འཁོར་ཁ་ཙུག་གེར་བསྒགས།ཁ་ངོ་ཚང་མ་བཏུམས་ཡོད་པའི་གསར་བུ་གཉིས་རེད།
ལམ་འགྲོ་ཀ་བ།དགེ་རྒན་ཤེས་རབ།གང་ལ་འགྲོ་ནི།
དགེ་རྒན།  ང་རྭ་སྐོར་ནང་ལ་ཅིག་འགྲོ་དགོས་གི  དེ་ཚོའི་དགུན་ས་གང་ཚོད་ཞིག་རེད།
ལམ་འགྲོ་ཀ་བ།གདོང་འདིའི་ཕག་ལ་སླེབས་དུས་ལམ་ཆུང་ཞིག་ཡོད།དེ་དེད་ནས་སོང་ནས་ཐུག་པའི་རུ་སྐོར་དང་པོ་རེད། ལམ་འགྲོ་ཀ་བས་མཛུབ་མོས་རང་གི་རྒྱབ་ལོགས་ཀྱི་ཕྱོགས་ལ་བསྟན།
དགེ་རྒན། ང་ས་མ་རུབ་གོང་ལ་ཐོན་ཐུབ་རྒྱུ་ཨེ་རེད།
ལམ་འགྲོ་ཀ་བ།ཕར་ཆེར་ཐུབ་རྒྱུ་རེད།ཐག་རིང་རྒྱུ་མེད།
དགེ་རྒན། ཡ།ཁ་དྲོ།
དགེ་རྒན་མུ་མཐུད་དུ་མདུན་དུ་ཕྱིན་ཞིང་རྗེས་ནས་སྦག་འཁོར་གྱི་སྒྲ་དེ་རིང་དུ་ཕྱིན།དགེ་རྒན་གྱི་གཟུགས་རིས་གདོང་མགོ་ནས་ཕག་ལ་ཡལ།
                               ༦
ཕྱིའི་བརྙན།  གཞུང་ལམ་ཁ། ཉིན་གུང་ཡོལ་རྗེས།
ལམ་སྟེགས་ཀྱི་མཐོ་ས་ན་དགེ་རྒན་གྱི་གོམ་འགྲོས་ནི་ཧ་ཅང་བྲེལ་ལ་ཐང་ཆད་པའི་དབུགས་རིང་ཡང་ཧ་ཅང་གསལ།གློ་བུར་དུ་གོམ་པ་སྤོ་མཚམས་ཆད་ཅིང་།གོམ་ཁ་ཕར་ལ་འཁོར།དེ་ནས་ལམ་ཁ་ནས་མར་བབས་པས་རིམ་གྱིས་རིམ་གྱིས་བརྙན་གྱིས་ཞོལ་ནས་ཡལ།
བརྙན་ལམ་ཁ་ནས་མར་བསྟན་དུས་དགེ་རྒན་དམའ་ས་ན་རྐང་ལམ་ཞིག་དེད་དེ་འགྲོ་བཞིན་ཡོད་ལ་བརྙན་ཡར་ལ་བཀྱགས་དུས་རྐང་ལམ་ཀྱ་མ་ཀྱོག་དེ་ཉི་ནུབ་ལ་གཏད་ཡོད།
                              ༧
ཕྱིའི་བརྙན།  ཉག་ཁ།  ཕྱི་དྲོར་ཉེ་དུས། 
དགེ་རྒན་དབུགས་ཧལ་བཞིན་བརྙན་གྱི་གཤམ་ནས་ཡར་མངོན་ཡོང་ལ་རིམ་གྱིས་གཟུགས་པོ་ཡོངས་རྫོགས་ཤར།དེ་ནས་ལག་པ་པུས་མོར་ཁེན་ནས་ངལ་གསོས་ཞིང་།དབུགས་ཁ་འཇམ་རྗེས་ཁོར་ཡུག་ཚང་མ་ལྷིང་འཇགས་སེར་འདུག དལ་བུར་མགོ་བཏེགས་ནས་མདུན་ལ་བལྟས་དུས།གདོང་ལ་སྲོད་ཁའི་ཉི་མ་ཤར་ནས་སེར་ལམ་མེར་ཡོད་ལ། མདུན་ཕྱོགས་ནི་རུ་བ་དང་ཕྱུགས་ཟོག་གང་ཡང་མེད་པའི་སྤང་ཐང་ཡངས་པོ་ཞིག་ཡིན་ལ་ཉི་མ་ནི་ཕར་ངོས་ཀྱི་རི་བོ་དམའ་མོ་ཚོའི་ཕྲག་པར་ཡལ་ལ་ཉེ།ལམ་ཕྲན་གྱི་སྣེ་ལ་བལྟས་དུས་དེ་ནི་ཚུར་ངོས་ཀྱི་རི་རྩ་ནས་ཡར་ལ་འཐེན་ཡོད་ལ་མི་གཅིག་གི་འགྲོ་འོང་ཡང་མེད།
དགེ་རྒན་རི་ངོས་ནས་ཐུར་ལ་ཕྱིན་ཞིང་རྐང་རྗེས་ནས་ས་རྡུལ་ཞིག་འཕྱུར་ཡོང་།
                              ༨
ཕྱིའི་བརྙན། རི་སྡེའི་མཐའ། ཉི་ནུབ་ཀྱི་དུས།
མི་རིང་ས་ན་ཕྱུགས་ཟོག་ཁྱུ་ཞིག་ཡོད་ཅིང་ཉི་ནུབ་ཟེར་མས་སྤུད་པའི་སྤུ་རྩེ་དག་ནི་འོད་ལམ་མེར་འདུག དགེ་རྒན་གྱིས་ལག་པ་པུས་མོར་ཁེན་ནས་ངལ་ཞིག་གསོས་ལ་ཕྱུགས་ཟོག་གི་རྒྱབ་ནས་གཡག་ཞོན་པའི་རྒན་པོ་ལོ་ཚོད་ཅུང་མཐོ་བ་ཞིག་བུད་ཡོང།
དགེ་རྒན། ཨ་རོ།
རྒན་པོ། ཨོ།
དགེ་རྒན། སྡེ་བ་འདི་རྭ་སྐོར་ཨེ་རེད།
རྒན་པོ། རེད། ཁྱོད་སུ་ཡིན།
དགེ་རྒན། ང་སློབ་གྲྭའི་དགེ་རྒན་ཞིག་ཡིན། ང་རྭ་སྐོར་ཐུབ་བསྟན་ཚང་ལ་ཅིག་འགྲོ་དགོས།
རྒན་པོ། ཧ་བོ།ཡང་སློབ་མ་བཙལ་གི་འགྲོ་ནས།དེ་ཚང་ད་དུང་ཐག་རིང་ནི་རེད།ལུང་བ་གན་གི་ཕུ་ན་ཡོད་ནི་རེད། ཁྱོད་ས་རུབ་སེ་ཐོན་རྒྱུ་མ་རེད།ཁྱོད་ངེད་ཚང་ལ་སོང་ནས་ཇ་ཞིག་འཐུང་དང་།ངེད་ཀའི་བུ་རྫོང་ལ་སོང་ན་ཐོན་ལ་ཡོད་ནི་རེད།ཁོས་ཁྱོད་ལ་རོགས་བྱེད་ནི་རེད།
དགེ་རྒན། ད་མི་དགོས་གི ང་ཁེར་བུར་འགྲོ་ཐུབ་གི
རྒན་པོ། ཁྱེད་གཉིས་ཀའི་སྦག་འཁོར་ཞོན་ནས་སོང་ན་ད་ཐོན་འགྲོ་ནི་རེད།
དགེ་རྒན། ད་མི་དགོས་གི། ཁ་དྲོ།
རྒན་པོ། དགེ་རྒན། དེ་ན་ལམ་ནས་ཁྱི་ལ་སེམས་ཆུང་བྱོས།
དགེ་རྒན་གོམ་པ་མྱུར་མོས་མདུན་དུ་ཕྱིན་ཞིང་རྒྱབ་གཟུགས་ལ་ཉི་མ་ཕོག་པས་ལུས་ཀྱི་མཐའ་ནས་འོད་འགྱེད་པ་དང་གཉིས་སུ་མ་མཆིས། རྒན་པོ་ནི་གཡག་གི་གོང་ནས་ཉི་མར་ཁ་གཏད་ཅིང་དགེ་རྒན་གྱི་ཕྱོགས་སུ་ཧད་ཡོད་ལ།མིག་ལས་སེམས་ཁུར་གྱི་མདངས་ཤིག་མངོན་ཡོང་། ཟོག་གི་ངུར་སྒྲ་ནི་རིམ་གྱིས་མཐོ་རུ་ཕྱིན།བརྙན་རིམ་གྱིས་ནག་པོར་གྱུར།
                                   ༩
བརྙན་སྒོ་ཕྱེ་དུས།ས་རུབ་ཡོད་ཅིང་།ཐག་རིང་གི་རི་རྩའི་ཁྱིམ་ཚང་མང་པོའི་སྒེའུ་ཁུང་ངམ་སྦྲའི་གསེང་ནས་གློག་འོད་རབ་རིབ་རེ་འཕྲོས་ཡོང་ལ་ཁྱི་སྐད་གསལ་ལ་མི་གསལ་བ་རེ་གྲགས་ཡོང་།
བརྙན་སྒོ་རུ་ཉེ་ས་ཤར་དུས།འདི་ནི་གཤམ་ན་དར་ཆགས་ཡོད་པའི་ཆུ་བོ་ཞིག་ཡིན་ལ་ཆུ་བོའི་གྲམ་པ་ནི་མཐོ་ཞིང་གཟར། བརྙན་རིམ་གྱིས་མཐོ་རུ་བཏེགས་ནས་གད་ཁར་གཏད་དུས་ནམ་མཁའི་སྐྱ་འོད་ཀྱི་ངོས་སུ་དགེ་རྒན་དབུགས་ཧལ་ཧལ་གྱིས་ཕར་འགྲོ་བཞིན་པའི་གྲིབ་གཟུགས་ཤར་ཡོང་།
བརྙན་ཁོའི་དྲང་ཐད་ལ་བཙུགས་ཤིང་།ཁོའི་ལུས་པོ་ཕྱེད་ཀ་ཤར་བཞིན་འགྲོས་དང་བསྟུན་ནས་ཕྱིན།ཁོའི་རྒྱབ་གཟུགས་ཕྱི་རོལ་ནི་ནག་རོག་རོག་གི་རི་བོ་དང་དེའི་ཀླད་ནི་སྐར་མ་ཁྲ་རབ་བེར་མངོན་པའི་ནམ་མཁའ་སྐྱ་བོ་ཞིག་ཡིན། ཁོའི་དབུགས་ཀྱི་ལེན་སྟངས་ལ་ཉན་ན་སེམས་འཚབ་པའི་ཉམས་མངོན་ཡོང་།
བརྙན་དམའ་སར་བཙུགས་ཤིང་རྐང་བའི་འགྲོས་དང་བསྟུན་ནས་མདུན་ལ་ཕྱིན།ཁོའི་རྐང་བའི་ཐད་ནས་གྲོག་རོང་གཟར་བོ་ཞིག་མངོན་ཡོང་།ཁོ་བསྐོར་ནས་འགྲོ་འདོད་བྱུང་།
 གྲོག་ཤུར་དེ་ནི་ཅུང་ཙམ་གཟར་ལ་འགོ་བསྐོར་ནས་མ་སོང་ན་བརྒལ་ཐབས་མེད།ཁོ་གྲོག་ཤུར་ཀྱི་ཁ་བརྒྱུད་ནས་སོང་དུས་གློ་བུར་དུ་གད་པ་ཆད།
དགེ་རྒན། ཨ།
ལག་པས་གད་ཁའི་ས་ཅུང་ཟད་ཟིན་ཞིང་དེ་ལ་འཇུས་ནས་ཡར་ཡོང་འདོད་སྐྱེས་མོད།ཅི་འདྲ་འཕགས་ཀྱང་ཡར་ཡོང་མ་ཐུབ་པ་མ་ཟད་ས་རྡུལ་ཉིལ་ལེར་གྲོག་ཤུར་གྱི་ནང་ལ་ལྷུང་།
བརྙན་ཁོ་དང་རྒྱང་རིང་སར་བཙུགས།ཁོ་གད་ངོས་ནས་མར་འགྲིལ་བ་མཐོང་།ཁོས་ཨག་རིང་གྲོག་ཤུར་ལ་བྲག་ཅར་འཁོར་བ་ཞིག་བཏབ།
                               ༡༠

ཁོས་ཨག་རིང་ཞིག་བཏབས་ཅིང་མལ་ས་ནས་ཤར་སེར་མགོ་བཀྱགས།དབུགས་མྱུར་བར་བླངས་ཤིང་ཐོད་པ་ནས་རྔུལ་ཆུ་འཛུམ་ཡོང་།སྙིང་ཤོར་བའི་ངོ་ནི་ད་དུང་བདེ་ལ་འབབ་ཐུབ་མེད་ལ།བྲེལ་འཚུབ་ངང་ཡར་མར་ལ་བལྟས་དུས།རང་ཉིད་མལ་ཁྲི་ན་ཡོད་ཅིང་། ཁོའི་དབུགས་རིང་ཞིག་ཕྱུངས་ཤིང་ཁྱིམ་ལ་ཅིག་བལྟས་དུས་ད་དུང་འགྱུར་བ་གང་ཡང་བྱུང་མེད་པར་ཉི་ཐིག་སེར་ལམ་མེར་རང་ཁྱིམ་ལ་ཕོག་ཡོད།
སློབ་མ་ཀ་བ།   དགེ་རྒན་ལགས། (ཕྱིའི་སྒྲ།)  
དགེ་རྒན་གྱིས་སྐད་དེ་གོ་མ་ཐག་མྱུར་བར་མལ་ས་ནས་བབས་ཤིང་མལ་ཁྲི་རྐུབ་སྟེགས་སུ་བཅོས་ནས་རང་གི་གདོང་དང་སྐྲ་ལ་བྱིལ་བྱིལ་ཞིག་བྱས་ཤིང་མིག་སྐྱག་བཀྲད།
དགེ་རྒན།  ནང་ལ་ཤོག
སློབ་མ་ཅུང་ཙམ་དོགས་པའི་ཚུལ་གྱིས་ནང་ལ་འཛུལ་ཡོང་།
སློབ་མ་ཀ་བ། དགེ་རྒན། ལས་བྱས་བཅོས་ཚར་སོང་།
དགེ་རྒན། ག་རེ།
སློབ་མ་ཀ་བས་ལས་བྱ་ལག་གཉིས་ཀྱིས་དགེ་རྒན་ལ་གཏད་ཅིང་དགེ་རྒན་གྱིས་དེ་བསློགས་ཞོར་དུ།
དགེ་རྒན།  འགྲིག་གི   ཨིན།  ཡུལ་ལ་ནམ་འགྲོ་རྒྱུ།
སློབ་མ་ཀ་བ། གསབ་ཁྲིད་ཚར་སེ་མི་འགྲོ།  ཅུང་ཡ་མཚན་པའི་ངང་།
དགེ་རྒན་ཁོའི་གདོང་ལ་བལྟས་ནས་འཛུམ་ཙམ་བྱས་ཤིང་ལས་བྱ་ཕར་སྤྲད་ཅིང་།མལ་སའི་རྐུབ་ནས་ཤོག་སྒམ་ཞིག་བཏོན་ཞིང་ནང་ནས་ཤིང་ཏོག་གཉིས་བླངས་ནས་སློབ་མར་སྤྲད།
དགེ་རྒན། ད་སོང་དང་ཆོག
སློབ་མའི་ཤིང་ཏོག་གཉིས་པོ་ལག་པར་བཟུང་ནས་གདོང་ལ་འཛུམ་ཞིག་མངོན་ཞིང་ཁ་ཕྱིར་འཁོར་ལ།སྒོ་ཕྱེ་ནས་ཕྱི་རུ་ཐོན།
བརྙན་སྒོ་དྲང་ཐད་ནས་དགེ་རྒན་ལ་བཙུགས་ཤིང་།ཁོང་གི་གདོང་ནི་ད་སོ་མའི་འཚབ་སྣང་ལས་གྲོལ་ནས་ལྷོད་སྣང་ཞིག་ཤར་འདུག་ལ།ལྷོད་ལ་བབས་པའི་འཛུམ་ཡང་ལྷུག་པར་གྲོལ།ཁོའི་རྒྱབ་ལོགས་ཀྱི་གྱང་ངོས་ན་བཀལ་ཡོད་པའི་འཇམ་པའི་དབྱངས་ཀྱི་ཐང་ཀ་དེ་ཤར་ཡོང་ཞིང་བརྙན་རིས་རིམ་ཀྱིས་ནག་པོར་གྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན་ཐུང་ངུ༼ཤེས་རབ་ཀྱི་འཛུམ་མདངས༽དང་དེའི་འཁྲབ་གཞུང་སོགས།

2011-03-08 གཡག་བུ་དཔལ་རྩལ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།